Tibetan
རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།
ཨ་རིའི་གྲོས་ཚོགས་འཐུས་མི་གསུམ་གྱིས་ཨ་རིའི་བདེ་འཇགས་དང་ཞིབ་འཇུག་གི་གནས་བབ་སྲུང་སྐྱོབ་སླད་རྒྱ་ནག་སོགས་དང་འབྲེལ་བ་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མཚམས་འཇོག་དགོས་པའི་ཁྲིམས་འཆར་བཏོན་འདུག The post རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན། appeared first on བོད་ཀྱི་དུས་བབ།.
གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ཝོལ་ཀར་ལགས་ཀྱིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་ཕྱིར་འཐེན་དགོས་པའི་འབོད་སྐུལ་གནང་། The post གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་། appeared first on བོད་ཀྱི་དུས་བབ།.
དཔལ་ལྡན་ཚོགས་གཙོ་མཆོག་གིས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་དང་མཇལ་འཕྲད་གནང་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༦ པའི་ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༤༥ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཚོགས་གཙོའི་ལས་ཁུངས་སུ་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་སྐུ་ཞབས་མེཀ་ ཁེ་རེ་མར་ (Mike Cramer) ལགས་དང་། ལྕམ་སྐུ་རཱ་དྷ་ར་ནི་ ཐ་ཀུ་རེཡ་ (Radharani Thakuria) ལགས་རྣམ་གཉིས་དང་ལྷན་མཇལ་འཕྲད་གནང་སོང་། མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོ་བོ་གསུང་དོན། ཨ་རིའི་གྲོས་ཚོགས་ནས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་དང་། དེར་ཨ་རིའི་སྲིད་འཛིན་མཆོག་ནས་མཚན་རྟགས་བཀོད་དེ་ཨ་རིའི་གཞུང་འབྲེལ་སྲིད་བྱུས་སུ་གཏན་འབེབས་གནང་བ། ཨ་རིའི་རོགས་ཚོགས་ (USAID) ཀྱི་ཐོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་སླད་བོད་མིའི་སྒྲིག་འཛུགས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་བ་སོགས་ཨ་རིའི་གཞུང་མང་གཉིས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། དེ་བཞིན་རྒྱ་ནག་གཞུང་ནས་བོད་དོན་སྐོར་རྒྱལ་སྤྱིའི་ནང་འགྲེལ་བརྗོད་ལོག་པ་བྱེད་བཞིན་པར་གདོང་ལེན་ཆེད། ཨ་རིའི་གཞུང་ནས་གཏན་འབེབས་གནང་བའི་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གི་གལ་གནད་སྐོར་དང་། ཁྲིམས་ཡིག་དེ་ནི་མང་གཙོའི་རྒྱལ་ཁབ་གཞན་ཚོ་ལའང་མིག་དཔེ་བལྟ་ས་ཞིག་ཆགས་ཀྱི་ཡོད་སྐོར་སོགས་གསུངས་སོང་། དེ་བཞིན་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གོ་སྒྲིག་ཞུ་བཞིན་ཡོད་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སྐོར་སྤྱི་དང་། ལྷག་པར་ཕྱི་ལོ་ ༢༠༢༥ ལོར་ཉི་འོང་རྒྱལ་ས་ཊོཀ་ཡོར་བསྐོང་ཚོགས་གནང་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པའི་སྐབས་གཏན་འབེབས་གནང་བའི་ཊོཀ་ཡོ་སྤྱི་བསྒྲགས་དང་། མ་འོངས་ལག་བསྟར་འཆར་གཞི། གྲོས་ཆོད་བཅས་ཀྱི་སྐོར་ལ་ངོ་སྤྲོད་གནང་སོང་། གཞན་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གིས། མཐོ་སྒང་བོད་ཀྱི་ས་ཆའི་ཆགས་བབས་དང་། ལྷོ་ཨེ་ཤི་ཡའི་ནང་བབས་པའི་གཙང་པོ་ཆེ་ཁག་གི་འབྱུང་ཁུངས་བོད་ཡིན་པའི་ཆ་ནས་འཛམ་གླིང་སྤྱི་དང་། ལྷག་པར་ལྷོ་ཨེ་ཤི་ཡའི་ཁུལ་ལ་མཐོ་སྒང་བོད་ཀྱི་ཁོར་ཡུག་ཇི་ཙམ་གལ་གནད་ཆེན་པོ་ཡིན་པ་དང་།...
རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལ་ཕྱི་ནང་གི་ལྟ་ཚུལ།
རྒྱ་ནག་གཞུང་གིས་གཏན་ལ་ཕབ་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཟེར་བ་དེ་ཟླ་ ༧ ཚེས་ ༡ ཉིན་ནས་དངོས་སུ་ལག་བསྟར་བྱེད་ཀྱི་ཡོད་པ་དང་། ཁྲིམས་འདི་བརྒྱུད་ནས་བོད་མིའི་ཐོབ་ཐང་དང་ངོ་བོ། རིག་གཞུང་ལ་སོགས་པར་དམ་དྲག་དང་། བཙན་ཤེད་ཀྱིས་རྒྱ་འགྱུར་གྱི་སྲིད་ཇུས་སྤེལ་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་སྐྱོན་བརྗོད་དང་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། བོད་ནང་གི་བོད་མི་ཚོའི་ཁྲོད་དུ་ཡང་གཞུང་ཕྱོགས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་མིང་ཐོག་ནས་ཚོགས་འདུ་དང་སློབ་སྦྱོང་མང་པོ་བཙན་ཤེད་ཀྱིས་སྐོང་ཚོགས་བྱས་པར་སུན་སྣང་བྱེད་ཀྱི་ཡོད་འདུག
ཁྲིམས་ཞིབ་པ་ཆེ་བ་ཟུར་པ་རྒན་ཆེན་ངག་དབང་འཕེལ་རྒྱལ་ལཊ་དགུང་ལོ་ ༧༤ ཐོག་དགོངས་པ་རྫོཊ་འདུག
མི་ལོ་ཧྲིལ་པོ་ ༤༠ རིང་སྲི་ཞུ་བའི་ཐེག་པ་རིམ་འཛེགས་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་བར་ཞབས་ཞུ་བསྒྲུབས
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག
སང་ཉིན་ནས་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་རྒྱང་སྒྲོག་གི་བརྡ་རྟགས་སྤུས་ཚད་མཐོ་རུ་གཏོང་ཆེད་དང་། སྒྲིག་ཆས་གསར་སྒྱུར་སླད་རླུང་འཕྲིན་གྱི་ལས་རིམ་དག་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་ཟེར། The post མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག appeared first on བོད་ཀྱི་དུས་བབ།.
ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱས་མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་རྒན་ཆེན་ངག་དབང་འཕེལ་རྒྱས་མཆོག་ཟླ་འདིའི་ཕྱི་ཚེས་ ༢༡ སྟེ་ཁ་སང་ཀོ་ལི་གྷལ་དོན་ལྡན་གླིང་དུ་སྐུ་ཚེ་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག དམ་པ་ཁོང་ནི་ཕྱི་ལོ་ ༡༩༥༢ ལོར་བོད་མངའ་རིས་རུ་ཐོག་རྫོང་རྭ་སྤང་དུ་འཁྲུངས་ཞིང་། ཕྱི་ལོ་ ༡༩༦༠ ལོར་ལ་དྭགས་སུ་བཙན་བྱོལ་དུ་ཕེབས་ཡོད་པ་དང་། ཕྱི་ལོ་ ༡༩༧༢ ལོར་འཛིན་རིམ་བཅུ་གཅིག་གི་བསླབ་པ་མཐར་སོན་རྗེས་ལྡི་ལིར་ལོ་གཅིག་རིང་དྲུང་ཡིག་གི་སློབ་སྦྱོང་གནང༌ཡུན་རིང་ལྡི་ལི་ས་གནས་གཞོན་ནུའི་རྩིས་པ་དང་འབྲེལ་མཐུད་པའི་འགན་བཞེས་ཡོད་པ་རེད། ཕྱི་ལོ་ ༡༩༧༤ ལོར་སྲི་ཞུ་བའི་ཁོངས་སུ་འཛུལ་ཞུགས་གནང་སྟེ་དཔལ་འབྱོར་ལས་ཁུངས་ཀྱི་གཞོན་དྲུང་དང་། ཕྱི་ལོ་ ༡༩༧༥ ལོར་ནང་སྲིད་ཁྱབ་ཁོངས་སྒང་ཏོག་དོན་གཅོད་ཁང་གི་ལས་དྲུང་དུ་བསྐོ་གཞག་གནང༌། དུས་ཡུན་དེའི་རིང་ལས་ཞོར་དུ་སློབ་སྦྱོང་མཇུག་སྐྱོང་གིས་ཅན་ངྷི་གྷར་གཙུག་ལག་སློབ་གཉེར་ཁང་དུ་ཡིག་འགྲུལ་ལམ་ནས་བྷི་ཨེ་ B.A བསླབ་པ་མཐར་སོན་དང་། ཕྱི་ལོ་ ༡༩༨༣ ལོར་རྭ་སྦང་ལ་ཀུན་ཕན་གླིང་གཞིས་ཆགས་ཀྱི་ལས་དྲུང་ལོ་གཅིག་དང་གཞིས་འགོའི་ལས་ཚབ་ལོ་གཅིག་ལྷག་ཙམ་གནང༌ཡོད་པ་མ་ཟད། ཕྱི་ལོ་ ༡༩༩༣ ལོར་རྡོར་གླིང་གཏན་སློབ་ཀྱི་བོད་རིགས་སློབ་སྤྱིར་གནས་སྤོས་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༧ ཟླ་ ༣ པའི་ནང་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་འབྲེལ་དྲུང་ཆེར་བསྐོ་གཞག་གིས་འཛིན་སྐྱོང་གི་ལས་འགན་བཞེས་པ་དང་། མི་རིང་བར་ཕྱི་དྲིལ་ལས་ཁུངས་སུ་གནས་སྤོས་གནང་སྟེ་འཛིན་སྐྱོང་ལས་ཁུར་གནང་། ཕྱི་ལོ་ ༡༩༩༨ ལོར་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེར་བསྐོ་གཞག་གནང་སྟེ་ལས་ཁུར་བཞེས་ཡོད་པ་རེད། ཕྱི་ལོ་ ༢༠༠༢ ཕྱི་ཟླ་ ༥...
