Tibetan
ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་གོམ་བགྲོད་ལས་འགུལ་མཇུག་བསྒྲིལ།
The post ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་གོམ་བགྲོད་ལས་འགུལ་མཇུག་བསྒྲིལ། appeared first on བོད་ཀྱི་དུས་བབ།.
དབྱིན་ཡུལ་སྐུ་ཚབ་དོན་གཅོད་གསར་པ་ཞིག་བསྐོ་གཞག་བྱས་འདུག
དབྱིན་ཡུལ་དོན་ཁང་གི་ཟུང་དྲུང་ཟུར་བ་བློ་བཟང་ཆོས་སྒྲོན་བསམ་གཏན་ལགས་དབྱིན་ཡུལ་དོན་གཅོད་གསར་པར་བསྐོ་གཞག་དང་ཚེ་རིང་དབྱངས་སྐྱིད་ལགས་བསྐྱར་དུ་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དུ་བསྐོ་གཞག་གནང་འདུག The post དབྱིན་ཡུལ་སྐུ་ཚབ་དོན་གཅོད་གསར་པ་ཞིག་བསྐོ་གཞག་བྱས་འདུག appeared first on བོད་ཀྱི་དུས་བབ།.
བོད་རིག་པ་བ་ཚོས་མིས་བཟོས་རིག་ནུས་ཀྱི་དུས་རབས་སུ་སྐད་ཡིག་བདག་གཅེས་གནང་ཕྱོགས་གླེང་པ།
"ཕ་མས་རང་གི་བུ་ཕྲུག་ལ་བོད་སྐད་བཤད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།" ཞེས་སྐད་བརྡ་རིག་པ་བ་རྒན་ལྷག་པ་ཚེ་རིང་ལགས་ཀྱིས་གསུངས་པ།
ཀ་ཁ་ག་ང་བོད་དོན་ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས་ཀྱི་ལ་དགས་ནས་རྡ་ས་བར་གྱི་གོམ་བགྲོད་ལས་འགུལ་མཇུག་སྒྲིལ།
ཀ་ཁ་ག་ང་བོད་དོན་གོམ་བགྲོད་ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༨ ཉིན་ལ་དགས་ནས་རྡ་ས་བར་གྱི་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་འདི་བཞིན། དེ་རིང་བཞུགས་སྒར་རྡ་རམ་ས་ལར་འབྱོར་བ་དང་སྦྲགས་ནས་མཇུག་སྒྲིལ་གནང་སོང་། དེ་རིང་ཉིན་རྒྱབ་ཕྱག་ཚོད་ ༣།༣༠ ཐོག་ལས་འགུལ་མཇུག་སྒྲིལ་གྱི་གསར་འགོད་གསལ་བསྒྲགས་ཐོག་སྐལ་བཟང་མཐར་ཕྱིན་ལགས་ཀྱིས། རང་ཉིད་ངོས་ནས་ལས་འགུལ་འདི་སྤེལ་ཐུབ་པར་བློ་བདེ་པོ་བྱུང་ཅེས་གསུངས་པ་དེ་ལྟར་ཡང་། ཁོང་གི་ཐོག་མའི་དམིགས་ཡུལ་གཞིར་བཟུང་བོད་ཀྱི་སྐད་དང་རིག་གཞུང་ཁྱབ་བསྒྲགས་ཀྱི་ཆ་ནས་གྲུབ་འབྲས་ཆུང་ཆུང་ཞིག་ལས་བྱུང་མེད་པ་གསུངས་སོང་ལ། གང་ལྟར་མང་ཚོགས་ལ་ཁོང་གི་བརྡ་ལན་གཙོ་བོ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་དམིགས་བསལ་གྱི་༸གང་ཉིད་མཆོག་གི་བཀའ་སློབ་ལམ་སྟོན་ཐོག་སློབ་སྦྱོང་གནང་དགོས་གལ་ཡིན་པ་གསུངས་སོང་། རྩ་བའི་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་གནས་བཞུགས་བོད་མི་སྐལ་བཟང་མཐར་ཕྱིན་ལགས་ཀྱིས་མ་སྐུལ་དང་བླངས་ཐོག་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་དམ་པ་དེ་ཉིད་ལ་རྗེས་དྲན་དང་སྦྲགས་ནས། གཙོ་བོ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་སྲུང་སྐྱོབ་སླད་ཞི་བའི་གོམ་བགྲོད་གནང་ཡོད་པ་དང་། ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་ལས་འགུལ་དེ་བཞིན་ཁོང་གིས་ཐོག་མར་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༥ ནས་ཕྱི་ཟླ་ ༨ པའི་ཚེས་ ༡༦ བར་བཞུགས་སྒར་རྡ་རམ་ས་ལ་ནས་ལ་དྭགས་བར་གནང་བའི་རྗེས་སུ། འདི་ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༨ ནས་དབུ་འཛུགས་ཀྱིས་སླར་ཡང་ལ་དྭགས་ནས་བཞུགས་སྒར་རྡ་རམ་ས་ལ་བར་གོམ་བགྲོད་གནང་ཡོད་པ་རེད། The post ཀ་ཁ་ག་ང་བོད་དོན་ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས་ཀྱི་ལ་དགས་ནས་རྡ་ས་བར་གྱི་གོམ་བགྲོད་ལས་འགུལ་མཇུག་སྒྲིལ། appeared first on vot.
སྐྱེས་པ་ཞིག་གིས་རྒྱ་ནག་ཏུ་འབྲུད་འཁོར་སྤྱད་དེ་སྲིད་གཞུང་གི་ལས་ཁུངས་གཏོར་བ།
ཕྱི་ལོ་༢༠༢༦ ཟླ་༡༡ ཚེས་༩ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དགུང་ལོ་༤༧ ཡིན་ཞིང་། མིང་ལ་ཧུ་(Hu) ཟེར་མཁན་སྐྱེས་པ་ཞིག་གིས་རྒྱ་ནག་ཤན་ཞི་(Shaanxi) The post སྐྱེས་པ་ཞིག་གིས་རྒྱ་ནག་ཏུ་འབྲུད་འཁོར་སྤྱད་དེ་སྲིད་གཞུང་གི་ལས་ཁུངས་གཏོར་བ། appeared first on བོད་ཀྱི་བང་ཆེན།.
