Tibetan
རྒྱ་གར་བོད་རིག་པ་བས་“རྒྱ་གར་གྱིས་བོད་ཀྱི་གནད་དོན་གཙིགས་ཆེར་ངོས་འཛིན་དགོས།“ཞེས་གསུངས།
“རྒྱ་དཀར་ནག་དབར་གྱི་གནད་དོན་གལ་ཆེན་རིགས་ལ་བོད་ཀྱི་གནད་དོན་གླེང་སློང་དགོས་པ་རེད།”
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ།
ཨ་རི་དང་རྒྱལ་སྤྱིའི་ཚོགས་སྡེ་ཁང་གིས་མཆོག་སྤྲུལ་རྡོ་རྗེ་བརྟན་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པའི་དགོས་འདུན་བཏོན་པ།
དཔལ་ལྡན་ཚོགས་གཙོ་མཆོག་གིས་རྒྱ་གར་ན་གཞོན་ཉམས་ཞིབ་པ་ཁག་ཅིག་དང་ཐུག་འཕྲད་ཀྱིས་བོད་ཀྱི་ས་ཁམས་ཆབ་སྲིད་དང་། ཁོར་ཡུག་གི་གལ་གནད་སྐོར་ལ་ངོ་སྤྲོད་གནང་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༧ ཉིན་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བརྒྱད་པའི་ཐོག་ཕེབས་པའི་ཉམས་ཞིབ་པ་རྣམས་དང་ལྷན་ཐུག་འཕྲད་གནང་སོང་། སྐབས་དེར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ཉམས་ཞིབ་པས་སྣེ་ཁྲིད་འོག རྒྱ་གར་ན་གཞོན་བོད་རིག་པའི་ཚོགས་འདུར་བཅར་མཁན་རྒྱ་གར་གཞོན་སྐྱེས་ཤེས་ཡོན་མི་སྣ་དང་ཉམས་ཞིབ་པ་གྲངས་ ༢༩ ཕེབས་འདུག སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོ་བོ་གསུངས་དོན། བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་ལ་སློབ་སྦྱོང་བྱ་རྒྱུ་ཙམ་མ་ཡིན་པར། ཨེ་ཤི་ཡའི་གླིང་ཆེན་དང་། ལྷག་པར་དུ་རྒྱ་གར་རྒྱལ་ཁབ་ལ་བོད་ཀྱི་ས་ཁམས་ཆབ་སྲིད་དང་། ས་བབ་ཆགས་ཡུལ། བདེ་འཇགས། ཁོར་ཡུག་བཅས་ཇི་ཙམ་གལ་གནད་ཆགས་ཀྱི་ཡོད་པའི་ཐོག་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་ཅིང་། བོད་ཀྱི་ས་བབ་ཆགས་ཡུལ་དང་། ཨེ་ཤི་ཡའི་མི་མང་ས་ཡ་མང་པོའི་ཚེ་སྲོག་དང་འབྲེལ་བའི་ཆུ་བོའི་འབྱུང་ཁུངས་ཡིན་པའི་ཆ་ནས། བོད་ནང་འགྲོ་བཞིན་པའི་འགྱུར་བ་དེ་དག་གིས་བོད་ཙམ་མ་ཡིན་པར་རྒྱལ་ཁབ་མང་པོ་ཞིག་ལ་གནོད་སྐྱོན་ཤུགས་ཆེ་བྱུང་ཉེན་ཡོད། ཉེ་ཆར་རྒྱ་ནག་དམར་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་ལག་བསྟར་བྱས་པ་དེར་ཐུགས་འཚབ་དང་འབྲེལ། ཁྲིམས་ཡིག་དེ་ལྟ་བུས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་འགྲོ་རྒྱུར་ཉེན་ཁ་ཆེན་པོ་བཟོས་ཡོད་ཅིང་། དེ་ཡང་ཁྲིམས་ཡིག་དེ་ནི་རྒྱ་ནག་དམར་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ཐབས་ལམ་མང་པོ་ལག་བསྟར་བྱེད་བཞིན་པའི་ནང་ནས་ཆ་ཤས་གཅིག་ཆགས་ཀྱི་ཡོད་སྐོར་གསུངས། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་འབྲེལ་གསུངས་དོན། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་ཚོད་འཛིན། དད་པ་ནག་ཉེས་སུ་བརྩི་བ། དངོས་ཡོད་གནས་ཚུལ་བཀག་སྡོམ་དང་ལོག་འགྲེལ། འཛུགས་བསྐྲུན་ཡར་རྒྱས་ལ་བསྙད་ནས་དྲང་བདེན་མིན་པའི་བྱ་སྤྱོད་སྤེལ་བཞིན་ཡོད་པ་སོགས་རྒྱ་ནག་དམར་གཞུང་གིས་བཙན་བཟུང་འོག ད་ལྟའི་གནས་སྐབས་སུ་བོད་འདི་ལོ་རྒྱུས་ནང་ཆེས་དཀའ་ངལ་ཆེ་ཤོས་ཀྱི་གནས་སྐབས་ཤིག་ལ་ལྷུངས་ཡོད་སྐོར་གསུངས། གཞན་ཡང་བོད་མི་ཚོས་འཇིགས་སླ་བའི་མཐོ་སྒང་བོད་ཀྱི་རང་བྱུང་ཁོར་ཡུག་ལ་བདག་གཅེས་བྱེད་ཀྱི་ཡོད་པའི་སྐོར་དང་། ན་གཞོན་ཤེས་ཡོན་ཅན་རྣམ་པས་ཉམས་ཞིབ་གནང་སྐབས་དཔེ་དེབ་དང་ཡིག་ཆ་ཁོ་ནར་གཟིགས་པ་ཙམ་མ་ཡིན་པར། རྒྱ་དམར་གྱིས་བོད་ས་བཙན་བཟུང་མ་བྱས་གོང་དང་། བྱས་ཟིན་པའི་རྗེས་ཀྱི་བོད་པའི་སྤྱི་ཚོགས་གནས་སྟངས་དངོས་སུ་རྒྱུད་མྱོང་བའི་མི་སྣ་རྣམས་དང་ལྷན་འབྲེལ་ལམ་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་། མཐར་དཔལ་ལྡན་ཚོགས་གཙོ་མཆོག་གིས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་།...