ཨ་རི་དང་ཨི་རན་བར་གྱི་མཐོ་རིམ་གྲོས་མོལ་མཇུག་སྒྲིལ།
[དྷ་རམ་སར།] ཕྱི་ལོ་༢༠༢༦ ཟླ་༦ ཚེས་༢༢ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། སུད་སི་རྒྱལ་ཁབ་ཏུ་འཚོགས་པའི་ཨ་རི་དང་ཨི་རན་གྱི་མཐོ་རིམ་དཔོན་རིགས་བར་གྱི་གྲོས་མོལ་ཐེངས་དང་པོ་དེ་རེས་གཟའ་ཟླ་བའི་ཉིན་མཇུག་སྒྲིལ་ཡོད་འདུག ཕྱོགས་གཉིས་ཀྱིས་ཉིན་༦༠ ནང་ཚུན་དུ་མཐའ་མའི་གྲོས་ཆོད་ཅིག་འཇོག་རྒྱུའི་ The post ཨ་རི་དང་ཨི་རན་བར་གྱི་མཐོ་རིམ་གྲོས་མོལ་མཇུག་སྒྲིལ། appeared first on བོད་ཀྱི་བང་ཆེན།.
ཁུ་ནུ་ནང་དུ་སློབ་གྲྭའི་དབུ་འཛིན་དང་དགེ་རྒན་རྣམས་ལ་སཱི་ཤེས་ཡོན་གྱི་ཟབ་སྦྱོང་འགོ་འཛུགས།
Kinnaur Baudh Sewa Sangh འམ་ཁུ་ནུ་ཆོས་འཁོར་གླིང་དགོན་པ་དང་། ཨེ་མོ་རི་ཚན་རིག་དང་སྒོམ་སྒྲུབ་བསྟི་གནས་ཁང་། དེ་བཞིན་ Piramal Foundation པི་རཱ་མལ་ཐབས་རྩ་ཁང་། ཧི་མཱ་ཅལ་གཞུང་གི་ཤེས་རིག་ལས་ཁུངས་ Samagra Shiksha སམགྲ་ཤིཀྵཱ་བཅས་ཐུན་མོང་གི་གོ་སྒྲིག་འོག ཀི་ནོར་རྫོང་གི་རིཀོང་སྤེའུར་ Reckong Peo ནང་དུ་རྟེན་གཞིས་བྱས་པའི་བདག་ཉིད་ཆེན་པོ་གཱན་དྷིའི་སྤྱི་གླིང་དུ། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༢ ཉིན་ཁུ་ནུ་དང་སྤི་ཏི་ཡོད་པའི་གཞུང་དང་སྒེར་གྱི་སློབ་གྲྭ་ཁག་དྲུག་ཅུའི་དབུ་འཛིན་དང་དགེ་རྒན་ཁག་ལ་དམིགས་ནས་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་འགོ་འཛུགས་གནང་འདུག ཟབ་སྦྱོང་དེ་བཞིན་འདི་ཚེས་ ༢༤ བར་ཉིན་གྲངས་གསུམ་རིང་འཚོགས་བཞིན་ཡོད་ཅིང་། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་དང་། སྐུའི་གོ་སྟོན་བྱམས་བརྩེ་ལོའི་སྲུང་བརྩི་ཆ་ཤས་སུ་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད་འདུག དེ་རིང་དབུ་འབྱེད་མཛད་སྒོའི་ཐོག་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་པའི་༸སྐྱབས་རྗེ་རྒྱ་བུང་མཆོག་སྤྲུལ་རིན་པོ་ཆེ། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ཚན་རིག་དང་སྒོམ་སྒྲུབ་བསྟི་གནས་ཁང་གི་འགན་འཛིན་དང་སཱི་ཤེས་ཡོན་སློབ་གསོའི་གསར་འཛུགས་འགན་འཛིན་འབུམ་རམས་པ་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གཱི་ལགས། སློབ་དཔོན་ཆེན་མོ་ཡུ་ཀི་ཨིམོཊོ་ལགས། ཧི་མཱ་ཅལ་གཙུག་ལག་སློབ་གཉེར་ཁང་གི་རིག་དྲུང་གྱཱན་སཱགར་ནེ་གི་ལགས། སཱི་ཤེས་ཡོན་སློབ་གསོ་བ་བརྩོན་འགྲུས་བསམ་འཕེལ་ལགས། དེ་བཞིན་མཁས་པ་དང་གནད་ཡོད་སྐུ་མགྲོན་གཞན་ཁག་གཅིག་སོགས་ཚོགས་བཅར་བ་བརྒྱ་ལྷག་ནས་མཉམ་ཞུགས་གནང་འདུག སྐབས་དེར་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས། གསུང་བཤད་གནང་བའི་ཁྲོད་ SEE...
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱིས་རྒྱ་ནག་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་སྒྲིག་ཕྱིར་འཐེན་དགོས་པ་གསུངས་འདུག
སུད་སིའི་ཇི་ནི་ཝ་གྲོང་ཁྱེར་གྱི་ནང་དུ་ཟླ་བ་འདིའི་ཕྱི་ཚེས་ ༡༥ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༢ པའི་ཐོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་སྐུ་ཞབས་ Volker Turk ལགས་ཀྱིས། རྒྱལ་ཚོགས་ཀྱི་ཚོགས་མི་རྣམས་ལ་གོ་ལའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་གཏམ་བཤད་ཁྲོད། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་དང་འབྲེལ། རྒྱ་ནག་གིས་འདི་ལོའི་ཕྱི་ཟླ་ ༣ པའི་ནང་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་སྒྲིག་དེས་བོད་དང་ཤིན་ཅང་། ནང་སོག་བཅས་ཀྱི་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་ཤུགས་ཆེ་གཏོང་བཞིན་ཡོད་པའི་སེམས་འཚབ་ཆེད་འདོན་དང་སྦྲགས། རྒྱ་ནག་གཞུང་གིས་ཁྲིམས་སྒྲིག་དེ་ཕྱིར་འཐེན་བྱེད་དགོས་པ་གསུངས་འདུག དེ་ཡང་ཕྱི་ཚེས་ ༡༥ ཉིན་རྒྱལ་ཚོགས་ཀྱི་གཞུང་འབྲེལ་དྲྭ་གནས་ཐོག་སྐུ་ཞབས་ Volker Turk ལགས་ཀྱིས་གཏམ་བཤད་ཀྱི་དུམ་བུ་ཁག་གཅིག་རྒྱང་སྲིང་གནང་འདུག་པའི་ནང་དུ། ཁོང་གིས་དེང་སྐབས་འཛམ་གླིང་ཁྲོད་རྒྱལ་སྤྱིའི་ཁྲིམས་ལ་བརྩི་མེད་རྡོག་རོལ་བཏང་བའི་ངོ་ཚ་ཁྲེལ་གཞུང་མེད་པའི་བྱ་སྤྱོད་མང་དག་ཅིག་མངོན་རྒྱུ་ཡོད་པ་དེ་དག་གིས་འགྲོ་བ་མིའི་རིགས་ལ་དཀའ་ངལ་ཧ་ཅང་ཆེན་པོ་བཟོ་བཞིན་ཡོད་སྐོར་དང་འབྲེལ། ང་ཚོའི་ངོས་ནས་དུས་ཚོད་དང་ས་ཁུལ་ལ་མ་ལྟོས་པར་གནད་དོན་འདིའི་རིགས་ལ་གདོང་ལེན་ནན་པོ་བྱས་ཏེ་དེ་དག་མཚམས་འཇོག་བྱེད་དགོས་པ་གསུངས་འདུག ལྷག་པར་དུ་སྐུ་ཞབས་ Volker Turk ལགས་ཀྱིས་རྒྱ་ནག་གིས་འཇིགས་སྐུལ་ལ་གདོང་ལེན་གྱི་ལས་གཞི་ཟེར་བ་དེ་དང་། འདི་ལོ་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་སྒྲིག་དེས་བོད་མི་དང་ཡུ་གུར། དེ་བཞིན་ནང་སོག་བཅས་དང་པོ་ནས་དྲག་གནོན་མྱོང་བཞིན་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་ཐོག་ལ་དྲག་གནོན་འཕར་མ་བྱེད་རྒྱུའི་གཞི་ཞིག་ཆགས་ཉེན་ཡོད་པའི་སེམས་འཚབ་ཆེད་འདོན་གནང་བ་དང་འབྲེལ། རྒྱ་ནག་གི་ཁྲིམས་གསར་པ་དེས་གྲངས་ཉུང་མི་རིགས་ཀྱི་སྨྲ་བརྗོད་དང་ཆོས་དད། འདུ་འཛོམས་ཀྱི་རང་དབང་། དེ་བཞིན་སྐད་ཡིག་དང་ཤེས་ཡོན་རིག་གཞུང་བཅས་ཀྱི་རང་དབང་ལ་ཕྱོགས་ཡོངས་ནས་དམ་དྲག་ཆེ་རུ་འགྲོ་ཉེན་ཡོད་པ་གསུངས་ཏེ། རྒྱ་ནག་གི་འགོ་ཁྲིད་རྣམས་ལ་ཁྲིམས་དེ་ཕྱིར་འཐེན་བྱེད་དགོས་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་བརྩི་མེད་བཏང་མཁན་གྱི་སྲིད་བྱུས་ཡོངས་རྫོགས་མཚམས་འཇོག་བྱེད་དགོས་པ་གསུངས་འདུག ཁོང་གིས་ད་དུང་འདས་པའི་ཕྱི་ལོ་ ༢༠༢༥ ནང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་གསར་འགོད་པའི་ཐོག་ལ་དྲག་གནོན་མུ་མཐུད་བྱུང་བའི་ཁྲོད། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གྲངས་ཐོར་གཞིགས་ན། ད་ལྟའི་དུས་འདིར་འཛམ་གླིང་ཁྲོད་གསར་འགོད་པ་...
སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མཆོད་སྤྲིན་གར་རོལ་གྱི་བྱུང་རབས་སྐོར་གྱི་དངོས་བྱུང་གློག་བརྙན་གཟིགས་འབུལ།
ཁ་ཉིན་ཕྱི་ཟླ་ ༦ ཚེས་ ༢༠ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་ ༧ པའི་ཐོག་བཞུགས་སྒར་བོད་ཀྱི་ཟློས་གར་གྱི་ཚོགས་ཁང་དུ། བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་བ་ཁྱུང་བྱང་གཞུང་པ་བསོད་ནམས་བཀྲ་ཤིས་ཡོངས་གྲགས་སུ་ཨ་ཇོ་ཌེ་ནི་ལགས་ཀྱིས་བཟོ་བསྐྲུན་གནང་བའི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མིག་ཡིད་རྣ་བའི་དགའ་སྟོན་ལས་མཆེད་པའི་མཆོད་སྤྲིན་གར་རོལ་གྱི་བྱུང་རབས་སྐོར་གྱི་དངོས་བྱུང་གློག་བརྙན་གཟིགས་འབུལ་གྱི་མཛད་སྒོ་འཚོགས་སོང་། དེ་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་ལགས་གཙོས་པའི་བཀའ་བློན་གཞན་དང་སྤྱི་འཐུས་ཁག་གཅིག་དང་། ཁྲིམས་ཞིབ་པ་གཞན་མ་ཟད། ༸སྐྱབས་་རྗེ་སླེ་ལུང་རིན་པོ་ཆེ་དང་། གཞན་ཡང་བོད་ཀྱི་ཟློས་གར་ཚོགས་པའི་འབྲེལ་ཡོད་ཁག་གཅིག་དང་མི་མང་བཅས་ཁྱོན་མི་གྲངས་བརྒྱ་སྐོར་ཙམ་ནས་མཉམ་ཞུགས་གནང་སོང་། སྐབས་དེ་དུས་འདི་གའི་གསར་འགོད་པས་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་བ་བསོད་ནམས་བཀྲ་ཤིས་སམ་ཨ་ཇོ་ཌེ་ནི་ལགས་སུ་བོད་ཀྱི་གར་རོལ་གྱི་བྱུང་རབས་དང་འབྲེལ་བའི་དངོས་བྱུང་གློག་བརྙན་དེའི་སྐོར་བཀའ་འདྲི་ཞུ་སྐབས་ཁོང་གིས། ལོ་རྒྱུས་རང་བཞིན་ཅན་གྱི་དངོས་བྱུང་གློག་བརྙན་དེས་བོད་ཀྱི་སྲོལ་རྒྱུན་གྱི་གར་དེ་བཞིན་དུས་རབས་ག་དུས་བྱུང་བ་དང་། སྡེ་པ་གཙང་པ་དང་ཧོར་སྐབས་ཀྱི་བོད་ནང་ས་གནས་མང་པོར་འཁྲབ་སྲོལ་ཡོད་པ་མ་ཟད། ༸གོང་ས་ལྔ་པ་ཆེན་པོ་སྐབས་ནས་བཟུང་གར་དེ་ཉིད་གཞུང་འབྲེལ་མཛད་སྒོ་ཁག་ཏུ་ཕོ་བྲང་པོ་ཏཱ་ལ་དང་དམིགས་བསལ་གྱི་སྐུ་མདུན་ཆིབས་བསྒྱུར་སྐབས་སུ་འཁྲབ་སྲོལ་ཡོད་པ་སོགས། བོད་ཀྱི་ལོ་རྒྱུས་ཁྲོད་གནད་འགག་ཅན་ཞིག་ཆགས་ཡོད་དུས། དངོས་བྱུང་གློག་བརྙན་འདི་སྤྱི་ཡོངས་ནས་གར་གྱི་རིག་གནས་མི་ཉམས་རྒྱུན་འཛིན་དང་མ་འོངས་དུས་སུ་གར་སྐོར་ཉམས་ཞིབ་གནང་མཁན་ཚོར་དཔེ་བལྟ་ས་ཞིག་ཏུ་འགྱུར་བར་རེ་བ་དང་བཅས་ཏེ་བཟོ་བསྐྲུན་གནང་བ་ཞིག་ཡིན་པ་གསུངས་སོང་། ཁ་ཉིན་རེས་གཟའ་སྤེན་པའི་ཉིན་གྱི་མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས། ལྕགས་ཟམ་པ་བོད་ཀྱི་ཟློས་གར་ཚོགས་པ་གསར་འཛུགས་གནང་མཁན་ཁོངས་སུ་ཡོད་པ་སྒྱུ་རྩལ་བ་བསོད་ནམས་བཀྲ་ཤིས་ལགས་ཀྱིས་ལོ་ངོ་བཞི་བཅུ་ལྷག་རིང་བོད་ཀྱི་ཟློས་གར་སྒྱུ་རྩལ་གྱི་རིག་གནས་མི་ཉམས་རྒྱུན་འཛིན་ཐོག་མུ་མཐུད་ཕྱག་ལས་གནང་བར་ཆེ་བསྟོད་ཀྱིས་ཐུགས་རྗེ་ཆེ་ཞུས་གནང་སོང་ལ། སྐབས་དེ་དུས་སྒྱུ་རྩལ་བ་ཁྱུང་བྱང་གཞུང་པ་བསོད་ནམས་བཀྲ་ཤིས་ལགས་ཀྱིས། བོད་ཀྱི་ཟློས་གར་ཚོགས་པ་དེ་ཉིད་༸གོང་ས་མཆོག་གིས་ཕུགས་རྒྱང་རིང་པོའི་དགོངས་གཞི་ལས་གལ་ཆེན་དོན་ཆེན་དུ་གཟིགས་ནས་གསར་འཛུགས་གནང་བ་ཞིག་ཡིན་དུས། གཞུང་དང་མི་དམངས་གཉིས་ཀའི་ངོས་ནས་རིག་གཞུང་ཉར་ཚགས་གནང་མཁན་གྱི་གནད་ཡོད་མི་སྣ་ཇི་ཡོད་རྣམས་ལ་མ་འཆི་གོང་དུ་བརྩི་མཐོང་དང་བདག་པོ་རྒྱག་དགོས་གལ་ཡིན་པ་གསུངས་སོང་། ཁོང་གིས་ད་དུང་ཟླ་སྔོན་མའི་ཕྱི་ཚེས་ ༢༤ ཉིན་འཇར་མཱ་ནིའི་རྒྱལ་ས་སྦར་ལིན་ནང་དུ་སྣ་མང་རིག་གཞུང་འཁྲབ་སྟོན་ཐེངས་ ༣༠ པའི་ཐོག་༸རྒྱལ་བའི་གོ་སྟོན་བྱམས་བརྩེའི་ལོ་སྲུང་བརྩིའི་ཆེད་དུ། འཇར་མཱ་ནི་བོད་རིགས་ཚོགས་པ་མཉམ་ཞུགས་དང་། བོད་ཀྱི་ཟློས་གར་ཚོགས་པས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་པ་དང་སྦྲགས། ཨང་རིམ་དང་པོ་ཐོབ་ཡོད་པར་བསྔགས་བརྗོད་ཡི་རངས་ཀྱིས་སྐབས་དེའི་དུས་ཀྱི་འཁྲབ་སྟོན་གནང་མཁན་ཚོར་མཇལ་དར་བསྒྲོན་འབུལ་ཞུས་སོང་། ལྷག་པར་དུ་མཛད་སྒོའི་ཐོགས་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་ལགས་ཀྱིས། ཟློས་གར་འདིའི་བརྒྱུད་ནས་ཚང་མས་གཞས་མཉམ་དུ་གཏོང་གི་ཡོད་དུས་བོད་པའི་སྐད་དེ་བཞིན་སྒྲ་དག་ཏུ་འགྲོ་ཡག་དང་སྐད་ཕྱུག་ཏུ་འགྲོ་ཡི་ཡོད་པ་བཅས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ནང་ནས་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་གསུངས་སོང་ལ། བོད་ཀྱི་ཟློས་གར་ཚོགས་པ་འདི་ནས་ཐོན་པའི་ཨ་ཇོ་ཌེ་ནི་ལགས་ལྟ་བུ་སྒྱུ་རྩལ་བས་སྐུ་ཚེ་ཧྲིལ་པོར་རང་གི་རིག་གཞུང་དང་སྒྱུ་རྩལ་བློས་མ་བཏང་བར་ཉར་ཚགས་བྱེད་པར་ཆེ་བསྟོད་ཞུས་གནང་སོང་། མ་ཟད་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མཆོད་སྤྲིན་གར་རོལ་གྱི་བྱུང་རབས་སྐོར་གྱི་དངོས་བྱུང་གློག་བརྙན་གཟིགས་འབུལ་གྲུབ་མཚམས། བོད་ཀྱི་ཟློས་གར་ཚོགས་པ་དང་སྒྱུ་རྩལ་བ་བསོད་ནམས་བཀྲ་ཤིས་ལགས་ཟུང་འབྲེལ་གྱི་ཐོག་ནས་གཞས་སྣ་འཁྲབ་སྟོན་གྱི་ལས་རིམ་ཞིག་ཀྱང་གཟིགས་མོ་བ་རྣམས་ལ་སྤྱན་འབུལ་ཞུས་སོང་། The post སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མཆོད་སྤྲིན་གར་རོལ་གྱི་བྱུང་རབས་སྐོར་གྱི་དངོས་བྱུང་གློག་བརྙན་གཟིགས་འབུལ།...
