ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་པ་ཆེན་པོ་མཆོག་དགོངས་པ་ཇི་ལྟར་རྫོགས་སམ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་ཀྱི་སྐད་ཡིག་ཉིན་མོ་སྲུང་བརྩིའི་སྐབས་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་མཁས་པའི་གསུང་བཤད་ལས་རིམ་ཞིག་དེ་རིང་ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༢༨ ཉིན་རྡ་ས་ས་གནས་འགོ་འཛིན་ཚོགས་ཁང་དུ་གོ་སྒྲིག་གནང་སོང་ཞིང་། སྐབས་དེར་མཁས་པ་རྣམ་པས་པཎ་ཆེན་སྐུ་འཕྲེང་བཅུ་པ་ཆེན་པོ་མཆོག་དགོངས་པ་ཇི་ལྟར་རྫོགས་ཚུལ་སྐོར་ལ་གསལ་བཤད་གནང་སོང་། །