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སུད་སིའི་ཛུ་རིག་གནམ་ཐང་དུ་ཕེབས་འབྱོར་བྱུང་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སུད་སི་དང་། ཅེག་སྤྱི་མཐུན་རྒྱལ་ཁབ། ཇར་མ་ནི་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་འགོ་བཙུགས་པ་ལྟར། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༠༨ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་སུད་སིའི་ཛུ་རིག་གནམ་ཐང་དུ་ཕེབས་འབྱོར་གནང་ཡོད་ཅིང་། སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་དང་། སུད་སི་བོད་རིགས་ཚོགས་པའི་ཚོགས་གཙོ། དེ་བཞིན་ས་གནས་བོད་མིའི་ཚོགས་སྡེ་ཁག་དང་མི་མང་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།དེ་ཡང་སུད་སིར་གཞུང་འབྲེལ་འཚམས་གཟིགས་རིང་དཔལ་ལྡན་སྲིད་སྐྱོང་མཆོག་འབྲེལ་ཆགས་ཁག་གཅིག་དང་ལྷན་ཚོགས་འདུ་རིམ་པ་ཚོགས་རྒྱུ་དང་། ས་གནས་བོད་མི་མང་ཚོགས་དང་མཇལ་འཕྲད། བོད་པའི་གཞོན་སྐྱེས་དང་ལྷན་བཀའ་མོལ་གནང་རྒྱུ་ཡིན་པ་རེད། སུད་སིའི་མཛད་རིམ་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ ༢༠༠༠ གླེང་སྟེགས་ཀྱི་ཚོགས་ཆེན་ཐེངས་ ༣༠ པའི་ཐོག་ཕེབས་ཞུགས་གནང་རྒྱུ་དང་། དེ་རྗེས་ཇར་མ་ནིར་གཞུང་འབྲེལ་ལས་དོན་མུ་མཐུད་གནང་རྒྱུ་ཡིན་པ་རེད།ཐེངས་འདིའི་དཔལ་ལྡན་སྲིད་སྐྱོང་མཆོག་གི་རྒྱལ་ཁབ་གསུམ་དུ་གཞུང་འབྲེལ་འཚམས་གཟིགས་དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་རྒྱལ་སྤྱིའི་འབྲེལ་ལམ་རྒྱ་སྐྱེད་གཏོང་རྒྱུའི་ལས་རིམ་གྱི་ཆ་ཤས་ཤིག་ཡིན་ཞིང་། དེའི་དམིགས་ཡུལ་གཙོ་བོ་ནི་ཆབ་སྲིད་དབུ་ཁྲིད་དང་། སྲིད་བྱུས་གཏན་འབེབས་གནང་མཁན། སྤྱི་ཚོགས་ལས་འགུལ་ཚོགས་པ། ཡུ་རོབ་ཀྱི་འབྲེལ་ཆགས་མི་སྣ་བཅས་ལ་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སྐོར་གོ་རྟོགས་སྤེལ་རྒྱུ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་མཉམ་ལས་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན་པ་བཅས།།
འཐབ་རྩོད་གཉིས།
བཙན་བྱོལ་དུ་གནས་པའི་བོད་མི་ཚོས་འཐབ་རྩོད་བྱ་དགོས་པ་གཉིས་ཡོད། དེ་གཉིས་ཕན་ཚུན་མཉམ་གཤིབ་ཏུ་སྐྱོད་བཞིན་ཡོད་མོད་ཀྱང་ངོ་བོ་གཅིག་མ་རེད། གཅིག་ནི་ཡུན་རིང་ནས་སྙིང་དུ་བཅངས་པའི་རེ་བ་སྟེ། ཉིན་གཅིག་རང་ཡུལ་དུ་ལོག་ནས་རང་དབང་གི་དཔལ་ལ་ལོངས་སུ་སྤྱོད་རྒྱུ་དེ་རེད། The post འཐབ་རྩོད་གཉིས། appeared first on བོད་ཀྱི་དུས་བབ།.
བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་ཨིན་ཡུལ་ནང་པའི་ཚོགས་པ་ནས་ཁེ་རི་སི་མཱ་སི་ ཧམ་ཕི་རེ་སི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་བཤད་...
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ ༡༠ ཚེས་ ༧ ཉིན་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་༸སྐུའི་གཅུང་མོ་གངས་ཅན་བོད་ཀྱི་ཨ་མ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བོད་པའི་སྤྱི་ཚོགས་སྤྱི་དང་། བྱེ་བྲག་ཏུ་བོད་ཕྲུག་རྣམས་ལ་གནའ་དེང་གི་ཤེས་ཡོན་སྦྱོར་སྤྲོད་གནང་བ་སོགས་ཀྱི་ཞབས་འདེགས་གཟེངས་སུ་ཐོན་པའི་མཛད་འཕྲིན་རླབས་ཆེན་བསྐྱངས་པར། ཨིན་ཡུལ་ནང་པའི་ཚོགས་པ་ནས་ཁེ་རི་སི་མཱ་སི་ ཧམ་ཕི་རེ་སི་ (Christmas Humphreys Award) ཞེས་པའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་འདུག སྐབས་དེའི་མཛད་སྒོའི་ཐོག་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་། དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག དཔལ་ལྡན་སྲིད་ཚབ་བདེ་སྲུང་བཀའ་བློན་ཀུན་དགའ་བཀྲ་ཤིས་མཆོག དཔལ་ལྡན་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག དཔལ་ལྡན་ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་མཆོག དཔལ་ལྡན་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག དཔལ་ལྡན་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་དང་། སྤྱི་འཐུས་ཟླ་བ་ཚེ་རིང་ལགས། སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་ལགས། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས། སྤྱི་འཐུས་མགོན་པོ་དོན་གྲུབ་ལགས། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་རྣམ་པ། གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་སྐུ་ཚབ་རྣམ་པ། ཨིན་ཡུལ་ནང་པའི་ཚོགས་པའི་ཚོགས་གཙོ་སྨན་པ་ཌེ་སི་མོན་ཌ་བྷི་ཌལ་ཕེ་ (Dr. Desmond Biddulph CBE) ལགས། ཨིན་ཡུལ་ནང་པའི་ཚོགས་པའི་སློབ་སྟོན་པ་ལྕམ་སྐུ་ཌར་སི་...
ནོ་བྷེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།
འདི་ལོའི་ནོ་བྷེལ་རྫས་འགྱུར་རིག་པའི་གཟེངས་རྟགས་དེ། འདུས་རྡུལ་གྱི་མེ་ལོང་གཟུགས་བརྙན་ལ་ཞིབ་འཇུག་བྱེད་མཁན་ཧྥ་རན་སི་དང་ཉི་ཧོང་གི་ཆེད་མཁས་པ་གཉིས་ལ་ཐོབ་ཡོད་འདུག The post ནོ་བྷེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས། appeared first on བོད་ཀྱི་དུས་བབ།.