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་རྒན་ཆེན་ངག་དབང་འཕེལ་རྒྱལ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ།
༄༅། །ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་རྒན་ཆེན་ངག་དབང་འཕེལ་རྒྱལ་མཆོག་ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༢༡ ཉིན་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་དཔལ་ལྡན་བཀའ་ཤག་ནས་བློ་ཕམ་དང་སྦྲགས། དམ་པ་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོ་བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད་དུ་སྲི་ཞུ་གང་ལེགས་བསྒྲུབས་པར་རྗེས་སུ་ཡི་རང་རྗེས་དྲན་དང་། ཚེ་རབས་ཕྲེང་བར་བསགས་པའི་སྡིག་སྒྲིབ་བྱང་ཞིང་དག་ནས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་འཐོབ་པའི་སྨོན་ལམ་གསོལ་འདེབས་ཞུ་ཕྱིར། ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༢༢ ཉིན་རྒྱབ་ཆུ་ཚོད་ ༢ ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་དཔལ་ལྡན་སྲིད་ཚབ་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་དམ་པ་ཁོང་གི་ལོ་རྒྱུས་སྒྲོགས་སྦྱང་གནང་རྗེས་བསྔོ་སྨོན་གསུང་འདོན་དང་། དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་ཉིན་རྒྱབ་ཆུ་ཚོད་ ༣ ནས་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་ཡོད།དམ་པ་ཁོང་ནི། ཕྱི་ལོ་ ༡༩༥༢ ལོར་བོད་མངའ་རིས་རུ་ཐོག་རྫོང་རྭ་སྤང་དུ་འཁྲུངས་པ་དང༌། ཕྱི་ལོ་ ༡༩༦༠ ལོར་ལ་དྭགས་སུ་བཙན་བྱོལ་དུ་ཕེབས། ཕྱི་ལོ་ ༡༩༦༣ ལོར་བཞུགས་སྒར་དྷ་རམ་ས་ལ་དང༌། ཀང་ར་ཟུར་གསོག་སློབ་གྲྭ་བརྒྱུད་མ་སུ་རི་གཏན་སློབ་ཏུ་འཛུལ་ཞུགས་གནང་ནས་ཕྱི་ལོ་ ༡༩༧༢ ལོར་འཛིན་རིམ་བཅུ་གཅིག་གི་བསླབ་པ་མཐར་སོན། སློབ་གྲྭར་སློབ་སྦྱོང་གནང་རིང་ཁང་ཚན་རྒན་བདག་ལོ་བཞི་དང་། སྤྱི་ཁྱབ་རྒན་བདག་ཨང་དང་པོའི་ལས་འགན་ལོ་གསུམ་བཞེས་ཞོར་དུ་ས་གནས་གཞོན་ནུའི་རིག་གཞུང་འབྲེལ་མཐུད་པའི་ལས་ཁུར་བཞེས་ཡོད། སློབ་གྲྭ་ཐོན་རྗེས་ལྡི་ལིར་ལོ་གཅིག་རིང་དྲུང་ཡིག་གི་སློབ་སྦྱོང་གནང༌ཡུན་རིང་ལྡི་ལི་ས་གནས་གཞོན་ནུའི་རྩིས་པ་དང་འབྲེལ་མཐུད་པའི་འགན་བཞེས། ཕྱི་ལོ་...
རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།
ཉེ་ལམ་ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གསུམ་ལ་བཀག་སྡོམ་གྱི་ཉེས་ཆད་བཅད་པར་བརྟེན། དེ་རིང་རྒྱ་ནག་གིས་ཨ་རིའི་བཟོ་ཚང་ཁང་ ༥༦ ལ་ཉོ་ཚོང་བཀག་སྡོམ་དང་འབྲེལ་བའི་ཉེས་ཆད་བཏང་བ་ཡོངས་བསྒྲགས་བྱས་འདུག The post རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས། appeared first on བོད་ཀྱི་དུས་བབ།.
ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།
ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་རྒན་ཆེན་པ་ངག་དབང་འཕེལ་རྒྱས་མཆོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་འདུག་པ་དང་། དེ་རིང་ཉིན་རྒྱབ་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཡོངས་ནས་དམ་པ་ཁོང་ལ་རྗེས་དྲན་གྱི་མཆོད་འབུལ་སྨོན་ལམ་འཚོགས་རྗེས། མྱ་ངན་གུས་འདུད་མཚོན་སླད་ལས་མཚམས་འཇོག་རྒྱུ་ཡིན་འདུག བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིིམས་ཞིབ་པ་ཆེ་བ་ཟུར་པ་རྒན་ཆེན་པ་ངག་དབང་འཕེལ་རྒྱས་མཆོག་ཕྱི་ལོ་ ༡༩༥༢ ལོར་བོད་མངའ་རིས་རུ་ཐོག་རྫོང་རྭ་སྤང་དུ་འཁྲུངས་པ་དང་། ཕྱི་ལོ་ ༡༩༦༠ ལོར་ལ་དྭགས་སུ་བཙན་བྱོལ་དུ་ཕེབས། ཕྱི་ལོ་ ༡༩༦༣ ལོར་བཞུགས་སྒར་རྡ་རམ་ས་ལ་དང༌། ཀང་ར་ཟུར་གསོག་སློབ་གྲྭ་བརྒྱུད་མ་སུ་རི་གཏན་སློབ་ཏུ་འཛུལ་ཞུགས་གནང་ནས་ཕྱི་ལོ་ ༡༩༧༢ ལོར་འཛིན་རིམ་བཅུ་གཅིག་གི་བསླབ་པ་མཐར་སོན། སློབ་གྲྭར་སློབ་སྦྱོང་གནང་རིང་ཁང་ཚན་རྒན་བདག་ལོ་བཞི་དང་། སྤྱི་ཁྱབ་རྒན་བདག་ཨང་དང་པོའི་ལས་འགན་ལོ་གསུམ་བཞེས་ཞོར་དུ་ས་གནས་གཞོན་ནུའི་རིག་གཞུང་འབྲེལ་མཐུད་པའི་ལས་ཁུར་བཞེས་ཡོད། སློབ་གྲྭ་ཐོན་རྗེས་ལྡི་ལིར་ལོ་གཅིག་རིང་དྲུང་ཡིག་གི་སློབ་སྦྱོང་གནང༌ཡུན་རིང་ལྡི་ལི་ས་གནས་གཞོན་ནུའི་རྩིས་པ་དང་འབྲེལ་མཐུད་པའི་འགན་བཞེས། ཕྱི་ལོ་ ༡༩༧༤ ཟླ་ ༧ ཚེས་ ༡༦ ཉིན་སྲི་ཞུ་བའི་ཁོངས་སུ་འཛུལ་ཞུགས་གནང་སྟེ་དཔལ་འབྱོར་ལས་ཁུངས་ཀྱི་གཞོན་དྲུང་དང་། ཕྱི་ལོ་ ༡༩༧༥ ལོར་ནང་སྲིད་ཁྱབ་ཁོངས་སྒང་ཏོག་དོན་གཅོད་ཁང་གི་ལས་དྲུང་དུ་བསྐོ་གཞག་གནང༌། དུས་ཡུན་དེའི་རིང་ལས་ཞོར་དུ་སློབ་སྦྱོང་མཇུག་སྐྱོང་གིས་ཅན་ངྷི་གྷར་གཙུག་ལག་སློབ་གཉེར་ཁང་དུ་ཡིག་འགྲུལ་ལམ་ནས་བྷི་ཨེ་ (B.A) བསླབ་པ་མཐར་སོན། ཕྱི་ལོ་ ༡༩༨༣ ལོར་རྭ་སྦང་ལ་ཀུན་ཕན་གླིང་གཞིས་ཆགས་ཀྱི་ལས་དྲུང་ལོ་གཅིག་དང་གཞིས་མགོའི་ལས་ཚབ་ལོ་གཅིག་ལྷག་ཙམ་གནང༌། གཞིས་མགོ་དང་། མཉམ་དྲུང་། བཟོ་མགོ་བཅས་གཅིག་ལྕོགས་ཀྱི་ལས་ཁུར་བླངས།...