ཨིན་ལན་སྐུ་ཚབ་དོན་ཁང་གི་ཟུང་དྲུང་ཟུར་པ་བློ་བཟང་ཆོས་སྒྲོན་བསམ་གཏན་ལགས་ཨིན་ལན་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་བ།
༄༅། །ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་བཅུ་དགུ་པའི་ནང་གསེས་ ༡ དགོངས་དོན། ཕྱི་རྒྱལ་ཁག་ཏུ་སྐུ་ཚབ་དོན་གཅོད་རྣམས་སྲིད་སྐྱོང་དང་བཀའ་བློན་ཚང་འཛོམས་ཞིབ་གྲོས་དྲག་འདེམས་ཀྱིས་བཀའ་ཤག་ནས་བསྐོ་འཛུགས་གནང་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུར། ཞེས་གསལ་བ་ལྟར་ཨིན་ལན་སྐུ་ཚབ་དོན་ཁང་གི་ཟུང་དྲུང་ཟུར་པ་བློ་བཟང་ཆོས་སྒྲོན་བསམ་གཏན་ལགས་ཨིན་ལན་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བསྩལ་དོན་ལྟར་ཕྱི་ལོ་ ༢༠༢༧ ཟླ་ ༡ ཚེས་ ༤ ཉིན་ལས་ཁུར་འགོ་འཛུགས་གནང་རྒྱུ་གནང་སོང་བའི་གསལ་བསྒྲགས་སུ། བཀའ་དྲུང་ཡིག་ཚང་ནས་ ༢༠༢༦ ཟླ་ ༡༡ ཚེས་ ༡༡ ལ༎
ཨིན་ལན་སྐུ་ཚབ་དོན་ཁང་གི་ཟུང་དྲུང་ཟུར་པ་བློ་བཟང་ཆོས་སྒྲོན་བསམ་གཏན་ལགས་ཨིན་ལན་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་བ།
༄༅། །ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་བཅུ་དགུ་པའི་ནང་གསེས་ ༡ དགོངས་དོན། ཕྱི་རྒྱལ་ཁག་ཏུ་སྐུ་ཚབ་དོན་གཅོད་རྣམས་སྲིད་སྐྱོང་དང་བཀའ་བློན་ཚང་འཛོམས་ཞིབ་གྲོས་དྲག་འདེམས་ཀྱིས་བཀའ་ཤག་ནས་བསྐོ་འཛུགས་གནང་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུར། ཞེས་གསལ་བ་ལྟར་ཨིན་ལན་སྐུ་ཚབ་དོན་ཁང་གི་ཟུང་དྲུང་ཟུར་པ་བློ་བཟང་ཆོས་སྒྲོན་བསམ་གཏན་ལགས་ཨིན་ལན་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བསྩལ་དོན་ལྟར་ཕྱི་ལོ་ ༢༠༢༧ ཟླ་ ༡ ཚེས་ ༤ ཉིན་ལས་ཁུར་འགོ་འཛུགས་གནང་རྒྱུ་གནང་སོང་བའི་གསལ་བསྒྲགས་སུ། བཀའ་དྲུང་ཡིག་ཚང་ནས་ ༢༠༢༦ ཟླ་ ༡༡ ཚེས་ ༡༡ ལ༎
ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ པའི་ཚེས་ ༦ ཉིན་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ་དང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་མཇལ་འཕྲད་གནང་ཡོད་འདུག ཐེངས་འདིའི་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ནང་། ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་ཊོ་མཱ་སེ་ ཨུ་ཡི་བྷོ་ (Toomas Uibo) མཆོག་དང་། གྷི་རི་གྷོ་རེ་ ཀ་ལེ་ཝི་ སི་ཊོ་ཡི་སི་ཀུ་ (Grigore-Kalev Stoicescu) མཆོག ཊི་ཊི་ མཱ་རན་ (Tiit Maran) མཆོག ཀཱ་དྷི་རི་ ཊཱ་ལི་ (Kadri Tali) མཆོག་བཅས་དང་། དེ་བཞིན་ཕྱི་འབྲེལ་དང་། ཁེ་ལས་པ། རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་པ། ཞིབ་འཇུག་པ། སྒྱུ་རྩལ་བ་བཅས་སྡེ་ཚན་འདྲ་མིན་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་བཅས་ཕེབས་ཡོད་འདུག སྐབས་དེར་དཔལ་ལྡན་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་རོཡེ་...
རྒྱ་རིགས་ཚོས་རྒྱ་གར་ནང་ཡོད་མདོག་གིས་རྒྱ་གར་སྐོར་གནས་ཚུལ་རྫུན་མ་སྤེལ།
ཉེ་ཆར་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་དྷེ་ཤེའི་ནང་རྒྱ་ནག་ནས་ཡིན་པའི་རྒྱ་རིགས་དྲ་གྲགས་མང་པོ་ཞིག་གིས་བྷང་ལ་དྷེ་ཤེའི་གྲོང་ཁྱེར་ནང་ཡོད་པའི་མི་མང་སྐྱོ་པོ་དང་། ས་ཆ་བཙོག་པོ་སོགས་བརྙན་བླངས་ཏེ་རྒྱ་ནག་ནང་དེ་ནི་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡིན་ཚུལ་དང་། རྒྱ་གར་ནང་ཧ་ཅང་གནས་སྟངས་སྐྱོ་པོ་ཡིན་ཚུལ་སོགས་ཀྱི་གནས་ཚུལ་རྫུན་མ་ཤུགས་ཆེ་སྤེལ་པར་རྒྱ་གར་གཞུང་གིས་ལན་འདེབས་གནང་འདུག The post རྒྱ་རིགས་ཚོས་རྒྱ་གར་ནང་ཡོད་མདོག་གིས་རྒྱ་གར་སྐོར་གནས་ཚུལ་རྫུན་མ་སྤེལ། appeared first on བོད་ཀྱི་བང་ཆེན།.
འཕྲོད་བསྟེན་བཀའ་བློན་མཆོག་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་ཏུ་འཚམས་གཟིགས་སུ་ཕེབས།
འཕྲོད་བསྟེན་བཀའ་བློན་བཀའ་བློན་པདྨ་མཚོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་བཞི་ལ་འཚམས་གཟིགས་གནང་ནས་བོད་མིའི་འཕྲོད་སྟེན་གྱི་གནས་བབ་ཐད་གཟིགས་ཞིབ་གནང་འདུག The post འཕྲོད་བསྟེན་བཀའ་བློན་མཆོག་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་ཏུ་འཚམས་གཟིགས་སུ་ཕེབས། appeared first on བོད་ཀྱི་དུས་བབ།.
༧རྒྱལ་བ་ཀརྨ་པ་མཆོག་གི་འབྲུག་ཡུལ་གྱི་མཛད་འཕྲིན་ལེགས་གྲུབ་བྱུང་འདུག
ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན། དཔལ་༧རྒྱལ་བ་ཀརྨ་པ་མཆོག་འབྲུག་ཡུལ་གྱི་མཆོད་རྟེན་བརྒྱ་དང་བརྒྱད་ལེགས་གྲུབ་ཀྱི་དབུ་འབྱེད་མཛད་སྒོར་ཕེབས་པ་དང་བསྟུན། ཉིན་ ༡༡ རིང་འབྲུག་ཡུལ་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་རྗེས་ཐའེ་ལན་ཌིའི་རྒྱལ་ས་བྷེན་ཀོག་ཏུ་ཕེབས་འདུག The post ༧རྒྱལ་བ་ཀརྨ་པ་མཆོག་གི་འབྲུག་ཡུལ་གྱི་མཛད་འཕྲིན་ལེགས་གྲུབ་བྱུང་འདུག appeared first on བོད་ཀྱི་དུས་བབ།.
འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གིས་ཅོ་ཀུར་ས་གནས་སུ་མི་མང་ཐུག་འཕྲད་དང་། འཕྲོད་བསྟེན་ལས་གཞི་ཁག་ལ་གཟིགས་སྐོར་གནང་བ།
༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ་ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༡༠ ཉིན། དཔལ་ལྡན་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་སྦེལ་ཀོབ་བདེ་སླར་གཞིས་ཁོངས་ཅོ་ཀུར་ས་གནས་སུ་ཕེབས་ཏེ། མི་མང་དང་ཐུག་འཕྲད་གནང་བ་མ་ཟད། འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞི་ཁག་ལའང་གཟིགས་སྐོར་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་དཔལ་ལྡན་བཀའ་བློན་མཆོག་ཅོ་ཀུར་ས་གནས་སུ་ཕེབས་སྐབས། ས་གནས་སྤྱི་མི་བརྒྱ་དཔོན་དང་། གྲོང་སྡེའི་མི་མང་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་རྗེས་སྤྱི་ཁང་དུ་ཕེབས་ཏེ། ཐོག་མར་དཔལ་ལྡན་བཀའ་བློན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་གྲུབ་མཚམས་བདེ་སླར་ས་གནས་འགོ་འཛིན་ནས་བཀའ་བློན་མཆོག་གི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་དང་། རྒྱ་གར་ལྷོ་ཕྱོགས་ཁུལ་དུ་འཚམས་གཟིགས་མཛད་འཆར་སྐོར་གསུངས།དེ་རྗེས་དཔལ་ལྡན་བཀའ་བློན་མཆོག་ནས་འདས་པའི་ཟླ་ཤས་ནང་བཀའ་ཤག་ནས་མ་འོངས་ལོ་ལྔའི་ནང་གི་ལས་དོན་འཆར་གཞིའི་ཕུགས་དམིགས་ཡིག་ཆ་བཟོ་འགོད་གནང་བའི་སྐོར་དང་། དེའི་ནང་གཙོ་བོ་མ་འོངས་པར་ལས་དོན་སྤེལ་ཕྱོགས། རྒྱལ་སྤྱིའི་ཐོག་བོད་ཀྱི་ཛ་དྲག་གནད་དོན་ཞུ་གཏུག་གནང་ཕྱོགས་ཀྱི་ལམ་སྟོན། དགའ་ལྡན་ཕོ་བྲང་ལ་དུས་ནས་དུས་སུ་འབྲེལ་བ་ཞུ་ཕྱོགས། ཕྱི་རྒྱལ་དོན་གཅོད་ཁག་དང་འབྲེལ་ལམ་བཟུང་ཕྱོགས། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཉམས་གསོ་དང་སྲུང་སྐྱོབ་གནང་ཕྱོགས་སོགས་ཀྱི་སྐོར་གསུངས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འགན་དབང་དང་དམིགས་ཡུལ་གཙོ་བོ་གཉིས་ནི། རྒྱལ་སྤྱིའི་ཐོག་བོད་དོན་གོ་རྟོགས་སྤེལ་རྒྱུ་དང་། བཙན་བྱོལ་དུ་གནས་བཞུགས་བོད་རིགས་རྣམས་ཀྱི་འཚོ་བའི་བདེ་སྡུག་ལ་གཟིགས་རྟོག་གནང་རྒྱུ་དེ་ཡིན་སྐོར། དེ་དང་འབྲེལ། རང་དབང་ལུང་པར་གནས་བཞུགས་བོད་རིགས་ཕ་མ་རྣམས་ནས་རང་གི་ཕྲུ་གུ་རྣམས་སློབ་གྲྭ་གང་དུ་བཏང་ཡང་། ཡུལ་དེའི་སྐད་ཡིག་སྦྱང་དགོས་ངེས་དང་། ཡུལ་ཁྲིམས་ལ་བརྩི་སྲུང་ཞུ་དགོས་པ་མ་ཟད། དེ་དང་ཆབས་ཅིག་རང་ཉིད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག བོད་ཀྱི་གསོ་བ་རིག་པ་བཅས་ཀྱང་གལ་ཆེན་པོ་ཡིན་པས། དེ་དག་མི་ཉམས་རྒྱུན་འཛིན་བྱ་དགོས་པའི་སློབ་གསོ་ཕ་མ་རྣམས་ནས་ཕྲུ་གུར་སྤྲོད་དགོས་སྐོར་ཡང་གསུངས།གཞན་ཡང་འཕྲོད་བསྟེན་ལས་ཁུངས་ནས་ས་གནས་མི་མང་ལ་འཐུང་ཆུ། སྤྱི་སྤྱོད་གསང་སྤྱོད། ཉམ་ཐག་ཁྱིམ་ཚང་སྒེར་ལ་གསང་སྤྱོད།...
དཔལ་ལྡན་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་གཞུང་འབྲེལ་འཚམས་གཟིགས་མུ་མཐུད་གནང་བཞིན་པ།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༡༠ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠།༣༠ བར་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་སྤྱི་མི་མང་ཚོགས་ཁང་དུ་དཔལ་ལྡན་ནང་སྲིད་བཀའ་བློན་གཙོ་གཙོ་དཔོན་དཔལ་ལྡན་དོན་གྲུབ་མཆོག་དང་། ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གཙོས་པའི་ཚོགས་མི་རྣམ་པ། ས་གནས་རང་བདེན་ཚོགས་ཆུང་གོ་ཚོགས་གཙོ་དང་ཚོགས་མི། ས་གནས་མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ། ལས་བྱེད་རྣམ་པ། སྨན་ལྷ་འཕྲོད་བསྟེན་སྨན་ཁང་གི་སྨན་པ་དང་ལས་བྱེད། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ཡན་ལག་གི་སྨན་པ་དང་ལས་བྱེད། ས་གནས་གཞིས་གྲོང་ལྔའི་སྤྱི་མི་དང་ས་ཁང་ཚོགས་ཆུང་། ཕ་མའི་འཐུས་མི། གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་གི་ལས་སྣེ་བཅས་ལྷན་འཛོམས་ཀྱིས་བཞུགས་མོལ་ཚོགས་འདུ་ཚོགས་ཡོད། སྐབས་དེར་དང་ཐོག་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་ས་གནས་ལས་ཀྱི་སྣེ་མོ་བ་ཡོངས་ལ་འཚམས་འདྲི་དང་། གཞིས་ཆགས་ནང་འགན་འཁུར་བཞིན་པའི་གནད་ཡོད་མི་སྣ་མང་པོ་ཞིག་གཞོན་སྐྱེས་ཡིན་པ་དགའ་ཚོར་ཆེན་པོ་བྱུང་བའི་ལེགས་གསོལ་བསྔགས་བརྗོད་གནང་བ་དང་སྦྲགས། ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་ཐོག་མར་འགོ་བཙུགས་སྐབས་ཀྱི་གནས་སྟངས་དང་། ད་ལྟའི་ཆར་ཡར་རྒྱས་ཕྱིན་ཡོད་པའི་རྣམ་པ་ཧ་ཅང་གསལ་པོ་མཐོང་ཆོས་སུ་ཡོད་པ་རྣམས་གཙོ་ཆེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཡིན་པ་དྲན་དགོས་པ་དང་། བོད་མིའི་སྒྲིག་འཛུགས་དང་མི་རབས་རྒན་པ་རྣམ་པས་སྐུ་ལས་ཧ་ཅང་བསྐྱོན་པའི་དོན་འབྲས་ཡིན་པ་རེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཞིས་ཆགས་ཚགས་ཚུད་གནས་དགོས་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་ས་གནས་ཀྱི་འགོ་ཁྲིད་དང་གཞིས་མི་དབར་ཕན་ཚུན་མཐུན་སྒྲིལ་དང་གཅིག་ཕན་གཅིག་གྲོགས་ཀྱི་འདུ་ཤེས་དགོས་པ་དེ་རེད། དེ་ཡང་ཁྱིམ་ཚང་མི་རེ་ངོ་རེ་དང་གཞིས་གྲོང་ནང་གཞིས་མི་ཕར་ཚུར་འཆམ་པོ་དགོས་རྒྱུ་དེ་གལ་ཆེ་བ་དང་། འཆམ་མཐུན་དང་མཐུན་སྒྲིལ་ལ་བརྟེན་ནས་གཞིས་གྲོང་ནང་རང་གཞན་ཀུན་ལ་དཀའ་ངལ་མི་འཕྲད་པ་དང་བཀྲ་ཤིས་ལོ་ལེགས་དང་ཚ་ཚ་འུར་འུར་ངང་འཚོ་བ་བསྐྱལ་ཐུབ་ཀྱི་ཡོད། གཞིས་གྲོང་ནང་གི་གཞིས་མི་དབར་མཐུན་སྒྲིལ་དམ་ཚིག་ལ་བརྟེན་ནས་གཞིས་ཆགས་ཡོངས་ལ་དཀའ་ངལ་མི་འཕྲད་པའི་གནས་སྟངས་འོག་རང་བཞིན་གྱིས་ས་གནས་འགོ་འཛིན་ལས་ཁུངས་དང་ནང་སྲིད་ལས་ཁུངས་བཅས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཆེ་འབྲིང་ཆུང་གསུམ་ཆ་ཚང་རྙོག་གླེང་མེད་པར་བོད་ཀྱི་རྩ་དོན་ཆེད་ཕན་ནུས་ཀྱི་ནུས་པ་ཕྱོགས་སུ་སྤུངས་ཐུབ་ཀྱི་ཡོད། གཞིས་ཆགས་ནང་སྤྱི་ཚོགས་ལས་དོན་ཆེད་འགོ་ཁྲིད་གནད་ཡོད་མི་སྣ་གོ་གནས་ཡོད་མེད་ལ་མ་ལྟོས་པར་སྤྱི་པའི་ལས་དོན་ལ་ལྷག་བསམ་དྲང་བདེན་ངང་སྤྱི་ཚོགས་ཞབས་ཞུ་སྒྲུབ་ཐུབ་པ་ངེས་པར་དུ་ཆོད་སེམས་བརྟན་པོ་དགོས་པའི་ལམ་སྟོན་གནང་ཡོད་པ་དང་། འགོ་ཁྲིད་མཁན་རྣམས་ནས་སྲི་ཞུའི་ཞབས་འདེགས་བསྒྲུབ་རྒྱུར་རྩ་བ་དེ་ནི་བྱམས་དང་སྙིང་རྗེའི་ས་བོན་རང་ཆས་སུ་ཡོད་དགོས། སོ་སོའི་ཁྱབ་ཁོངས་སུ་ཡོད་པའི་འཁོས་ཞན་ཉམ་ཐག་དང་། དམིགས་བསལ་དགོས་མཁོ་ཅན་ལ་སོགས་པའི་འཚོ་རྟེན་ཐོག་དཀའ་ངལ་ཅན་གྱི་གཞིས་མི་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་གཟིགས་རྟོག་དང་དཀའ་ངལ་སེལ་ཐུབ་པ་བྱེད་དགོས་པ་ནི་འགོ་ཁྲིད་རྣམ་པའི་འོས་འགན་ཡིན་པ་ཡོངས་གྲགས་སུ་ཨིན་སྐད་ནང་བཤད་སྲོལ་ཞིག་ལ་ (Leadership from the bottom)...
ཨ་རིའི་རླུང་འཕྲིན་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་གྱི་བོད་སྐད་ལེ་ཚན་སླར་གསོ་དགོས་པའི་རེ་འབོད་ཞུས།
ཨ་རིའི་རླུང་འཕྲིན་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་གཉིས་ཀྱི་བོད་སྐད་ལེ་ཚན་སླར་གསོ་དང་བྱེད་ནུས་ཆེ་རུ་གཏོང་དགོས་པའི་རེ་འབོད་བྱས། The post ཨ་རིའི་རླུང་འཕྲིན་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་གྱི་བོད་སྐད་ལེ་ཚན་སླར་གསོ་དགོས་པའི་རེ་འབོད་ཞུས། appeared first on བོད་ཀྱི་དུས་བབ།.
དཔལ་ལྡན་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གིས་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་མང་ཚོགས་ལ་གསུང་བཤད་དང་དགོན་སྡེ་ཁག་ལ་གཟིགས་སྐོར་ཕེབས་པ།
༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༩ ཉིན་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གིས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་དང་། བདེ་སྐྱིད་སླར་གསོ་གཉིས་ཀྱི་མང་ཚོགས་ལ་གསུང་བཤད་གནང་བ་དང་། དེ་བཞིན་བརྩེ་ཆེན་ཆོས་འཁོར་གླིང་ས་སྐྱ་དགོན་དང་། ཀརྨ་བཀའ་བརྒྱུད་དགོན། འབྲུག་པ་བཀའ་བརྒྱུད་དགོན་བཅས་ལ་མཆོད་མཇལ་དུ་ཕེབས་པ། དེ་མཚུངས་འཕྲོད་བསྟེན་གྱི་ལས་གཞི་ཁག་དང་། ཀ་རུ་ན་ཕན་བདེ་དགའ་ཚལ་གླིང་། བོད་ཁྱིམ་སློབ་གྲྭ་བཅས་ལ་གཟིགས་སྐོར་དུ་ཕེབས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་མང་ཚོགས་ལ་གསུང་བཤད་གནང་རྒྱུའི་ལས་རིམ་དབུ་འཛུགས་ཀྱི་ཐོག་མར། དཔལ་ལྡན་བཀའ་བློན་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་བ་དང་འབྲེལ་མར་མེ་ཞལ་ཕྱེ་གནང་སྟེ་མཛད་སྒོ་དབུ་འཛུགས་གནང་ཞིང་། དེ་རྗེས་ས་གནས་འགོ་འཛིན་ནས་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གི་ཕྱི་ཟླ་ ༡༠ ཚེས་ ༢༦ ནས་ད་བར་གྱི་མཛད་འཆར་ཁག་དང་མཛད་རྣམ་སྙིང་བསྡུས་ངོ་སྤྲོད་གནང་།དེ་ནས་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ནས་འདས་པའི་ཟླ་བ་ལྔའི་ནང་སྐབས་ ༡༧ པའི་འཛིན་སྐྱོང་བཀའ་ཤག་གི་ལས་དོན་གནང་ཕྱོགས་དང་། རྒྱལ་སྤྱིའི་ཐོག་བོད་ཀྱི་ཛ་དྲག་གནད་དོན་ཞུ་གཏུག་གནང་ཕྱོགས་ཀྱི་ལམ་སྟོན། གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་ལ་འབྲེལ་བ་ཞུ་ཕྱོགས། དགའ་ལྡན་ཕོ་བྲང་ལ་དུས་ནས་དུས་སུ་འབྲེལ་བ་ཞུ་ཕྱོགས། ཕྱི་རྒྱལ་དོན་གཅོད་ཁག་ལ་འབྲེལ་བ་ཞུ་ཕྱོགས། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ཐོག་ཕྱག་ལས་གནང་ཕྱོགས། ཕྱི་རྒྱལ་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ལ་འབྲེལ་བ་ཞུ་ཕྱོགས་བཅས་ཀྱི་ཡིག་ཆའི་ཐོག་ཕྱག་ལས་གནང་ཡོད་སྐོར་གསུངས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འགན་དང་དམིགས་ཡུལ་གཙོ་བོ་གཉིས་ནི། རྒྱལ་སྤྱིའི་ཐོག་བོད་དོན་གོ་རྟོགས་སྤེལ་རྒྱུ་དང་། བཙན་བྱོལ་དུ་གནས་པའི་བོད་མི་རྣམས་ཀྱི་འཚོ་བའི་བདེ་སྡུག་ལ་གཟིགས་རྟོག་གནང་རྒྱུ་དེ་ཡིན་པ། མ་འོངས་ལོ་ལྔའི་ནང་གི་འཆར་གཞིའི་ཕུགས་དམིགས་ཡིག་ཆ་དང་། བོད་ནང་གི་བོད་མིའི་གནས་སྟངས་ཛ་དྲག་ཆེ་བར་བརྟེན།...