མོན་གྷོ་སམ་བྷོ་ཊ་གཏན་ཉིན་སློབ་གྲྭར་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་སློབ་ཁག་དྲུག་དབར་རྩོམ་རིག་དང་རིག་གཞུང་འདུ་འཛོམས་ལེགས་གྲུབ་བྱུང་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་བ་ ༡༠ ཚེས་ ༠༦ ནས་ ༠༨ བར་ཉིན་གསུམ་རིང་མོན་གྷོ་སམ་བྷོ་ཊ་གཏན་ཉིན་སློབ་གྲྭར་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་སློབ་ཁག་དྲུག་དབར་རྩོམ་རིག་དང་རིག་གཞུང་འདུ་འཛོམས་གོ་སྒྲིག་གནང་ཡོད་ཅིང་། དབུ་འབྱེད་མཛད་སྒོར་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་དང་། ཤེས་རིག་ཤེས་ཡོན་ཚན་པ་དང་མདུན་ལམ་ཚན་པའི་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགས་གཙོས་པས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་སློབ་གྲྭ་ཁག་དྲུག་ནས་དགེ་རྒན་གྲངས་བཅུ་གཉིས་དང་། སློབ་མ་གྲངས་ ༡༤༤ མཉམ་ཞུགས་གནང་ཡོད། དེ་ཡང་རྩོམ་རིག་དང་རིག་གཞུང་འདུ་འཛོམས་ཀྱི་དམིགས་ཡུལ་ནི། འཆམ་མཐུན་དང་གུ་ཡངས་ཀྱི་ཐོག་ནས་ལེགས་ཆ་ལེན་རེས་དང་། ཉམས་མྱོང་བརྗེ་ལེན། གོ་རྟོགས་དང་བསམ་ཚུལ་བརྗེ་ལེན་བཅས་ཀྱི་སྒོ་ནས་སློབ་ཕྲུག་རྣམས་ཀྱི་རྩོམ་རིག་དང་རིག་གཞུང་གི་སྒྱུ་རྩལ་ཡར་རྒྱས་གོང་མཐོར་གཏོང་ཐབས་དང་། སློབ་གྲྭ་ཕན་ཚུན་དབར་ཉམས་མྱོང་བརྗེ་རེས་ཀྱི་སྡིངས་ཆ་བསྐྲུན་པ་བརྒྱུད་སློབ་ཕྲུག་རང་ཉིད་ཀྱི་རིག་རྩལ་དང་འཇོན་ནུས་གོང་སྤེལ་གཏོང་ཐབས་བཅས་ཡིན།དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་གིས། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་སློབ་ཁག་དྲུག་དབར་རྩོམ་རིག་དང་རིག་གཞུང་འདུ་འཛོམས་གོ་སྒྲིག་གནང་བའི་དགོས་དམིགས་ངོ་སྤྲོད་གནང་བ་དང་། འདི་ལོའི་གོ་སྒྲིག་གནང་མཁན་གྱི་སློབ་གྲྭའི་སློབ་སྤྱི་དང་དགེ་ལས་ཡོངས་ལ་གོ་སྒྲིག་ཡག་པོ་གནང་བར་བསྔགས་བརྗོད་དང་། དེ་བཞིན་བྱེད་སྒོ་ཁག་གི་གཙོ་སྐྱོང་དང་མདོ་འཛིན་པ། སྣེ་ཁྲིད། སྟངས་འཛིན་བཅས་སློབ་མ་ཁོ་ནས་གནང་བ་དང་། མཉམ་ཞུགས་གནང་མཁན་སློབ་མ་རྣམས་ཀྱི་གཏམ་བཤད་དང་སྙན་ངག་སོགས་སློབ་མ་རང་ཉིད་ནས་བྲིས་པ་དང་གྲ་སྒྲིག་གནང་བར་ཤེས་རིག་ལས་ཁུངས་ནས་དེ་ནི་གལ་ཆེན་ཞིག་ཏུ་ངོས་འཛིན་ཡི་རང་བསྔགས་བརྗོད་གནང་ཡོད། དེ་རྗེས་ཤེས་རིག་ཤེས་ཡོན་དང་མདུན་ལམ་ཚན་པའི་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགས་ནས། འདུ་འཛོམས་ཀྱི་དམིགས་ཡུལ་ནི་སློབ་གྲྭ་ནང་ཁུལ་དང་སློབ་ཕྲུག་ནང་ཁུལ་དབར་འགྲན་བསྡུར་དང་འགྲན་རྩོད་བྱ་རྒྱུའི་ཆེད་མིན་པར་འཆམ་མཐུན་དང་གུ་ཡངས་ཀྱི་ཐོག་ནས་ལེགས་ཆ་ལེན་རེས་དང་། ཉམས་མྱོང་བརྗེ་ལེན། གོ་རྟོགས་དང་བསམ་ཚུལ་བརྗེ་ལེན་གང་ཐུབ་གནང་རྒྱུའི་ཆེད་ཡིན་པར་བརྟེན་སློབ་ཕྲུག་རྣམས་ལ་ཕན་ཚུན་ངོ་ཤེས་ཡོང་ཐབས་དང་། ཉམས་མྱོང་བརྗེ་ལེན། ཤེས་ཡོན་བརྗེ་ལེན་ཡོང་ཐབས་གནང་དགོས་སྐོར་གསུངས།དེ་བཞིན་མཛད་རིམ་བཞིའི་གཟུ་དཔང་གི་སྐུ་ཚབ་རྣམས་ནས་མཉམ་ཞུགས་སློབ་ཕྲུག་རྣམས་ནས་གྲ་སྒྲིག་ཡག་པོ་གནང་ཡོད་པ་དང་། གདེང་སྤོབས་ཆེན་པོའི་ངང་ནས་གཏམ་བཤད་དང་སྙན་ངག་གྱེར་འདོན་གནང་བ་ལ་བསྔགས་བརྗོད་གནང་སོང་། འདུ་འཛོམས་ཐོག་བརྗོད་གཞི་འདྲ་མིན་ཐོག་བོད་སྐད་བགྲོ་གླེང་དང་སྙན་ངག་གྱེར་འདོན། གཏམ་བརྗོད་བཅས་འཁྲབ་སྟོན་གནང་ཡོད། འདུ་འཛོམས་འདིའི་བརྒྱུད་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་སློབ་ཁག་དྲུག་གི་སྐུ་ཚབ་སློབ་མ་གྲངས་ ༥༤ ལ་བྱེད་སྒོ་ཁག་མི་འདྲ་བ་གསུམ་ནང་མཉམ་ཞུགས་གནང་སྟེ་ཉམས་མྱོང་དང་བློ་སྐྱེད་གསར་པ། ...