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་མཆོག་གིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་...
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༦ ཚེས་ ༡༥ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༢ ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་སྐུ་ཞབས་ཝོལ་ཀེར་ཊུརྐ་ (Volker Türk) མཆོག་གིས་འཛམ་གླིང་སྟེང་རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྩི་མེད་དང་། གཞི་རྩའི་རང་དབང་ལ་གནོན་ཤུགས་ཇེ་ཆེར་འགྲོ་བ་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་ཐོག་ཉེན་བརྡ་བཏང་ཡོད། སྐུ་ཞབས་ཝོལ་ཀེར་ཊུརྐ་མཆོག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་སྤྱིའི་ཁྲིམས་ལུགས་ལ་སྔར་བྱུང་མ་མྱོང་བའི་གཏོར་བཤིག་མྱོང་བཞིན་ཡོད་པ་དེས་འགྲོ་བ་མིར་སྡུག་བསྔལ་ཆེན་པོ་བཟོ་བཞིན་ཡོད་ཅེས་དང་། ཁོང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་སྲུང་སྐྱོབ་དགོས་པའི་གལ་ཆེའི་རང་བཞིན་ལ་ནན་བརྗོད་གནང་ཞིང་། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་དེར་སྐྱོན་བརྗོད་བྱེད་དགོས་པ་དང་། དེ་དག་འགོག་ཐབས་ཆེད་འབད་བརྩོན་བྱེད་དགོས་པ་གསུངས། ཕྱོགས་མཚུངས་སྐུ་ཞབས་ཝོལ་ཀེར་མཆོག་གིས་འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལག་བསྟར་དང་ཤུགས་རྐྱེན་རྒྱུན་མཐུད་ཡོད་སྐོར་ནན་བརྗོད་གནང་ཞིང་། འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་གཞི་རྩའི་ཆ་ཤས་དག་གིས་ཉིན་ལྟར་མི་ས་ཡ་མང་པོར་བདེ་འཇགས་དང་། ཆེས་མཐོང་། རང་དབང་བཅས་བསྐྲུན་བཞིན་ཡོད་ཅེས་གསུངས། སྐབས་དེར་ཁོང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ལྷག་པར་རྒྱ་ནག་གི་ངོ་རྒོལ་འཇིགས་སྐུལ་གྱི་བྱ་ཐབས་དང་། གྲངས་ཉུང་མི་རིགས་དང་ཆོས་ལུགས་ཐོག་ལ་སིམ་ཡལ་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནས་སྟངས་སྐོར་གསལ་སྟོན་གནང་ཡོད། དེ་ནས་སྐུ་ཞབས་ཝོལ་ཀེར་མཆོག་གིས་རྒྱ་ནག་གཞུང་གིས་ཉེ་ཆར་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཐོག་བློ་འཚབ་དང་སྦྲགས། ཁྲིམས་ཡིག་དེས་གྲངས་ཉུང་མི་རིགས་ཀྱི་སྤྱི་ཚོགས་ཁྲོད་དུ་ཡོད་བཞིན་པའི་དམ་བསྒྲགས་ཇེ་ཆེར་གཏོང་སྲིད་པའི་ཉེན་བརྡ་བཏང་ཡོད། ཁོང་གིས་རྒྱ་ནག་གི་ངོ་རྒོལ་འཇིགས་སྐུལ་དང་། སིམ་ཡལ་སྲིད་བྱུས་དེ་དག་གིས་རྒྱ་ནག་དང་། ནང་སོག དེ་བཞིན་བོད་ཀྱི་ས་ཁུལ་དུ་གནས་སྡོད་བྱེད་བཞིན་པའི་གྲངས་ཉུང་མི་རིགས་ལ་ཤུགས་རྐྱེན་ཐེབས་ཚུལ་ལ་བློ་འཚབ་ཡོད། ཅེས་གསུངས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་གྱིས་གསུང་དོན་ལྟར་ན་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེས་སྐད་ཡིག་དང་། ཤེས་ཡོན། ཆོས་ཕྱོགས་དང་རིག་གཞུང་གི་བྱ་བ། སྨྲ་བརྗོད་རང་དབང་། ཞི་བའི་འདུ་འཛོམས་ཀྱི་རང་དབང་བཅས་ལ་དམ་བསྒྲགས་གཏོང་བའི་ཉེན་ཁ་ཡོད་པ་དང་། ཁོང་གིས་ཁྲིམས་དོན་གསལ་ཁ་མེད་པ་དེས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཞི་བའི་ཐོག་ནས་སྤྱོད་པར་ཉེས་ཆད་གཏོང་སྲིད་པའི་ཉེན་བརྡ་བཏང་ཡོད། སྐུ་ཞབས་ཝོལ་ཀེར་མཆོག་གིས་རྒྱ་གཞུང་གིས་ཁྲིམས་ཡིག་དེ་ཕྱིར་འཐེན་བྱེད་དགོས་པ་དང་།...