དཔལ་ལྡན་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་སྦེལ་ཀོབ་ཏུ་དགོན་སྡེ་ཁག་ལ་མཆོད་མཇལ་དང་དགོན་པའི་སྨན་ཁང་ཁག་ལ་གཟིགས་སྐོར་དུ་ཕེབས་པ།
༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གིས་ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༨ ཉིན་སེ་ར་བླ་སྤྱི་དང་། སེར་སྨད་གྲྭ་ཚང་། སེར་བྱེས་གྲྭ་ཚང་། བཀྲ་ཤིས་ལྷུན་པོ་གྲྭ་ཚང་། འབྲི་གུང་བཀའ་བརྒྱུད་དགོན་པ་བཅས་ལ་མཆོད་མཇལ་དང་། དགོན་སྡེ་ཁག་གི་སྨན་ཁང་རྣམས་སུ་གཟིགས་སྐོར་དུ་ཕེབས་ཡོད། དེ་ཡང་བཀའ་བློན་མཆོག་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་སེ་ར་བླ་སྤྱི་དང་། སེར་སྨད། སེར་བྱེས་གྲྭ་ཚང་བཅས་ལ་མཆོད་མཇལ་དུ་ཕེབས་སྐབས། དགོན་པའི་མཁན་རིན་པོ་ཆེ་མཆོག་དང་ཕྱག་མཛོད་རྣམ་པས་ཕེབས་བསུའི་སྣེ་ལེན་ཞུས་རྗེས་སེར་སྨད་གྲྭ་ཚང་གི་སྨན་ཁང་དུ་གཟིགས་སྐོར་ལ་ཕེབས་སྐབས། སྨན་ཁང་གི་འགན་འཛིན་ནས་སྨན་ཁང་གི་སྡེ་ཚན་ཁག་དང་། ཕྱི་ལུགས་དང་བོད་ལུགས་གཉིས་ཀའི་སྨན་བཅོས་མཐུན་རྐྱེན་ཡོད་སྐོར་སོགས་ངོ་སྤྲོད་གནང་བ་དང་སྦྲགས། སྨན་རྩིས་ཁང་ནས་རྣམ་གྲོལ་གླིང་དང་སེར་བྱེས་སྨན་ཁང་བཅས་ལ་སྐོར་སྐྱོད་སྨན་པ་ཡང་ཕེབས་བཞིན་ཡོད་སྐོར་གསུངས། དེ་བཞིན་སྨན་ཁང་གི་ངོས་ནས་གྲྭ་ཚང་གི་དགེ་འདུན་པ་ཙམ་མིན་པར། ས་གནས་གཞིས་མི་དང་ཡུལ་མི་ཡོངས་ལ་རིན་མེད་ཐོག་སྨན་བཅོས་ཀྱི་མཐུན་འགྱུར་གནང་མུས་ཡིན་སྐོར་སྙན་སེང་ཞུས། དེ་ནས་སྨན་ཁང་གི་འགན་འཛིན་རྣམ་པ་ལྷན་འཛོམས་ཐོག ས་གནས་ཀྱི་གད་སྙིགས་དང་། ཆུའི་དཀའ་ངལ། ལས་བྱེད་པའི་ལག་འཁྱེར་དང་འབྲེལ་བའི་དཀའ་ངལ་སོགས་སྨན་ཁང་དང་འབྲེལ་བའི་དཀའ་ངལ་ཁག་གཅིག་སྙན་སེང་ཞུས་པར། དཔལ་ལྡན་བཀའ་བློན་མཆོག་ནས་འཛིན་སྐྱོང་བཀའ་ཤག་གི་ལས་དོན་གནང་ཕྱོགས་སྤྱི་དང་། ལྷག་པར་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་མཐུན་འགྱུར་གང་ཐུབ་གནང་རྒྱུ་ཡིན་སྐོར། དེ་བཞིན་ལས་བྱེད་གཞོན་སྐྱེས་རྣམས་ནས་མུ་མཐུད་སྤྱི་པའི་ཞབས་ཕྱི་སྒྲུབ་དགོས་སྐོར་བཅས་གསུངས།དེ་ནས་སེར་བྱེས་སྨན་ཁང་དུ་གཟིགས་སྐོར་ལ་ཕེབས་སྐབས། སྨན་ཁང་གི་འགན་འཛིན་ནས་སྡེ་ཚན་ཁག་ངོ་སྤྲོད་གནང་བ་དང་། སྨན་ཁང་གཞན་ལ་མེད་པའི་མཐུན་རྐྱེན་ཁག་གཅིག་ཡོད་པ། ཆེད་ལས་སྨན་པ་སྐོར་སྐྱོད་དུ་ཕེབས་བཞིན་ཡོད་སྐོར་སོགས་སྙན་སེང་ཞུས། སྐབས་དེར་དཔལ་ལྡན་བཀའ་བློན་མཆོག་ནས་ལས་བྱེད་རྣམ་པས་ཕྱག་ལས་ཡག་པོ་གནང་བཞིན་ཡོད་པར་བསྔགས་བརྗོད་གནང་བ་དང་། ལྷག་པར་གཞོན་སྐྱེས་རྣམས་ནས་མུ་མཐུད་སྤྱི་པའི་ཞབས་ཕྱི་སྒྲུབ་དགོས་པའི་ལམ་སྟོན་གནང་། དེ་རྗེས་དགོན་པའི་སྨན་ཁང་གསར་རྒྱག་གི་ལས་གཞིར་གཟིགས་སྐོར་དུ་ཕེབས་ཡོད། ཉིན་རྒྱབ་གདན་ས་བཀྲ་ཤིས་ལྷུན་པོར་ཕེབས་སྐབས་མཁན་རིན་པོ་ཆེ་མཆོག་དང་ཕྱག་མཛོད་རྣམ་པས་ཕེབས་བསུ་ཞུས་ཡོད། མཆོད་མཇལ་གྲུབ་རྗེས་བཀྲ་ཤིས་ལྷུན་པོའི་སྨན་ཁང་དུ་གཟིགས་སྐོར་ལ་ཕེབས་སྐབས།...
རྒྱ་ནག་གི་གནོན་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་བོད་མིའི་འགོ་ཁྲིད་ཚོས་གདོང་ལེན།
"བོད་མིའི་ལས་འགུལ་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་བ་བྱ་རྒྱུ་འདི་ད་ལྟའི་དུས་སྐབས་འདིར་ཧ་ཅང་གི་གལ་གནད་ཆེ།"ཞེས་བརྗོད་པ།
རིག་གནས་གསར་བརྗེའི་སྐབས་དྲག་པོའི་འཐབ་རྩོད་ཁྲོད་ཀྱི་ཤི་རྨས།
ལོ་ངོ་ ༦༠ ཡི་སྔོན་རིག་གནས་གསར་བརྗེའི་ལས་འགུལ་འདིས་བོད་མིར་དྲག་གནོན་དང་དམར་གསོད་ཀྱི་གཏོར་བཤིག་ཕོག་པ།
ཟི་ལིང་གྲོང་ཁྱེར་དུ་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག
རྒྱ་ནག་གཞུང་གིས་ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་ཀྱིས་ཕྱི་རྒྱལ་གྱི་བོད་རིགས་སྤུན་ཟླས་གཉེན་འཕྲད་དང་མ་དངུལ་འཇོག་པ།གཏན་སྡོད་བྱེད་པ་བཅས་ལ་ཞབས་ཞུ་བསྒྲུབ་རྒྱུ་ཡིན་ལུགས་བཤད། The post ཟི་ལིང་གྲོང་ཁྱེར་དུ་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག appeared first on བོད་ཀྱི་དུས་བབ།.