“རྒྱ་གཞུང་གི་མིག་ནང་ཚེར་མ་ལྟར་གྱུར་ཡོད་པ་ནི་བོད་ཀྱི་གཞོན་ལྷན་གྱི་བྱས་རྗེས་རེད།”
རྒྱ་ནག་གཞུང་གི་མིག་ནང་གི་ཚེར་མ་ལྟ་བུར་གྱུར་ཡོད་པ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱས་རྗེས་ཡིན་ཞེས་གསུང་གི་འདུག
རིག་གནས་གསར་བརྗེའི་སྐབས་ཀྱི་བོད་དང་བོད་མི།
ལོ་ངོ་ ༦༠ ཡི་སྔོན་རིག་གནས་གསར་བརྗེའི་ལས་འགུལ་འདིས་བོད་ཀྱི་དགོན་པ་དང་བོད་མི་སྒེར་སོ་སོར་གཏོར་བཤིག་ཕོག་པ།
བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་དབྱིན་ཡུལ་ནང་པའི་ཚོགས་པས་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་བཞེས།
དེ་རིང་ The Buddhist Society ཞེས་དབྱིན་ཡུལ་ནང་པའི་ཚོགས་པས། ༸སྐུའི་གཅུང་མོ་གངས་ལྗོངས་བོད་ཀྱི་ཨ་མ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་སྐུ་ཚེ་ཧྲིལ་པོ་བོད་མི་སྤྱི་དང་། ལྷག་པར་བོད་ཕྲུག་རྣམས་ལ་གནའ་གདེང་ཤེས་ཡོན་སྦྱོར་སྤྲོད་སོགས་ཀྱི་ཞབས་འདེགས་གཟེངས་སུ་ཐོན་པའི་མཛད་འཕྲིན་རླབས་ཆེན་བསྐྱངས་པར་ཆེ་བསྟོད་སླད། Christmas Humphreys Award ཞེས་པའི་གཟེངས་རྟགས་འབུལ་བཞེས་གནང་སོང་བ་དང་། སྐབས་དེར་ཨ་མ་རྗེ་བཙུན་པདྨ་མཆོག་གིས་བོད་ཕྲུག་ཁྱིམ་སྡེ་གཙོས་སྐུ་ཉིད་ཀྱི་ཕྱག་ལས་གང་གནང་བ་དག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ནན་བརྗོད་དང་འབྲེལ། བཙན་བྱོལ་བོད་མི་ཐོག་མཐའ་བར་གསུམ་ནས་ཕྱག་ལས་ཇི་འདྲ་ཞིག་གནང་རུང་སྤྱི་བ་མདུན་ལ་བཞག་རྒྱུ་གལ་ཆེ་ཡིན་པའི་ཞུ་སྐུལ་གནང་སོང་། དེ་ཡང་དེ་རིང་ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༡༠ ཚེས་ ༧ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ། སློབ་གྲྭའི་སློབ་མ་དང་དགེ་ལས་རྣམས་ཀྱིས་ཨ་མ་རྗེ་བཙུན་པདྨ་མཆོག་གི་སྐུ་ཚེ་ཧྲིལ་པོའི་ཕྱག་ལས་ལ་ཆེ་བསྟོད་ཀྱིས་གླུ་གཞས་ཁྲོད་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེ་ཉིད་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཨ་མ་རྗེ་བཙུན་པདྨ་མཆོག་དང་། དབྱིན་ཡུལ་ནང་པའི་ཚོགས་པའི་ཚོགས་གཙོ་ Dr. Desmond Biddulph ལགས་དང་ཁོང་གི་སྐུ་ཟླ། དེ་བཞིན་ཆེ་བསྟོད་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་ཀུན་དགའ་བཀྲ་ཤིས་མཆོག གཞན་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་བོད་ཁྱིམ་གྱི་དགེ་ལས་སློབ་མ་བཅས་དགའ་དད་སྤྲོ་གསུམ་སྒོ་ནས་ལྷན་ཞུགས་གནང་སོང་། Christmas Humphreys Award ཞེས་པའི་གཟེངས་རྟགས་དེ་ནི་ཕྱི་ལོ་ ༡༩༢༤ ལོར་དབྱིན་ཡུལ་ནང་པའི་ཚོགས་པ་དབུ་འཛུགས་གནང་མཁན་དབྱིན་ཡུལ་གྱི་ནང་པའི་མཁས་པ་ Christmas Humphreys ལགས་ཀྱིས་དབུ་འཛུགས་གནང་བ་ཞིག་ཡིན་ཞིང་།...
བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་ཨིན་ཡུལ་ནང་པའི་ཚོགས་པ་ནས་ཁི་རི་སེ་མ་སི་ཧམཕཱ་རི་སེ་གཟེངས་རྟགས་འབུལ་ལམ་ཞུས་པ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༠༧ ཉིན་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་ Hermann Gmeiner Hall ཚོགས་ཁང་དུ་གངས་ཅན་བོད་ཀྱི་ཨ་མ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བོད་པའི་སྤྱི་ཚོགས་སྤྱི་དང་། བྱེ་བྲག་ཏུ་བོད་ཕྲུག་རྣམས་ལ་གནའ་དེང་གི་ཤེས་ཡོན་སྦྱོར་སྤྲོད་སོགས་ཀྱི་ཞབས་འདེགས་གཟེངས་སུ་ཐོན་པའི་མཛད་འཕྲིན་རླབས་ཆེན་བསྐྱངས་པར་ཨིན་ཡུལ་ནང་པའི་ཚོགས་པ་ནས་ཁི་རི་སེ་མ་སི་ཧམཕཱ་རི་སེ་གཟེངས་རྟགས་ཤིག་འབུལ་ལམ་ཞུས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་མཛད་སྒོ་དབུ་འཛུགས་གནང་ཞིང་། སྐབས་དེར་སྐུ་མགྲོན་གཙོ་བོར་བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང་། ཆེ་བསྟོད་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་ཚབ་དང་བདེ་སྲུང་བཀའ་བློན་གཅིག་ལྕོགས་ཀུན་དགའ་བཀྲ་ཤིས་མཆོག དམིགས་བསལ་སྐུ་མགྲོན་ཨིན་ཡུལ་ནང་པའི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཌེ་སི་མོན་སྦི་ཌོལ་ཕི་ལགས། ཁོང་གི་སྐུ་ཟླ་ཌཱར་སི་སྦི་ཌོལ་ཕི་ལགས། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག་དང་འཕགས་པ་ཚེ་རིང་མཆོག དཔལ་འབྱོར་བཀའ་བློན་གྱང་གསར་ཚེ་རིང་དོན་གྲུབ་མཆོག འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག རྩིས་ཞིབ་སྤྱི་ཁྱབ་པ་བཀྲ་ཤིས་སྟོབས་རྒྱལ་མཆོག སྤྱི་འཐུས་རྒྱུན་ལས་རྣམ་པ། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་ཚབ་བློ་བཟང་སྦྱིན་པ་ལགས། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། ཨིན་ཡུལ་ནང་ཚོགས་ཀྱི་དཔེ་མཛོད་དོ་དམ་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་པ་དབང་འདུས་ཚེ་རིང་ལགས། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་བསོད་ནམས་སྲི་གཅོད་ལགས། དེ་བཞིན་སྐུ་མགྲོན་དང་། གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། སློབ་ཕྲུག་བཅས་མཉམ་འཛོམས་གནང་ཡོད།ཐོག་མར་ཚང་མས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོ་དང་རྒྱ་གར་གྱི་རྒྱལ་གླུ་བླངས་གྲུབ་རྗེས་སློབ་གྲྭའི་ཟློས་གར་རུ་ཁག་ནས་རྟེན་འབྲེལ་མཚོན་ཆེད་རྔོན་པའི་འདོན་གཟིགས་འབུལ་ཞུས་རྗེས་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་བསོད་ནམས་སྲི་གཅོད་ལགས་ཀྱིས་ཕེབས་བསུའི་བཤད་གནང་བའི་ནང་། རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་གངས་ཅན་གྱི་སྐྱེ་འགྲོ་ཀུན་གྱི་འཕྲལ་ཕུགས་རྒྱང་གསུམ་གྱི་ཁེ་ཕན་ལ་གཟིགས་ཏེ་བཙན་བྱོལ་དུ་ཞབས་སོར་བདེ་བར་འཁོད་མ་ཐག་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་། འབྱུང་འགྱུར་བོད་ཀྱི་བདག་པོ་ད་ཡོད་བྱིས་པ་རྣམས་ལ་ཕྱི་ནང་གི་ཤེས་ཡོན་གཉིས་ལྡན།...