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིར་གཞུང་འབྲེལ་ཕྱོགས་སྐྱོད་སྐབས་ནིའུ་ཡོག་དང་ནིའུ་ཇར་སི་མི་མང་ལ་གསུང་བཤད་གནང་བ།
༄༅། །འདི་གར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་གཞུང་འབྲེལ་གྱི་མཛད་རིམ་ཁག་སྒྲུབ་རྗེས། ས་གནས་ནིའུ་ཡོག་ཏུ་ཕེབས་ནས་ནིའུ་ཡོག་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ནང་མི་མང་ལ་གསུང་བཤད་གནང་ཡོད། དེ་ཡང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་སྤུས་སྨན་བཅོས་ལེགས་གྲུབ་བྱུང་བའི་གཏམ་བཟང་དང་། བོད་མིའི་མཐུན་སྒྲིལ་དང་ནུས་པ་མཉམ་སྤུང་བྱེད་དགོས་གལ། དེ་བཞིན་དབུ་མའི་ལམ་གྱི་དགོངས་དོན་དང་མཐའ་གཉིས་ལ་གསལ་བཏོན་བྱས་ནས་དབུ་མའི་ལམ་གྱི་ཆེས་མཐོང་ཡོང་ཐབས་ལ་ཐབས་བྱུས་ཟབ་མོ་བཟུང་ཡོད་པ་འགྲེལ་བརྗོད་གནང་ནས། བཀའ་ཤག་སྐབས་ ༡༦ དང་ ༡༧ གྱི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་སྐོར་ལ་གསུང་བཤད་གནང་།ཕྱི་ཚེས་ ༢༡ ཉིན་ཟླ་སྣང་བོད་ཀྱི་རིག་གཞུང་སློབ་གྲྭ་དབུ་བརྙེས་ནས་ལོ་ལྔ་འཁོར་བའི་དུས་སྟོན་དང་སྟབས་བསྟུན་༧སྐུའི་གོ་སྟོན་སྲུང་བརྩི་ཞུས་གནང་བ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་བ་ལྟར། བདེ་སྲུང་བཀའ་བློན་ཀུན་དགའ་བཀྲ་ཤིས་མཆོག་དང་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ལྷན་བཅར་གྱིས་༧སྐུའི་གོ་སྟོན་དེ་བཞིན་ཟབ་རྒྱས་ངང་སྲུང་བརྩི་ཞུས་སོང་། མཛད་སྒོའི་སྟེང་དཔལ་ལྡན་སྲིད་སྐྱོང་མཆོག་ནས་སློབ་གྲྭའི་སློབ་མ་རྩེ་ཕུད་གཉིས་ལ་བྱ་དགའི་ཕྱག་འཁྱེར་གནང་བ་དང་། མཛད་སྒོའི་ཐོག་ཕེབས་པའི་ཕ་མ་དང་དགེ་སློབ་རྣམས་ལ་གསུང་བཤད་གནང་དོན། ༧གོང་ས་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་། སཱིའི་ཤེས་ཡོན་གྱི་གལ་གནད་དང་། དེ་བཞིན་བོད་ནང་རྒྱ་ནག་དམར་ཤོག་གཞུང་གིས་མི་རིགས་མཐུན་སྒྲིལ་སྐུལ་སྤེལ་གྱི་ཁྲིམས་གཏན་འབེབས་བྱས་ནས་སྐད་དང་ཡི་གེ་གཙོས་པའི་བོད་མིའི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་པའི་ཛ་དྲག་གནས་བབས་ཤེས་པའི་ཐོག བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སྔར་ལྷག་དོ་སྣང་བྱས་ནས་མི་ཉམས་རྒྱུད་འཛིན་དགོས་པ་ནན་བརྗོད་གནང་ཡོད།།
དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ལས་ཁུངས་གསར་རྒྱག་གི་དབུ་འབྱེད་མཛད་སྒོར་ཆེད་ཕེབས་གནང་།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༡༦ ཉིན་རྒྱབ་ཚོུད་ ༡ ཙམ་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་ལ་དྭགས་སླེ་གནམ་ཐང་དུ་ཕེབས་འབྱོར་སྐབས་ལ་དྭགས་ས་གནས་ཁྲིམས་ཞིབ་པ་གཙོས་པའི་ས་འཐུས་ཚོགས་གཙོ་སྦྲེལ་པོ་དང་། ས་གནས་འགོ་འཛིན། ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་ནས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཏེ། ༸རྒྱལ་བའི་ཕོ་བྲང་གི་མགྲོན་ཁང་དུ་གདན་འདྲེན་ཞུས། ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༡༧ རེས་གཟའ་ལྷག་པ་ཉིན་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ལས་ཁུངས་གསར་རྒྱག་གི་དབུ་འབྱེེད་མཛད་སྒོ་ཐོག་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་སྐུ་མགྲོན་གཙོ་བོར་མགྲོན་འབོད་ཞུས་པ་ལྟར་ཆེད་ཕེབས་གནང་ཡོད།དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་ས་གནས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཙོས་པའི་ས་འཐུས་ཚོགས་གཞོན་དང་། ས་གནས་ཀྱི་གནད་ཡོད་མི་སྣ་བཅས་ཕེབས་ཞུགས་གནང་ཡོད། ཐོག་མར་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་རྗེས། ས་གནས་ཁྲིམས་དྲུང་ནས་ལས་ཁུངས་གསར་རྒྱག་གི་དབུ་འབྱེད་མཛད་སྒོ་འགོ་འཛུགས་ཀྱིས། ལ་སྤྱི་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་བ་དང་། ལ་དྭགས་ས་གནས་ཁྲིམས་ཞིབ་པ་ཟུང་དྲུང་པདྨ་བཟང་པོ་ལགས་ཀྱིས་དབུ་འབྱེད་མཛད་སྒོའི་ངོ་སྤྲོད་གསུང་བཤད་དང་འབྲེལ་ས་གནས་འཐུས་ཚོགས་ནས་སྤྱི་པའི་སྒྲིག་འཛུགས་རྒྱུན་གནས་དགོས་རྒྱུ་གལ་ཆེ་དགོངས་ནས། ས་འཐུས་ཚོགས་ཁང་སྟེང་ས་གནས་ཁྲིམས་ཞིབ་ཁང་གི་ལས་ཁུངས་གསར་རྒྱག་ཆོག་པའི་བཀའ་འཁྲོལ་གནང་སོན་བྱུང་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༥༌༌༌༢༦ ལོའི་སྔོན་རྩིས་ནང་ལས་ཁུངས་གསར་རྒྱག་གི་སྔོན་རྩིས་འཆར་འབུལ་ལ་རྒྱབ་གཉེར་གྱིས་བཀའ་འཁྲོལ་ཞུས་ཐོབ་རྗེས། ཨར་པོའི་ལས་གཞི་དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ནས་འགོ་འཛུགས་ཀྱིས་ཕྱི་ཟླ་ ༡༠ ཟླ་མཇུག་ལ་ལས་གཞི་མཇུག་སྒྲིལ་ཟིན་ཐུབ་པ་བྱུང་ཡོད་པ་དང་། གོ་སྐབས་དེའི་བརྒྱུད་མཐུན་འགྱུར་རོགས་རམ་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད།དེ་རྗེས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས། ས་གནས་ལས་ཁུངས་གསར་རྒྱག་གི་ལས་གཞི་ལེགས་གྲུབ་ཡོང་བའི་ཆེད་ས་གནས་ཀྱི་སྒྲིག་འཛུགས་དང་སྒེར་པ་རྣམས་ནས་མཐུན་འགྱུར་རོགས་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་དང་མཇལ་དར་ཁག་གཅིག་སྒྲོན་གནང་གྲུབ་མཚམས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་བའི་སྙིང་དོན།...
བོད་དང་རྒྱ་གར་གྱི་ས་མཚམས་ཐད་རྒྱ་ནག་ལ་གྲོས་མོལ་བྱེད་པའི་དབང་ཆ་མེད་ཅེས་གསུངས་པ།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་རྒྱ་གར་དུ་སྦི་རིག་སི་ཚོགས་འདུར་མཉམ་ཞུགས་ཆེད་རྒྱ་གར་དུ་འབྱོར་གྱི་ཡོད་པ་རེད།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་ངོ་རྒོལ་སྐྱོན་བརྗོད་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་བ།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi དེ་རིང་ཕྱི་ཚེས་ ༢༡ ཉིན་གྱི་མཚན་མོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ BRICS རྒྱལ་སྲུང་སློབ་སྟོན་པའི་ཚོགས་འདུར་མཉམ་ཞུགས་ཆེད་འབྱོར་གྱི་ཡོད་པ་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གསར་འགོད་གསལ་བསྒྲགས་ཤིག་གི་བརྒྱུད་ Wang གི་ཐེངས་འདིའི་རྒྱ་གར་ནང་གི་ཕྱོགས་བསྐྱོད་ལ་ངོ་རྒོལ་དང་། རྒྱ་གར་ངོས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་རྒྱ་གཞུང་ལ་ངེས་པར་འདྲི་རྩད་གནང་དགོས་པའི་འབོད་སྐུལ་ཞུས་སོང་། དེའང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi སང་ཉིན་དང་གནངས་ཉིན་བཅས་ཉིན་གྲངས་གཉིས་རིང་ལྡི་ལི་གསར་པའི་ནང་འཚོག་ལ་ཉེ་བའི་ BRICS རྒྱལ་ཁབ་རྣམས་ཀྱི་རྒྱལ་སྲུང་སློབ་སྟོན་པའི་ཚོགས་འདུར་མཉམ་ཞུགས་བྱ་རྒྱུ་དང་ལྷག་པར་དུ་ཚོགས་འདུའི་ཁྲོད་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ནས་རྒྱ་གར་གི་སྐུ་ཚབ་ལྷན་བོད་དང་རྒྱ་གར་གྱི་ས་མཚམས་སྐོར་གྲོས་བསྡུར་བྱེད་རྒྱུ་ཡིན་འདུག་པའི་གནས་ཚུལ་ཐོན་གསལ་ལྟར། དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་བརྒྱུད་རྒྱ་གར་དབུས་སའི་གཞུང་ལ་ད་ལན་རྒྱ་གར་དུ་ BRICS ཚོགས་འདུ་སྐོང་ཚོགས་ཞུ་རྒྱུའི་གོ་སྐབས་བྱུང་བར་འཚམས་འདྲི་ཞུས་པ་དེ་ལྟར་ཡང་། དེའི་རྒྱལ་སྲུང་སློབ་སྟོན་པའི་ཚོགས་འདུར་རྒྱ་དམར་སྲིད་གཞུང་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཟེར་བ་ཚོགས་བཅར་བྱེད་ཀྱི་ཡོད་པར་ངོ་རྒོལ་སྐྱོན་བརྗོད་གནང་སོང་། ལྷག་པར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་དམིགས་བསལ་དོ་སྣང་དང་བློ་འཚབ་བྱེད་དགོས་པ་ཞིག་ནི། དགྲ་བོ་རྒྱ་དམར་སྲིད་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཞེས་པའི་ཁྲིམས་ཡིག་དེའི་མགོ་སྐོར་འོག་རྒྱ་ནག་རང་གི་བཙན་འོག་ཏུ་གནས་པའི་མི་རིགས་ཁག་གི་མི་མང་རྣམས་ཚུད་ཉེན་ཡོད་ཅིང་། རྒྱ་དམར་སྲིད་གཞུང་གིས་མི་རིགས་མཉམ་བསྲེས་དང་སྐད་ཡིག་མཉམ་བསྲེས། མདོར་ན་མི་རིགས་ཀྱི་ངོ་བོ་རྩ་མེད་དུ་གཏོང་རྒྱུ་སོགས་ལ་བཙན་གྱིས་སྐུལ་འདེད་བྱས་ཏེ་ཡོད་ཚད་ཀྲུང་གོ་ཅན་དང་ཡང་ན་རྒྱ་ནག་ཅན་དུ་བསྒྱུར་རྒྱུར་ཁྲིམས་ཐོག་ནས་འཇིགས་སྐུལ་དང་བཙན་སྐུལ་བྱེད་བཞིན་ཡོད་ཅེས་གསུངས་སོང་། དེ་རིང་གི་གསར་འགོད་ལྷན་ཚོགས་མཇུག་སྒྲིལ་མཚམས་གསར་འགོད་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་སུ་ཐེངས་འདིའི་ཚོགས་འདུ་བརྒྱུད་རྒྱ་དཀར་ནག་གཉིས་ལ་བརྡ་ལན་ཇི་ཡོད་བཀའ་འདྲི་ཞུས་པར། ཁོང་གིས་རྒྱ་གར་གཞུང་ངོས་ནས་ BRICS ཚོགས་འདུའི་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་ཐད་རྒྱ་གཞུང་ལ་ངེས་པར་འདྲི་རྩད་བྱེད་དགོས་པའི་རེ་འདུན་དང་མཉམ་དུ་རྒྱ་གཞུང་ལ་བོད་མི་རྣམས་ཀྱིས་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་ངོ་རྒོལ་སྐད་འབོད་དང་གསལ་འགོད་གསལ་བསྒྲགས་སོགས་པའི་ལས་འགུལ་སྣ་མང་མུ་མཐུད་སྤེལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་སོང་། The post རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་ངོ་རྒོལ་སྐྱོན་བརྗོད་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་བ། appeared first on vot.