རྒྱ་ནག་གི་གླེང་སྟེགས་ ༢༠༢༦ ཐོག་བོད་ཀྱི་མ་འོངས་གནས་བབ་དང་། སྐུའི་ཡང་སྲིད། རྒྱ་ནག་གི་དྲག་གནོན་སྐོར་དཔྱད་ཞིབ་བགྲོ་གླེང་གནང་འདུག
ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་འཚོགས་པའི་རྒྱ་ནག་གི་གླེང་སྟེགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། རྒྱ་ནག་གིས་བོད་ཀྱི་འདས་པའི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་པ་དེར་བོད་མིའི་སྒྲིག་འཛུགས་ནས་རྒྱལ་སྤྱིའི་སྟེང་གདོང་ལེན་བྱེད་བཞིན་ཡོད་པ་གསུངས་འདུག དེ་ཡང་ཁ་སང་ཟླ་བ་འདིའི་ཚེས་ ༩ དང་ ༡༠ བཅས་ཉིན་གྲངས་གཉིས་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་དམར་པོའི་སྲིད་གཞུང་གི་དམར་ཤོག་རིང་ལུགས་ཀྱི་གནོད་འཚེ་ཕོག་ཡུལ་དྲན་རྟེན་ཚོགས་པས་ (Victims of Communism Memorial Foundation) གོ་སྒྲིག་ཞུས་པའི་རྒྱ་ནག་གི་གླེང་སྟེགས་ ༢༠༢༦ ཐོག བོད་ཀྱི་མ་འོངས་པའི་གནས་བབ་དང་། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་གནད་དོན། བོད་ཐོག་རྒྱ་ནག་གིས་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ཀྱི་སྐོར་དཔྱད་ཞིབ་བགྲོ་གླེང་ཞིག་གནང་འདུག ཚོགས་འདུའི་ཉིན་དང་པོར་དམར་པོའི་སྲིད་གཞུང་གི་དམར་ཤོག་རིང་ལུགས་ཀྱི་གནོད་འཚེ་ཕོག་ཡུལ་དྲན་རྟེན་ཚོགས་པའི་ངེས་སྟོན་པ་དང་ཉམས་ཞིབ་པ་རྒན་པ་འབུམ་རམས་པ་ཨེ་ཊེན་ཛེན་ (Adrian Zenz) ལགས་ཀྱིས། བོད་རང་སྐྱོང་ལྗོངས་སུ་རྒྱ་ནག་གཞུང་གིས་བཙན་འགེལ་བྱས་པའི་ངལ་རྩོལ་སྒྱུར་བཀོད་ཀྱི་ཉེན་ཁར་དབྱེ་ཞིབ་ཅེས་པའི་སྙན་ཐོ་སྒྲོག་སྦྱང་དང་། དེ་རྗེས་བོད་ཀྱི་མ་འོངས་པའི་གནས་བབ། སྐུའི་ཡང་སྲིད། དྲག་གནོན། མང་གཙོའི་བརྡ་ལན་ཞེས་པའི་བགྲོ་གླེང་ལྷན་ཚོགས་འཚོགས་ཏེ། རྒྱ་ནག་གཞུང་གིས་བོད་མ་འོངས་པའི་གནས་བབ་སྤྱི་དང་། ལྷག་པར་དུ་སྐུའི་ཡང་སྲིད་ངོས་འཛིན་ཞུ་སྒོར་ཐེ་བྱུས། དེ་བཞིན་བོད་ནང་རྒྱ་ནག་གི་དབང་སྒྱུར་སྲ་བརྟན་དང་། མི་རིགས་བཙན་སྒྱུར་ལས་དོན་མགྱོགས་སུ་གཏང་རྒྱུ་མཚོན་པའི་ངོ་རྒོལ་ལས་འགུལ་གཏན་ནས་མེད་པ་བཟོ་རྒྱུར་རྒྱ་གཞུང་གིས་ཡར་རྒྱས་ཀྱི་སྲིད་བྱུས་དང་། ངལ་རྩོལ་བ་གནས་སྤོ། ཁྲིམས་སྒྲིག་བསྐྱར་བཅོས་བྱེད་བཞིན་པའི་གནས་ཚུལ་གསལ་སྟོན་དང་། དེ་ལ་བརྟེན་ནས་འབྱུང་འགྱུར་བོད་ནང་འགྱུར་བ་གང་འགྲོ་སྲིད་པ་དང་། ལྷག་པར་དུ་ཨ་རི་མཚོན་པའི་མང་གཙོའི་རྒྱལ་ཁབ་ཚོས་བོད་མིའི་ཆོས་དད་རང་དབང་དང་། བོད་མིའི་ངོ་བོ་སྲུང་སྐྱོབ་ལ་རྒྱབ་སྐྱོར་དང་། རྒྱ་ནག་གཞུང་གིས་བོད་དང་བོད་ཕྱི་ལོགས་སུ་དྲག་གནོན་བྱེད་བཞིན་པར་གདོང་ལེན་བྱེད་ཐབས་གང་ཡོད་སྐོར་དབྱེ་ཞིབ་གནང་འདུག བགྲོ་གླེང་ལྷན་ཚོགས་ཐོག་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལ་འགུལ་ཁང་གི་སྤྱི་ཁྱབ་ངེས་སྟོན་པ་ར་ཡེན་ཧྤི་རོ་སི་ཀི་...
དྷ་རམ་ས་ལ་ནས་སྐྱེ་འཚར་བྱུང་བའི་བོད་པའི་བུ་མོ་ཞིག་འཛམ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་བརྒྱའི་ཁོངས་སུ་བདམས་དོན་ཅི་ཡིན་ནམ།
བོད་པའི་བུ་མོ་བསྟན་འཛིན་གསལ་སྒྲོན་ལགས་རྒྱལ་སྤྱིའི་དུས་བབ་དུས་དེབ་ཀྱི་ཕྱི་ལོ་ ༢༠༢༦ ལོའི་ཤུགས་རྐྱེན་ཆེས་ཆེ་བའི་གནམ་གཤིས་འགྱུར་ལྡོག་སྲུང་སྐྱོབ་བྱེད་པའི་མི་སྣ་བརྒྱ་དང་དེའི་ནང་ནས་ཀྱང་གསར་གཏོད་མི་སྣ་ ༢༠ ཁོངས་སུ་བདམས་འདུག བོད་པའི་བུ་མོ་བསྟན་འཛིན་གསལ་སྒྲོན་ལགས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་ནང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སྲུང་སྐྱོབ་བྱེད་པར་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་བརྒྱའི་ཁོངས་དང་དེའི་ནང་ནས་ཀྱང་གསར་གཏོད་ཀྱི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་ ༢༠ ཁོངས་སུ་བདམས་འདུག ཁོང་མོས་འཛམ་གླིང་རྒྱལ་ཁབ་ཁག་གི་(GDP) རྒྱལ་ཡོངས་སྤྱི་འབོར་ཐོན་སྐྱེད་ནི་ཕྱིར་འདོན་བྱས་པའི་ཐོན་སྐྱེད་ཡོངས་ཀྱི་སྤྱི་འབོར་ཁོ་ནར་རྩིས་རྒྱག་པ་ལས་སླར་གསོ་བྱེད་པར་རིན་ཐང་སྤྲོད་པའི་རྒྱལ་ཡོངས་སྤྱི་འབོར་བསྐྱར་གསོ་ (GDR) ཞེས་པའི་སྒྲོམ་གཞི་ཞིག་གསར་གཏོད་བྱས་ཡོད། བསྟན་འཛིན་གསལ་སྒྲོན་ལགས་ཀྱི་གསར་གཏོད་ཀྱི་ལྟེ་བ་ནི་རྒྱལ་ཡོངས་སྤྱི་འབོར་ཐོན་སྐྱེད་ (Gross Domestic Product – GDP) ཅེས་པའི་དཔལ་འབྱོར་འཇལ་ཚད་དེའི་ཚབ་ཏུ་རྒྱལ་ཡོངས་སྤྱི་འབོར་བསྐྱར་གསོ་ (Gross Domestic Regeneration – GDR) ཞེས་པའི་འཇལ་ཐབས་གསར་པ་ཞིག་འཛུགས་དགོས་པ་དེ་རེད། རྒྱལ་ཡོངས་སྤྱི་འབོར་བསྐྱར་གསོ་ཞེས་པ་ནི་དཔལ་འབྱོར་གྱི་འཕེལ་རྒྱས་ནི་ཐོན་སྐྱེད་དང་དངུལ་འབོར་འཕར་བ་ཙམ་ལ་མི་བལྟ་བར། རང་བྱུང་ཁོར་ཡུག་སླར་གསོ་བྱེད་པ། མིའི་བདེ་ཐང་དང་འཚོ་བ་ཡར་རྒྱས་གཏོང་བ། ཡུན་གནས་ཀྱི་འཚོ་ཐབས་གསར་གཏོད་བྱེད་པ་བཅས་ལ་གཞིགས་ནས་འཇལ་དགོས་པའི་ལྟ་བ་ཞིག་རེད། ཁོང་མོའི་རྒྱལ་ཡོངས་སྤྱི་འབོར་བསྐྱར་གསོའི་སྒྲོམ་གཞིར་རྩ་བའི་ཀ་བ་གསུམ་ཡོད་པ་སྟེ། ཁོར་ཡུག་བསྐྱར་གསོ། སྤྱི་ཚོགས་བསྐྱར་གསོ། དཔལ་འབྱོར་བསྐྱར་གསོ་བཅས་རེད། མདོར་ན་བསྟན་འཛིན་གསལ་སྒྲོན་ལགས་ཀྱིས། དངོས་གནས་ཀྱི་འབྱོར་ཕྱུག་ནི་དཔལ་འབྱོར་གྱིས་ཅི་ཙམ་ཐོན་སྐྱེད་བྱེད་པ་ཁོ་ནས་འཇལ་བ་མ་ཡིན་པར། དེས་རང་བྱུང་ཁོར་ཡུག་དང་། སྤྱི་ཚོགས།...