བོད་རང་དབང་རང་བཙན་མ་ཐོབ་བར་རྒྱ་གཞུང་ལ་གདོང་ལེན་གྱིས་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་པ་ནན་བརྗོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་ ༥༦ འཁོར་བ་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ནམ་ཡང་དགྲ་གཉེན་ངོ་ཤེས་པའི་ཐོག་ནས་གཞིས་བྱེས་བོད་མི་མཉམ་འཛོམས་དང་བོད་རང་དབང་རང་བཙན་མ་ཐོབ་པར་དགྲ་བོ་རྒྱ་དམར་སྲིད་གཞུང་ལ་ཁ་གཏད་གདོང་ལེན་གྱིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་པའི་བསྒྲགས་གཏམ་སྤེལ་སོང་། དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ་རྡ་ས་ས་གནས་གཞོན་ནུའི་གོ་སྒྲིག་འོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་ ༥༦ འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་སོང་བ་དང་སྦྲགས། སྐབས་དེར་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་ལགས་དང་དམིགས་བསལ་སྐུ་མགྲོན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་བཅས་ནས་མཉམ་ཞུགས་གནང་སོང་། མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་ལགས་ཀྱིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་པ་དེ་བཞིན་གལ་ཆེན་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་འགྲེལ་བརྗོད་དང་སྦྲགས། ཚོགས་པ་འདིས་བོད་རང་དབང་རང་བཙན་འཐབ་རྩོད་བྱེད་མཁན་གྱི་ཚོགས་པ་ཞིག་ཡིན་པ་དང་། ད་བར་ལོ་ངོ་ ༥༦ རིང་དམིགས་ཡུལ་གཅིག་གི་ཐོག་ལ་འཐབ་རྩོད་བྱས་ཡོད་པ་དྲན་སྐུལ་གནང་བ་མ་ཟད། བོད་རང་དབང་རང་བཙན་གྱི་འཐབ་རྩོད་དེ་རྒྱུན་འཁྱོངས་པ་ཡིན་ན་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པར་རང་བཞིན་གྱི་སྲུང་སྐྱོབ་ཐུབ་རྒྱུ་ཡིན་པ་གསུངས་སོང་། འདི་ག་རླུང་འཕྲིན་ཁང་གིས་དེ་རིང་གི་དུས་ཚིགས་དང་བསྟུན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་སུ་དུས་ཚིགས་འདི་དང་འབྲེལ་བའི་བརྡ་ལན་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ད་ལྟའི་གནས་བབ། དེ་བཞིན་མ་འོངས་པའི་འཆར་གཞི་དང་ལོ་གཅིག་གི་དམིགས་ཡུལ་བཅས་ཀྱི་སྐོར་ལ་བཅར་འདྲི་ཞུ་སྐབས་ཁོང་གིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་བོད་རང་དབང་རང་བཙན་མ་ཐོབ་ཀྱི་བར་དུ་རྒྱ་ནག་གཞུང་ལ་འཐབ་རྩོད་བྱེད་ཀྱི་རེད་ཅེས་གསུངས་བ་དང་སྦྲགས། ད་བར་མི་ལོ་ ༥༦ རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་རོགས་སྐྱོར་དང་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་གསུངས་སོང་། མ་ཟད་དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ ༥༦ འཁོར་བའི་ཉིན་མོ་དང་བསྟུན་དབུས་བོེད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། གཞིས་བཞུགས་བོད་མི་རྣམས་ནས་རྒྱ་དམར་སྲིད་གཞུང་གི་དམ་དྲག་སྲིད་བྱུས་དང་སྡུག་སྦྱོང་མནར་གཅོད་འོག་རྡོག་རྩ་གཅིག་སྒྲིལ་གྱིས་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་། དེ་བཞིན་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་སོགས་ཀྱི་ཆེད་དུ་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་ཉམས་པ་སླར་གསོ་དང་། མི་ཉམས་གོང་སྤེལ་གཏོང་ཐབས་ལ་འབད་བརྩོན་གནང་དང་གནང་མུས་ཡིན་པ། འདི་ག་བཙན་བྱོལ་རང་དབང་ལུང་པའི་ནང་གནས་བཞུགས་བོད་མི་སྤྱི་སྒེར་རྣམས་ནས་ཀྱང་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ད་བར་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས། ཞུམ་པ་མེད་པའི་སྤོབས་པ། ཁོང་རྣམས་ཀྱི་མངོན་འདོད་དང་ཞལ་ཆེམས་སོགས་སྙིང་དབུས་སུ་བཅངས་པའི་ཐོག །གཅིག་ནས་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཐད་ཤུགས་སྣོན་སྔར་ལྷག་ཇེ་ཆེར་རྒྱག་དགོས་རྒྱུ་དང་། གཉིས་ནས་ཕྱི་ནང་དགྲ་གཉེན་ངོས་འཛིན་ཡང་དག་ཐོག་དཔའ་བོའི་ཞལ་ཆེམས་གཞིར་བཟུང་གིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་རྒྱུའི་ཐད་བོད་མི་སྤྱི་སྒེར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་ཞུས་འདུག དེ་བཞིན་དགྲ་དམར་སྲིད་གཞུང་གིས་བོད་ས་བཙན་འཕྲོག་བྱས་པ་ནས་བཟུང་བོད་ཀྱི་སྐད་ཡིག་དང་རིག་གཞུང་། བོད་མི་རིགས་ཀྱི་ངོ་བོ་ཚུན་ཆད་རྩ་གཏོང་དང་ཤུལ་མེད་བཟོས་དང་བཟོ་མུས་ཐད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་ངོ་རྒོལ་སྐྱོན་བརྗོད་དྲག་པོ་བྱེད་རྒྱུ་དང་།...
ཨ་མ་རྗེ་བཙུན་པདྨ་མཆོག་ལ་ལོན་ཌོན་ནང་ཚོགས་ཁི་རེས་སི་མེསི་ཧམ་ཧྥེ་རིསི་གཟེངས་རྟགས་ཐོབ།
སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་གསོའི་ཐད་བཞག་པའི་བྱས་རྗེས་ལ་ངོས་འཛིན་གྱིས་ལོན་ཌོན་ནང་པའི་ཚོགས་པས་ཁི་རེས་སི་མེསི་ཧམ་ཧྥེ་རིསི་གཟེངས་རྟགས་ཕུལ། The post ཨ་མ་རྗེ་བཙུན་པདྨ་མཆོག་ལ་ལོན་ཌོན་ནང་ཚོགས་ཁི་རེས་སི་མེསི་ཧམ་ཧྥེ་རིསི་གཟེངས་རྟགས་ཐོབ། appeared first on བོད་ཀྱི་དུས་བབ།.