༸གོང་ས་མཆོག་ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ལ་དྭགས་སུ་ཆིབས་བསྒྱུར་མཛད་རྒྱུ།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༦ ཚེས་ ༢༨ ཉིན་ལ་དྭགས་གླེ་རུ་ཆིབས་བསྒྱུར་མཛད་གཏན་འཁེལ་འདུག དེ་ཡང་ཁ་སང་ལ་དྭགས་ 24*7 གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལྷ་རོགས་ལགས་ཀྱིས་ས་གནས་ཀྱི་བརྒྱུད་ལམ་ཁག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་ ༢༨ ཉིན་ལ་དྭགས་གླེ་རུ་ཞབས་སོར་འཁོད་གཏན་འཁེལ་ཡོད་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ཐེངས་འདིར་ལ་དྭགས་སུ་ཟླ་བ་བདུན་པ་ཡོངས་རྫོགས་དང་། ཟླ་བ་བརྒྱད་པའི་ཕྱེད་ཀ་བར་སྐུ་བཞུགས་མཛད་རྒྱུའི་རེ་བ་ཡོད་པ་གསུངས་འདུག མ་ཟད་འདི་ལོར་མི་མང་ལ་བྱིན་གྱིས་བརླབ་པ་དང་མཇལ་ཁ་གནང་བའི་གྲངས་ཚད་ནི་སྔོན་གྱི་ལོ་དང་བསྡུར་ན་ཉུང་བ་འགྱུར་སྲིད་པ་དང་དེ་ནི་གཙོ་བོ་༸གོང་ས་མཆོག་གི་ཉེ་དུས་ཀྱི་ཞབས་པུས་གཤག་བཅོས་དང་། བཞུགས་ཡུན་རིང་འོས་མཚམས་ཀྱི་སྐུ་ངལ་གསོ་གནང་དགོས་པའི་དགོས་མཁོ་ལ་བརྟེན་ནས་ཡིན་སྐོར་གསུངས་འདུག ཁོང་གིས་ད་དུང་ཐེངས་འདིའི་ཆིབས་བསྒྱུར་ཁྲོད་༧གོང་ས་མཆོག་ལ་དྭགས་གླེ་ནས་སྤྱི་ལེ་ཁ་ཤས་སར་ཆགས་པའི་མ་སྤྲོ་དགོན་དུ་ཆིབས་སྒྱུར་གྱིས་དབྱར་ཆོས་ཆེན་མོའི་བཀའ་ཁྲིད་གནང་རྒྱུ་དང་གཞན་བཀའ་ཆོས་དང་མང་ཚོགས་དང་འབྲེལ་བའི་མཛད་རིམ་ཞིབ་ཕྲ་ཁག་༸གོང་ས་མཆོག་ལ་དྭགས་སུ་ཞབས་སོར་འཁོད་རྗེས་གཏན་འབེབས་དང་གསལ་བསྒྲགས་བྱ་རྒྱུ་མ་ཟད། ལྷག་པར་དུ་ཕྱི་ཟླ་ ༧ ཚེས་ ༦ ཉིན་༧སྐུའི་འཁྲུངས་སྐར་དེ་སྲུང་བརྩི་གཟབ་རྒྱས་ཞུས་འཆར་ཡོད་པ་དང་འབྲེལ། འབྲེལ་ཡོད་རྣམ་པས་མཉམ་ཞུགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དོན་དུ་གསོལ་འདེབས་སྨོན་འདུན་ཞུ་གནང་ཡོང་བའི་འབོད་སྐུལ་ཞུས་འདུག ཁོང་གིས་ད་རེས་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཆིབས་བསྒྱུར་མཛད་གཏན་འཁེལ་བར་བརྟེན། ལ་དྭགས་མི་མང་ཡོངས་རྫོགས་ཀྱི་སེམས་ནང་དགའ་སྤོའི་ཁེངས་ནས་ཡོད་པ་དང་། ལྷག་པར་ཆིབས་བསྒྱུར་གྱི་གྲ་སྒྲིག་ཐད་དེ་རིང་ཚེས་ ༢༠ སྔ་དྲོ་ཞི་བའི་ཚལ་དུ་ལ་དྭགས་ནང་པའི་ཚོགས་པའི་སྣེ་ཁྲིད་འོག་འབྲེལ་ཡོད་ཁག་ལྷན་འཛོམས་ཐོག་ཚོགས་འདུ་ཞིག་འཚོག་བཞིན་ཡོད་པ་གསུངས་འདུག The post ༸གོང་ས་མཆོག་ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ལ་དྭགས་སུ་ཆིབས་བསྒྱུར་མཛད་རྒྱུ། appeared first on vot.
༸རྒྱལ་བའི་སྐུ་ཕྱྭ་དང་བསྟན་སྲིད་ཞབས་རིམ་སླད་མ་ཧཱ་གུ་རུའི་འབུམ་ཚོགས་དབུ་འཛུགས་གནང་བ།
༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ལོ་ལྟར་བོད་ཟླ་ ༥ ནང་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸རྒྱལ་བའི་སྐུ་ཕྱྭ་དང་བསྟན་སྲིད་ཞབས་རིམ་དུ་དམིགས་ཏེ་མ་ཧཱ་གུ་རུའི་འབུམ་ཚོགས་འབུལ་གཤོམས་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༢༠ ཉིན་གཞུང་འབྲེལ་མ་ཧཱ་གུ་རུའི་འབུམ་ཚོགས་ཀྱི་ཉིན་དང་པོའི་ཚོགས་ཐུན་དང་པོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་དང་། དཔལ་ལྡན་སྲིད་ཚབ་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག་དང་། ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་མཆོག ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་འགན་འཛིན་བཀྲ་ཤིས་སྟོབས་རྒྱལ་མཆོག བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན་སེར་སྐྱ་མི་མང་བཅས་ལྷན་འཛོམས་གནང་ཡོད།སྤྱིར་བོད་རྒྱལ་ལོ་ ༢༡༥༣ ཤིང་འབྲུག་ལོའི་འབུམ་ཚོགས་འདི་ཉིད་འདི་ལོའི་བོད་ཟླ་ ༥ ཚེས་ ༦ ནས་ ༡༠ བར་དང་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༠ ནས་ ༢༤ བར་ཚོགས་རྒྱུ་ཡིན་འདུག་པ་བཅས། །
རྒྱལ་སྤྱིའི་འབྲེལ་ལམ་ཁྱབ་སྤེལ་གཏོང་ཕྱོགས་ཀྱི་ཚོཊ་འདུ་ཞིག་བོད་ནང་འཚོགས་འདུག
རྒྱལ་སྤྱིའི་འབྲེལ་ལམ་ཁྱབ་སྤེལ་གཏོང་ཕྱོགས་ཀྱི་ཚོཊ་འདུ་ཞིག་བོད་ནང་འཚོགས་པ་འདི་ནི་རྒྱ་ནག་གི་ངོ་བོ་སྲུང་ཐབས་ལ་དམིགས་པ་ཡིན་སྐོར་ཉམས་ཞིབ་པས་གསུང་གི་འདུག ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༡༦ རེས་གཟའ་མིག་དམར་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་གསར་འགྱུར་ལས་རིགས་པ་དང་། མཁས་ལས་པ། ཉམས་ཞིབ་པ་དང་དྲ་ཐོག་མི་སྣ་སྐད་གྲགས་ཅན་སོགས་༣༠༠ལྷག་ལྷན་ཞུགས་ཀྱིས། རྒྱ་ནག་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་དྲིལ་བསྒྲགས་པུའུ་ཟེར་བ་དང་། བོད་ལྗོངས་རྒྱལ་སྤྱིའི་འབྲེལ་ལམ་ལྟེ་གནས་ཟེར་བ་གཉིས་ཀྱི་གོ་སྒྲིག་འོག་བོད་ལྗོངས་རྒྱལ་སྤྱིའི་འབྲེལ་ལམ་ཁྱབ་སྤེལ་ཚོགས་ཆེན་ཐེངས་གཉིས་པ་དེ་འཚོགས་ཡོད་པ་རེད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་ཀྱིས། ཚོགས་ཆེན་དེའི་དམིགས་ཡུལ་གཙོ་བོ་ནི། རྒྱ་ནག་གཞུང་གིས་མི་མང་སྐྱེད་སྲིང་གིས་རྒྱ་ནག་རང་གི་འདོད་མོས་དང་མཐུན་པའི་གླེང་ཕྱོ...