ཟླ་བ་གསུམ་གྱི་ནང་རྒྱ་ནག་ཏུ་ངོ་རྒོལ་ལས་འགུལ་གྲངས་༩༤༨ བྱུང་།
ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་རང་དབང་ཁང་པས་(Freedom House) ཕྱི་ལོ ༢༠༢༦ ལོའི་ཟླ་༧ པ་ནས་༩ བར་གྱི་ཟླ་གསུམ་ནང་རྒྱ་ནག་ནང་ཁུལ་དུ་མང་ཚོགས་ཀྱི་ངོ་རྒོལ་ལས་འགུལ་བྱུང་ཚུལ་སྐོར་གྱི་ཞིབ་འཇུག་སྙན་ཐོ་གསར་པ་ཞིག་བཏོན་ཡོད་འདུག སྙན་ཐོ་དེའི་ནང་དབྱར་དུས་ཟླ་བ་གསུམ་གྱི་རིང་རྒྱ་ནག་གཞུང་གིས་དྲག་གནོན་དང་འཛིན་བཟུང་དམ་དྲག་ཤུགས་ཆེ་བཏང་ཡོད་ནའང་མང་ཚོགས་ཀྱི་ངོ་རྒོལ་ལས་འགུལ་ཁག་ཅིག་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད་པ་གསལ་འདོན་གནང་འདུག ཕྱི་ལོ་༢༠༢༦ The post ཟླ་བ་གསུམ་གྱི་ནང་རྒྱ་ནག་ཏུ་ངོ་རྒོལ་ལས་འགུལ་གྲངས་༩༤༨ བྱུང་། appeared first on བོད་ཀྱི་བང་ཆེན།.
དབྱིན་ཇིའི་རྩོམ་པ་པོ་ཨེམ་ཇོན་ཧེ་རི་སོན་ལ་ཕྱི་ལོ་ ༢༠༢༦ ལོའི་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ཐོབ།
འདི་ལོའི་བྷུ་ཁུར་རྩོམ་རིག་ཀར་གཟེངས་རྟགས་ (Booker Prize) དེ་དབྱིན་ཇིའི་རྩོམ་པ་པོ་གྲགས་ཅན་ཨེམ་ཇོན་ཧེ་རི་སོན་ལ་ཐོབ་འདུག The post དབྱིན་ཇིའི་རྩོམ་པ་པོ་ཨེམ་ཇོན་ཧེ་རི་སོན་ལ་ཕྱི་ལོ་ ༢༠༢༦ ལོའི་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ཐོབ། appeared first on བོད་ཀྱི་དུས་བབ།.
དཔལ་ལྡན་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གི་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་ཕྱོགས་སྐྱོད་ལས་ཉིན་གཉིས་པའི་གནས་ཚུལ།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༩ རེས་གཟའ་ཟླ་བ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་དཔལ་ལྡན་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་ཨོ་ཌི་ཤ་ཕུན་ཚོགས་གླིང་ས་གནས་རྒས་གསོ་ཁང་དུ་འཚམས་གཟིགས་དང་སྦྲགས། འགན་འཛིན་ལས་བྱེད་དང་རྒན་རྒོན་རྣམས་དང་ལྷན་ཐུག་འཕྲད་གནང་རྗེས་རྒས་གསོ་ཁང་གི་ཉེ་འདབས་སུ་ཆགས་པའི་སེར་བྱེས་བདེ་ཆེན་ཆོས་འཕེལ་གླིང་དགོན་པའི་ཕྱག་མཛོད་ལས་སྣེ་རྣམས་ནས་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཐོག་དགོན་པར་མཆོད་མཇལ་དང་ཕན་ཚུན་འཚམས་འདྲིའི་བཀའ་མོལ་ལྷུག་པོར་གནང་ཡོད།དེ་ནས་རྩིས་ལོ་ ༢༠༢༥༌༌༢༦ དང་རྩིས་ལོ་ ༢༠༢༦༌༌༢༧ ལོའི་ནང་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་གཞིས་སྤོའི་ལས་གཞི་ཁོངས་སྡོད་ཁང་གྲངས་ ༡༧ ཁུངས་སྤྲོད་ཟིན་པའི་དུད་ཚང་ཁག་གཅིག་དང་། དེ་བཞིན་གཞིས་མི་ཉམ་ཐག་གི་སྡོད་ཁང་དང་ཐབ་ཚང་གསར་རྒྱག ཉམས་བཟོའི་ལས་གཞི་གྲུབ་ཟིན་པ་ཁག་ལ་གཟིགས་ཞིབ་གནང་ཡོད། གཞིས་གྲོང་དང་པོ་ནས་ལྔ་པ་ཆ་ཚང་ནང་ཆེད་ཕེབས་ཀྱིས་གཞིས་གྲོང་སོ་སོའི་རྟེན་ཁང་དང་སྤྱི་ཁང་། དེ་བཞིན་ད་ལྟ་འགྲོ་བཞིན་པའི་འཛུགས་སྐྲུན་ལས་གཞི་ཁག་ལ་གཟིགས་ཞིབ་གནང་ཞིང་། བདེ་སྐྱིད་སྐྱེས་ཚལ་བྱིས་བཅོལ་ཁང་ལ་གཟིགས་སྐོར་གྱིས་བྱིས་པ་དང་དགེ་ལས་རྣམས་ལ་ཐུག་འཕྲད་གནང་ཡོད།གཞན་ཡང་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་ཨོ་ཌི་ཤ་ཕུན་ཚོགས་གླིང་གི་སྤྱི་མི་རྣམས་དང་ལྷན་ཚོགས་འདུ་བསྐོང་ཚོགས་གནང་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་དང་ཕྱོགས་མཐའི་ས་གནས་མི་མང་གཉིས་ཀྱི་དབར་འབྲེལ་ལམ་མཚམས་སྦྱོར་གནང་མཁན་ས་གནས་འགོ་འཛིན་ལས་ཁུངས་འོག་གི་འཛིན་སྐྱོང་སྡེ་ཚན་ཆ་ལག་གལ་ཆེ་ཤོས་གཅིག་དེ་མི་མང་ནས་འདེམས་ཐོན་གནང་བའི་སྤྱི་མི་ཁྱེད་རྣམ་པ་ཡིན་པ་མ་ཟད། གཞིས་ཆགས་ཀྱི་ནང་སྤྱི་མི་རྣམས་ཀྱི་འོས་འགན་གཙོ་བོ་ནི། ཁྱབ་ཁོངས་གཞིས་གྲོང་ནང་དུས་ནས་དུས་སུ་གཞིས་མི་ཉམ་ཆུང་འཁོས་ཞན་ཉམ་ཐག་སྐྱབས་མེད་མགོན་མེད་དང་། ནད་གཅོང་། བགྲེས་སོང་། དམིགས་བསལ་དགོས་མཁོ་ཅན་རྣམས་ལ་ཕན་བདེ་དང་བྱམས་བརྩེའི་ངང་གཟིགས་ཞིབ་བདག་སྐྱོང་ཡག་པོ་གནང་དགོས་པ་ལས་ཉམ་