ཕ་ཡུལ་ཞེས་པའི་གཏམ་བརྗོད་ཅིག་མི་འགྱང་བར་དྷ་སར་འཁྲབ་སྟོན་བྱ་རྒྱུ་རེད།
བོད་ཀྱི་གཏམ་བརྗོད་ཚན་པས་འདས་པའི་ལོ་གསུམ་རིང་ཕ་ཡུལ་ཞེས་པའི་གཏམ་བརྗོད་ཅིག་འཁྲབ་སྦྱོང་བྱས་ཏེ་མི་འགྱང་བར་མང་ཚོགས་ལ་དངོས་སུ་གཟིགས་འབུལ་ཞུ་རྒྱུ་རེད། The post ཕ་ཡུལ་ཞེས་པའི་གཏམ་བརྗོད་ཅིག་མི་འགྱང་བར་དྷ་སར་འཁྲབ་སྟོན་བྱ་རྒྱུ་རེད། appeared first on བོད་ཀྱི་དུས་བབ།.
ཤེས་རིག་བཀའ་བློན་ཨུ་རྒྱན་བསྟན་འཛིན་མཆོག་གིས་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་སཾ་བྷོ་ཊའི་སློབ་གྲྭ་ཁག་ལ་གཟིགས་སྐོར་གནང་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ཨུ་རྒྱན་བསྟན་འཛིན་མཆོག་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་སློབ་ཁག་ལ་གཟིགས་སྐོར་དང་། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་རིག་གཞུང་དང་རྩོམ་རིག་འདུ་འཛོམས་དབུ་འབྱེད་གནང་ཡོད། དེ་ཡང་ཕྱི་ཚེས་ ༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ཨུ་རྒྱན་བསྟན་འཛིན་མཆོག་དང་། དེང་རབས་ཤེས་ཡོན་ཚན་པ་དང་མདུན་ལམ་ཚན་པའི་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགས་རྣམ་གཉིས་མོན་གྷོ་འདོད་རྒུ་གླིང་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། ཕྱི་ཚེས་ ༣ ཉིན་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁུངས་སུ་ས་གནས་ཀྱི་གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་ ༢༦ ནས་ཕེབས་བསུའི་འཚམས་འདྲི་ཞུས་ཡོད། དེ་རྗེས་བཀའ་བློན་མཆོག་མོན་གྷོ་སཾ་བྷོ་ཊའི་སློབ་གྲྭར་ཕེབས་འབྱོར་སྐབས་སློབ་གྲྭའི་སློབ་སྤྱི་དང་རེག་ཊར། དགེ་ལས་སློབ་ཕྲུག་བཅས་ནས་རྔ་རོལ་དང་བཅས་ཕེབས་བསུ་ཞུས་ཡོད་ཅིང་། སྐབས་དེར་དེང་རབས་ཤེས་ཡོན་ཚན་པ་དང་མདུན་ལམ་ཚན་པའི་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགས་ལྷན་བཅར་ཞུས་ཡོད། སློབ་གྲྭའི་འདུ་འཛོམས་ཐོག་སློབ་སྤྱི་ནས་བཀའ་བློན་མཆོག་ལ་ཕེབས་བསུའི་འཚམས་འདྲི་དང་སྦྲགས་སློབ་གྲྭའི་ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་གནང་གྲུབ་མཚམས། ཤེས་རིག་བཀའ་བློན་ཨུ་རྒྱན་བསྟན་འཛིན་མཆོག་གིས་ཤེས་ཡོན་སྲིད་བྱུས་ཀྱི་གལ་གནད་དང་འབྲེལ་ཤེས་ཡོན་སྲིད་བྱུས་དགོངས་དོན་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་བཞིའི་སྐོར་འགྲེལ་བརྗོད་གནང་སྟེ། དགེ་རྒན་རྣམས་ནས་སློབ་ཁྲིད་གནང་བའི་སྐབས་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་དགོས་པའི་འབོད་སྐུལ་དང་། སློབ་གྲྭའི་ངོས་ནས་སློབ་ཕྲུག་རྣམས་ལ་བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་གཏམ་བཤད་གང་མང་གོ་སྒྲིག་གིས་སློབ་ཕྲུག་རྣམས་ལ་འགན་འཁྲི་ཡོད་པའི་བསམ་པ་བསྐྲུན་དགོས་པའི་ལམ་སྟོན་གནང་ཡོད། དེ་བཞིན་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཁྲིམས་ཡིག་ཟེར་བའི་སྐོར་ངོ་སྤྲོད་ཀྱིས་སློབ་ཕྲུག་རྣམས་ནས་བོད་མི་རིགས་ཀྱི་སྐད་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། སློབ་ཕྲུག་རྣམས་ནི་བོད་དོན་འཐབ་རྩོད་ཀྱི་མ་འོངས་པ་ཡིན་པ་ནན་བརྗོད་གནང་ཡོད། སྔ་དྲོའི་འདུ་འཛོམས་གྲུབ་རྗེས་ཤེས་རིག་བཀའ་བློན་ཨུ་རྒྱན་བསྟན་འཛིན་མཆོག་གིས་སློབ་གྲྭའི་འཛིན་ཁང་ཁག་ལ་གཟིགས་སྐོར་གྱིས་སློབ་ཕྲུག་རྣམས་དང་འབྲེལ་འདྲིས་གནང་སྟེ། སློབ་གྲྭའི་བོད་ཀྱི་སྐད་ཡིག་ཁང་དབུ་འབྱེད་གནང་ཡོད། ཉིན་རྒྱབ་ཏུ་བཀའ་བློན་མཆོག་གིས་མོན་གྷོ་སཾ་བྷོ་ཊ་ཡན་ལག་སློབ་གྲྭའི་འཛིན་ཁང་ཁག་ཏུ་གཟིགས་ཞིབ་གནང་སྟེ་སློབ་གྲྭའི་དགེ་རྒན་དང་སློབ་ཕྲུག་རྣམས་དང་ཐུག་འཕྲད་གནང་རྗེས། དགའ་ལྡན་ཤར་རྩེ་དང་བྱང་རྩེ་སློབ་གྲྭར་གཟིགས་ཞིབ་ཀྱིས་སློབ་གྲྭའི་སློབ་སྤྱི་དང་བཀའ་བསྡུར་གནང་ཡོད། གོང་ཚེས་ཉིན་གྱི་ཕྱི་དྲོར་མོན་གྷོ་སཾ་བྷོ་ཊ་སློབ་གྲྭ་ཁག་གསུམ་གྱི་དགེ་ལས་རྣམས་དང་ཐུག་འཕྲད་ཀྱིས་དགེ་ལས་རྣམས་ཀྱི་ཕྱག་ལས་གནང་ཕྱོགས་ལ་ཡི་རང་བསྔགས་བརྗོད་དང་འབྲེལ་དེ་ལྟར་རྒྱུན་མཐུད་གནང་དགོས་པའི་འབོད་སྐུལ་གནང་སྟེ། དགེ་ལས་རྣམས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད། ཕྱི་ཚེས་ ༤ ཉིན་མོན་གྷོ་འདོད་རྒུ་གླིང་གཞིས་སྤྱི་ཚོགས་ཁང་ཆེན་མོའི་ནང་གཞིས་མི་རྣམས་ཚང་འཛོམས་ཀྱི་ཐོག་མར་ས་གནས་འགོ་འཛིན་ནས་བཀའ་བློན་མཆོག་གི་ལོ་རྒྱུས་སྙིང་བསྡུས་དང་འབྲེལ་ས་གནས་མི་མང་གི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་གྲུབ་མཚམས། བཀའ་བློན་མཆོག་གིས་བཀའ་ཤག་དང་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་མང་ཚོགས་ལ་འཚམས་འདྲི་དང་སྦྲགས། བཀའ་ཤག་སྐབས་ ༡༧ པའི་ཕུགས་དམིགས་ཡིག་ཆ་དང་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཐོག་ངོ་སྤྲོད་གནང་ཡོད།དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་སློབ་ཕྲུག་ཆེད་དམིགས་སུ་བཀར་ནས་སློབ་གྲྭ་ལོག་ཏུ་བཙུགས་དགོས་པའི་དགོངས་བཞེས་ཐོག་འགྲེལ་བརྗོད་གནང་ཞིང་། ཤེས་ཡོན་སྲིད་བྱུས་ཀྱི་དམིགས་ཡུལ་བཞིའི་ཐོག་ངོ་སྤྲོད་ཞིབ་ཕྲ་གནང་སྟེ། བོད་ཀྱི་སྐད་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པའི་གལ་གནད་ཐོག་ནན་བརྗོད་གནང་། དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་བོད་པའི་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་ལ་ལྟ་རྟོག་བྱེད་རྒྱུ་ནི་གཙིགས་ཆེར་འཛིན་བཞིན་ཡོད་པ་བཅས་གསུངས།...
རྒྱ་ནག་གི་ཉེན་བརྡར་མ་ལྟོས་པར་ཨ་རིར་ཐའེ་ཝན་གྱི་སྐུ་ཚབ་དོན་གཅོད་དབུ་འབྱེད།
ཕྱི་ལོ་༢༠༢༦ ཟླ་༡༠ ཚེས་༦ ཉིན་(abc) གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་དགག་པ་དང་ཉེན་བརྡར་མ་ལྟོས་པ། ཨ་རིའི་ཨ་རི་ཛོ་ན་(Arizona) མངའ་སྡེའི་ནང་ཐའེ་ཝན་གྱི་སྐུ་ཚབ་དོན་གཅོད་ཁང་ཞིག་གསར་འཛུགས་གནང་ཡོད་འདུག ཕྱི་ལོ་༢༠༢༦ The post རྒྱ་ནག་གི་ཉེན་བརྡར་མ་ལྟོས་པར་ཨ་རིར་ཐའེ་ཝན་གྱི་སྐུ་ཚབ་དོན་གཅོད་དབུ་འབྱེད། appeared first on བོད་ཀྱི་བང་ཆེན།.
ནོ་བྷེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ་མཁན་ཧྥ་རན་སིསི་ཧལ་ཛེན།
འདི་ལོའི་ནོ་བྷེལ་དངོས་ཁམས་རིག་པའི་གཟེངས་རྟགས་དེ། ལྷོ་སྣེའི་འཁྱགས་རོམ་འོག་ནས་ནམ་མཁའི་བར་རྡུལ་ཕྲ་མོ་ལ་ཞིབ་འཇུག་བྱེད་མཁན། བྷེལ་ཇམ་རིགས་ཀྱི་ཨ་རིའི་དངོས་ཁམས་རིག་པའི་ཆེད་མཁས་པ་ཧྥ་རན་སིསི་ཧལ་ཛེན་ལགས་ལ་ཐོབ་ཡོད་འདུག The post ནོ་བྷེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ་མཁན་ཧྥ་རན་སིསི་ཧལ་ཛེན། appeared first on བོད་ཀྱི་དུས་བབ།.
དཔལ་ལྡན་ཚོགས་གཙོ་མཆོག་གིས་ཨིན་ཡུལ་ནང་པའི་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་དང་མཇལ་འཕྲད་གནང་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ པའི་ཚེས་ ༦ ཉིན་དཔལ་ལྡན་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་ཚོགས་གཙོའི་ལས་ཁུངས་སུ་ཨིན་ཡུལ་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྨན་པ་ཌེ་སི་མོན་ཌ་ བྷི་ཌལ་ཕེ་ (Dr. Desmond Biddulph CBE) མཆོག་གིས་སྣེ་ཁྲིད་པའི་ནང་པའི་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་དང་ལྷན་མཇལ་འཕྲད་གནང་སོང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས། ཕྱི་ལོ་ ༢༠༢༦ ཟླ་ ༧ པའི་ཚེས་ ༡ ཉིན་རྒྱ་ནག་དམར་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་ལག་བསྟར་བྱས་པ་དེས་བོད་ཀྱི་ཆོས་དང་སྐད་ཡིག རིག་གཞུང་། མི་རིགས་ཀྱི་ངོ་བོ་བཅས་ལ་ཉེན་ཁ་ཇི་ཡོད་དང་། ཕྱི་ཟླ་ ༧ པའི་ཚེས་ ༢ ཉིན་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཐང་དུ་རང་ལུས་མེར་བསྲེགས་ཕུལ་བའི་སྐོར། ཉེ་ཆར་བལ་བོད་ས་མཚམས་སུ་ཆུ་རུད་བྱུང་སྐབས། རྒྱ་ནག་གཞུང་གིས་གནོད་འཚེ་ཕོག་ཡུལ་སྐྱིད་གྲོང་ཁུལ་གྱི་གནས་ཚུལ་རྣམས་གསང་བ་བྱས་ཏེ་ཕྱིར་བསྒྲགས་མ་བྱས་པའི་སྐོར་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་སྐོར་ལ་གསུངས་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ལས་དོན་གནང་ཕྱོགས། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར་སོགས་ཀྱི་ཐོག་གསུངས་གནང་སོང་། ཨིན་ཡུལ་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་ནང་པའི་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནང་ལྕམ་སྐུ་ཌར་སི་ བྷི་ཌལ་ཕེ་ (Mrs....