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་ཧ་ཅང་ཡག་པོ་ཡོད་སྐོར་གསུངས་བྱུང་།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དམིགས་བསལ་བཅར་འདྲི་ཞུ་སྐབས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་དང་། ཨ་རིའི་བོད་དོན་ཁྲིམས་འཆར། བཀའ་ཤག་གི་ལས་དོན་འཆར་གཞི་དང་ཐབས་བྱུས་སོགས་ཀྱི་སྐོར་བཀའ་ལན་གནང་ཡོད།
༸གོང་ས་མཆོག་དགུང་གྲངས་ ༡༣༠ ལྷག་སྐུ་བཞུགས་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ།
དེ་རིང་རྒྱལ་ས་ལྡི་ལིར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༥ རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོས་མཇལ་བཅར་ཞུས་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ལྡི་ལིར་སྐུའི་ཞབས་པུས་སྨན་བཅོས་ལེགས་གྲུབ་ཀྱིས་ད་ཆ་སྐུ་བཞུགས་མཛད་ཡུལ་ཁུལ་དེར་རྟེན་གཞི་བྱས་པའི་བོད་ཁྱིམ་གཟིམ་ཆུང་གི་ཡང་སྟེང་དུ་དེ་རིང་ཕྱི་ཟླ་ ༦ ཚེས་ ༡༩ ཉིན་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༥ རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་གིས་མཇལ་བཅར་ཞུས་འདུག་པ་དང་། སྐབས་དེར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་༸རྒྱལ་བའི་༸སྐུའི་འཕྲོད་བཞེས་ཐད་དགོངས་སྐོར་གྱིས་སྐུ་ཚེ་ཞབས་པད་བརྟན་གནང་ཡོང་བའི་གསོལ་འདེབས་ཞུས་པར། མགོན་པོ་༸གང་ཉིད་མཆོག་ནས་དགུང་གྲངས་ ༡༣༠ ལྷག་སྐུ་བཞུགས་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་ཡོད་པ་མ་ཟད། ཁྲི་རིན་པོ་ཆེ་ལ་རྟེན་སྐལ་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྐུ་བརྙན་སྩལ་འདུག རྩ་བའི་ཕྱི་ཟླ་ ༦ ཚེས་ ༨ ཉིན་རྒྱལ་ས་ལྡི་ལིར་ཨེ་པོ་ལོ་སྨན་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་སྟེ། ཚེས་ ༡༢ ཉིན་གྱི་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་སྨན་ཁང་ནས་རོ་ཧི་ནིར་རྟེན་གཞི་བྱས་པའི་བོད་ཕྲུག་ཁྱིམ་སྡེའི་བཞུགས་གནས་སུ་ཞབས་སོར་བདེ་བར་འཁོད་གནང་ཡོད་ཅིང་། རིམ་པས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་མཇལ་ཁ་སྩལ་ཡོད་པ་དང་དེ་རིང་དགའ་ལྡན་ཁྲི་རིན་པོ་ཆེར་མཇལ་ཁ་སྩལ་ཡོད། གཞི་རྩའི་༸སྐུའི་ཞབས་པུས་དྲག་སྐྱེད་ཆེད་དུ་བོད་མི་གཙོས་པའི་དད་ལྡན་པ་རྣམ་པས་ཞབས་རིམ་ཁག་གསོག་སྒྲུབ་ཞུས་དང་ཞུ་བཞིན་ཡོད་པ་རེད། འདི་ཚེས་ ༤ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་དོན་ལྟར། མགོན་པོ་༸གང་ཉིད་མཆོག་ཞབས་པུས་སྨན་བཅོས་གྲུབ་སྟེ། དྲག་སྐྱེད་ཟིན་མཚམས་ཟླ་བ་འདིའི་ཟླ་མཇུག་ཙམ་ལ་ལ་དྭགས་སུ་ཆིབས་བསྒྱུར་གྱིས་དུས་ཡུན་རིང་ཙམ་སྐུ་བཞུགས་མཛད་གཏན་ཁེལ་ཡོད་པ་གསུངས་ཡོད། The post ༸གོང་ས་མཆོག་དགུང་གྲངས་ ༡༣༠ ལྷག་སྐུ་བཞུགས་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ། appeared first on vot.
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་རྒྱ་གར་དུ་ BRICS རྒྱལ་སྲུང་སློབ་སྟོན་པའི་ཚོགས་འདུར་མཉམ་ཞུགས་བྱ་རྒྱུ།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཟླ་འདིའི་ཕྱི་ཚེས་ ༢༢ ནས་ ༢༣ བར་ཉིན་གྲངས་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོག་ལ་ཉེ་བའི་ BRICS རྒྱལ་ཁབ་རྣམས་ཀྱི་རྒྱལ་སྲུང་སློབ་སྟོན་པའི་ཚོགས་འདུར་མཉམ་ཞུགས་བྱ་རྒྱུ་དང་། ཐེངས་འདིའི་ཚོགས་འདུའི་ཐོག་མཐུན་ཕྱོགས་རྒྱལ་ཁབ་རྣམས་ཀྱི་སྐུ་ཚབ་ངོས་ནས་རྒྱལ་སྤྱིའི་བདེ་འཇགས་ཀྱི་གནས་སྟངས་སོགས་ཀྱི་སྐོར་གྲོས་བསྡུར་གནང་རྒྱུ་རེད་འདུག དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་འདི་ལོའི་ BRICS རྒྱལ་སྲུང་སློབ་སྟོན་པའི་ཚོགས་འདུར་མཉམ་ཞུགས་བྱ་འཆར་ཡོད་པ་དེ་རྒྱ་གར་གྱིས་མགྲོན་འབོད་བྱས་པ་ཞིག་རེད་འདུག་ལ། རྒྱལ་ས་ལྡི་ལིར་ཟླ་འདིའི་ཕྱི་ཚེས་ ༢༢ དང་ ༢༣ ཉིན་འཚོག་འཆར་ཡོད་པའི་ཚོགས་འདུ་དེའི་ཐོག་ BRICS ཁྱབ་ཁོངས་སུ་ཡོད་པའི་བྷ་ར་ཛིལ་དང་། ཨུ་རུ་སུ། རྒྱ་གར། ལྷོ་ཨ་ཧྥི་རི་ཁ། རྒྱ་ནག ཨི་ཇིབ། ཨི་ཐོ་པི་ཡ། ཨིི་རན། ས་ཨུ་ཌི་ཨ་ར་བི་ཡ། ཨ་རབ་མཉམ་འབྲེལ་རྒྱལ་ཁབ་བཅས་ཚོགས་མི་ ༡༡ གི་སྐུ་ཚབ་བར་རྒྱལ་སྤྱིའི་བདེ་འཇགས་ཀྱི་གནས་སྟངས་དང་། རྒྱལ་ཁབ་སོ་སོའི་མངའ་ཁུལ་གྱི་བདེ་འཇགས་གནད་དོན། དེ་བཞིན་རྒྱུན་ལྡན་དང་རྒྱུན་མ་ཡིན་པའི་བདེ་འཇགས་ཀྱི་གདོང་ལེན་སྐོར་དང་། གཞན་ཡང་འདི་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱ་གར་གྱི་གོ་སྒྲིག་འོག་འཚོག་གཏན་ཁེལ་བའི་ BRICS ཚོགས་ཆེན་ཐེངས་ ༡༨ པའི་གྲ་སྒྲིག་སོགས་ཀྱི་སྐོར་གྲོས་བསྡུར་བྱ་རྒྱུ་རེད་འདུག...