ཐག་དཀའ་ངལ་ཅན་རྣམས་གྲོགས་མེད་ཁེར་རྐྱང་དུ་མ་ལུས་པ་གནང་དགོས། དེ་དང་མཉམ་དུ་སྤྱི་མི་རྣམས་ནས་འགོ་ཁྲིད་དེ་ཁྱིམ་ཚང་དང་གཞིས་གྲོང་ནང་འཆམ་མཐུན་སྤྱི་ཚོགས་ཀྱི་ནུས་རྩལ་མུ་མཐུད་གོང་མཐོར་སྤེལ་རྒྱུ་ལ་འབད་འབུངས་གནང་དགོས་པའི་ལམ་སྟོན་གནང་། དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གི་འཛིན་སྐྱོང་དང་འབྲེལ་བའི་ལས་མྱོང་ནང་སྤྱི་མི་རྣམས་དེང་གི་ཆར་ཟང་ཟིང་གི་སྤྱི་ཚོགས་ནང་ཤིང་སྡོང་གི་རྩ་བ་ལྟ་བུ་ཧ་ཅང་གལ་ཆེན་པོ་ཡིན་སྟབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་ལ་མཚན་སྨད་དང་སྒྲོ་སྐུར་བསྙད་འདོགས་བྱེད་མཁན་རིགས་ཀྱི་གཞན་དབང་དུ་མ་སོང་བ་དགོས་པ་དང་། མང་གཙོའི་ལམ་ལུགས་ནང་སྤྱི་མི་ལས་སྣེ་རྣམ་པ་སྤྱི་ཚོགས་ཞབས་ཞུའི་ལས་འགན་ཧུར་བརྩོན་ཐོག་སྐབས་དུས་གཞིས་ཆགས་སུ་ཕྱི་ནང་གསང་གསུམ་གྱི་དཀའ་སྡུག་ཇི་འཕྲད་མི་མང་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ས་གནས་འགོ་འཛིན་ལ་འབྲེལ་ལམ་དམ་གཟབ་ཀྱིས་ནུས་པ་མཉམ་རུབ་ཐོག་ནས་སྤྱི་པའི་ལས་དོན་ཁག་ལ་སྔར་ལྷག་ཕྱར་གྲུ་མཉམ་འདེགས་གནང་དགོས་པའི་སྐུལ་མ་གནང་། དེ་རྗེས་སྤྱི་མི་རྣམ་པས་གཞིས་ཆགས་མང་ཚོགས་ཁྲོད་དཀའ་ངལ་ཇི་ཡོད་གནད་དོན་ཁག་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ལ་སྙན་གསན་ཞུས་གནང་ཡོད།ཉིན་དེའི་མཐའ་མར་རྒྱ་གར་ས་གནས་ཉེན་རྟོག་དཔོན་རིགས་སྐུ་ཞབས་ར་ཇེཤ་ས་ཧུ (RAJESH SAHU) ལགས་ནས་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ལ་མཚམས་འདྲིའི་མཇལ་བཅར་གནང་བ་དང་བསྟུན་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་ས་གནས་འགོ་འཛིན་ལས་ཁུངས་དང་གཞིས་མི་རྣམས་ལ་ཕྱག་རོགས་དང་བདེ་འཇགས་ཐོག་གཟིགས་རྟོག་ལེགས་པོ་གནང་བར་ཐུགས་རྗེ་ཞུས་གནང་བ་དང་འབྲེལ་བོད་མིའི་མང་གཙོའི་འགྲོ་ལུགས་སྐོར་སོགས་ཞོར་མོལ་གནང་ཡོད། །
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རི་ཝ་ཤིང་ཊོན་ཌི་སིར་གཞུང་འབྲེལ་འཚམས་གཟིགས་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རི་ཝ་ཤིང་ཊོན་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་ཀྱི་ཉིན་དང་པོ་དེ་བཞིན་བྱང་ཨ་རི་སྐུ་ཚབ་དོན་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཞུ་གཏུག་སྡེ་ཚན། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ལས་འཆར་འགན་འཛིན་བཅས་དང་ལྷན་བགྲོ་གླེང་གིས་འགོ་འཛུགས་གནང་ཡོད། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པི་ལོ་སི་ (Nancy Pelosi) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་དང་འབྲེལ་བའི་གནས་ཚུལ་མང་དག་ཅིག་གི་ཐོག་བཀའ་བསྡུར་གནང་བ་མ་ཟད། གྲོས་ཚོགས་གོང་མའི་འཐུས་མི་ཁི་རི་སི་ཝན་ཧོ་ལེན་ (Chris Van Hollen) ལགས་ཀྱི་ལས་རོགས་དང་ལྷན་ཚོགས་འདུ་ཞིག་བསྐོང་ཚོགས་གནང་སྟེ་བོད་ནང་གི་ད་ལྟའི་གནས་སྟངས་ཐོག་བགྲོ་གླེང་གནང་ཡོད། ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དམར་པོའི་སྲིད་གཞུང་གི་དམར་ཤོག་རིང་ལུགས་ཀྱི་གནོད་འཚེ་ཕོག་ཡུལ་དྲན་རྟེན་ཚོགས་པས་ (Victims of Communism Memorial Foundation) གོ་སྒྲིག་ཞུས་པའི་རྒྱ་ནག་གི་གླེང་སྟེགས་ཐོག་མཉམ་ཞུགས་ཀྱིས་གསུང་བཤད་གནང་ཡོད་ཅིང་། ཚོགས་འདུའི་ཐོག་གསུང་བཤད་མ་གནང་གོང་འབུམ་རམས་པ་ཨེ་ཌི་རི་ཨན་ཛན་ཛི་ (Adrian Zenz) ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། སྐབས་དེར་བོད་དོན་ཐོག་མཁས་པ་ཁག་གཅིག་གིས་གསུང་བཤད་གནང་ཡོད། དེ་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟུར་པ་དང་གཞུང་ཚབ་པ་པཽ་ལཱ་དྷོ་བི་རིན་སི་ཀི་ (Paula Dobriansky) ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་ཡོད་པ་བཅས། །