བོད་ཀྱི་གཏམ་བརྗོད་གསར་པ་ཕ་ཡུལ་ཞེས་པ་དང་བོད་དོན་དྲིལ་བསྒྲགས།
བོད་ཀྱི་གཏམ་བརྗོད་ཚོགས་པས་ཕ་ཡུལ་ཞེས་པའི་གཏམ་བརྗོད་གསར་པ་ཞིག་གཟིགས་འབུལ་གྱི་ཆེད་སྐོར་སྐྱོད་གནང་རྒྱུ་རེད་འདུག
རྒྱལ་སྤྱིའི་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་རཱན་ཇིཏ་སིངྷ་ཌིས་ལེར་མཇལ་ཁ་ཐོབ་པ།
རྒྱ་གར་ནས་རྒྱལ་སྤྱིའི་དགེ་རྒན་གྱི་ཕུལ་བྱུང་གཟེངས་རྟགས་ཐོག་མར་ཐོབ་མཁན་རཱན་ཇིཏ་སིངྷ་ཌིས་ལེ་ཡིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་སྐབས་ཁོང་གི་ལས་འཆར་ཁག་གི་སྐོར་སྙན་གསེང་ཞུས་ཤིང་། ཤེས་ཡོན་སློབ་འཁྲིད་ཀྱི་ཐབས་ལམ་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་མཉམ་ལས་གནང་བཞིན་འདུག
རྒྱ་ནག་གི་ཆེད་ཐའེ་ཝན་སྲིད་འཛིན་གྱི་བུ་ལ་གསོ་ལྟ་བྱེད་པའི་ཉེས་འཛུགས་འོག་འཛིན་བཟུང་།
ཁེ་ལི་ཧྥོར་ནི་ཡའི་བུད་ཅིག་གིས་ཐའེ་ཝན་སྲིད་འཛིན་གྱི་བུ་ལ་གསོ་མྱུལ་བྱས་ཏེ་རྒྱ་ནག་ལ་གནས་ཚུལ་སྤྲོད་ཀྱི་ཡོད་པའི་ཉེས་འཛུག
རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག
རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་ཆ་རིང་མ་ཨར་ལས་བཟོ་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་གི་བོད་ཡིག་སྒོ་བྱང་མེད་པར་བཟོས་ཏེ་རྒྱ་ཡིག་ཁོ་ན་མ་གཏོགས་བཀལ་བཅུག་མེད་པ་རེད། The post རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག appeared first on བོད་ཀྱི་དུས་བབ།.
ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས་ཀངྒ་རཱ་རྫོང་དཔོན་སྐུ་ཞབས་ཧེམ་རཱཇ་བཻ་ར་ཝ་ལགས་དང་མཇལ་འཕྲད་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༠༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས་ཀངྒ་རཱ་རྫོང་དཔོན་སྐུ་ཞབས་ཧེམ་རཱཇ་བཻ་ར་ཝ་ལགས་དང་། རྫོང་དཔོན་གཞོན་པ་སྐུ་ཞབས་རཱ་ཧུལ་ཤར་མཱ་ལགས་རྣམ་གཉིས་ཀྱི་ལས་ཁུངས་སུ་མཇལ་འཕྲད་གནང་ཡོད། ཐེངས་འདིའི་མཇལ་འཕྲད་ནི་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས་ནང་སྲིད་བཀའ་བློན་གྱི་ལས་ཁུར་བཞེས་རྗེས་ཀངྒ་རཱ་རྫོང་དཔོན་ལས་ཁུངས་སུ་གཞུང་འབྲེལ་འཚམས་གཟིགས་གནང་བ་ཐེངས་གཉིས་པ་དེ་ཆགས་ཡོད། དེ་ཡང་མཇལ་འཕྲད་སྐབས་བཀའ་བློན་མཆོག་གིས་རྫོང་དཔོན་ལས་ཁུངས་ནས་དྷ་རམ་ས་ལ་དང་། དེའི་ཉེ་འཁོར་གྱི་བོད་མིའི་སྤྱི་ཚོགས་ལ་རྒྱུན་མཐུད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ལྷག་པར་ས་གནས་འཛིན་སྐྱོང་ལས་ཁུངས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ཡོད་པའི་ས་ཆ་དེ་ཉིད་དབུས་བོད་མིའི་ངལ་སེལ་ཚོགས་པའི་མིང་ཐོག་འཕོ་འགྱུར་ཐད་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད། དེ་བཞིན་མ་འོངས་པར་ས་གནས་རྫོང་དཔོན་ལས་ཁུངས་དང་བོད་མིའི་སྤྱི་ཚོགས་བར་མཉམ་ལས་མུ་མཐུད་གནས་རྒྱུའི་རེ་བ་ཡོད་པ་གསུངས།དེ་རྗེས་ནང་སྲིད་བཀའ་བློན་མཆོག་དང་། ཏཱ་ལའི་བླ་མ་དགེ་རྩ་ཚོགས་པའི་དྲུང་ཆེ་འཇམ་དཔལ་ལྷུན་གྲུབ་ལགས་རྣམ་གཉིས་ཀྱིས་སྐུ་ཞབས་ཧེམ་རཱཇ་བཻ་ར་ཝ་ལགས་དང་། སྐུ་ཞབས་རཱ་ཧུལ་ཤར་མ་ལགས་རྣམ་གཉིས་ལ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་མཇལ་དར་དང་། ཆོས་ལུགས་ཀྱི་མཚམས་ལས་འདས་པའི་བཟང་སྤྱོད་ཀྱི་ཕྱག་དེབ། དེ་བཞིན་སྟོན་པ་དང་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་བཅས་ཕུལ་ཡོད། སྐབས་དེར་དྷ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་དང་། ཁང་བཟོ་འཆར་འགོད་པ་སྐུ་ཞབས་ཨ་མར་དཱིབ་ལགས། ཁྲིམས་རྩོད་པ་སྐུ་ཞབས་པང་ཀཇ་སཱུཌ་ལགས་བཅས་ལྷན་བཅར་ཞུས་ཡོད་པ་བཅས།།
ནོ་བྷེལ་གསོ་རིག་གི་གཟེངས་རྟགས་དེ་ཨ་རི་བ་ཞིག་དང་ཇར་མན་བ་གཉིས་བཅས་ཚན་རིག་པ་གསུམ་ལ་ཐོབ།
འདི་ལོའི་ནོ་བྷེལ་གསོ་རིག་གི་གཟེངས་རྟགས་དེ་ཚན་རིག་པ་གསུམ་ཐུན་མོང་ལ་སྤྲད་འདུག་ཅིང་། ཁོང་གསུམ་པོས་ཀླད་པའི་བྱེད་ལས་དང་འབྲེལ་བའི་སྐོར་ཤེས་རྟོགས་གསར་རྙེད་བྱུང་བར་བརྟེན། ནོ་བྷེལ་གསོ་རིག་གི་གཟེངས་རྟགས་དེ་ཐོབ་འདུག The post ནོ་བྷེལ་གསོ་རིག་གི་གཟེངས་རྟགས་དེ་ཨ་རི་བ་ཞིག་དང་ཇར་མན་བ་གཉིས་བཅས་ཚན་རིག་པ་གསུམ་ལ་ཐོབ། appeared first on བོད་ཀྱི་བང་ཆེན།.
























