དབུས་སྐད་དགོང་དྲོའི་ལས་རིམ། ༢༠༢༥།༠༣།༢༣ | དབུས་སྐད་ལས་རིམ།

1 year ago

༢༠༢༥ ལོའི་ཕྱི་ཟླ་ ༣ པའི་ཚེས་༢༣ དབུས་སྐད་ཀྱི་དགོང་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས། ༡། ཕྱི་སྡོད་རྒྱ་རིགས་རྩོམ་པ་པོ་ཝུའི་སྦིང་གཙོས་པའི་དམངས་གཙོ་དོན་གཉེར་བ་སྒེར་དང་ཚོགས་པ་སྒྲིག་འཛུགས་ཁག་ཅིག་གིས་ཨ་རིའི་སྲིད་འཛིན་མཆོག་ནས་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་སྐྱར་གསོ་གནང་དགོས་པའི་རེ་སྐུལ་ཞུས་འདུག ༢། རྒྱ་ནག་གི་སློབ་མ་ཚོས་ཨ་རིའི་སློབ་གྲྭ་ཁག་ནས་ཁོང་ཚོ་བཀག་སྡོམ་བྱེད་པའི་་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ནས་གཟའ་འཁོར་སྔོན་མར་བཏོན་པའི་ཁྲིམས་འཆར་ལ་སྐྱོན་བརྗོད་བྱས་པ་དང་། དེ་ནི་རྒྱ་ནག་ཕྱིར་འབུད་ཀྱི་ཁྲིམས་གཞི་གསར་པ་ཞིག་རེད་ཅེས་བརྗོད་འདུག ༣། རྒྱ་ནག་གིས་ཡུ་གུར་བ་རྣམས་ལ་ཁ་ཆེའི་རཱ་མ་དཱན་བསྙེན་གནས་ཟླ་བའི་དུས་སུ་བཙན་གྱིས་ལས་ཀ་བྱེད་དུ་བཅུག་སྟེ་དུས་བཅད་ཟས་བསྟེན་དང་གསོལ་འདེབས་བཀག་འགོག་བྱེད་པ་དེ་ནི་ཐལ་སྤྱོད་པ་མེད་པར་གཏོང་བའི་མིང་ཐོག་ནས་ཆོས་ལུགས་ཀྱི་ཆོ་ག་ཁག་ལ་བཀག་སྡོམ་བྱེད་པའི་ཐབས་ལམ་གསར་ཤོས་ཤིག་ལ་ངོས་འཛིན་གནང་གི་འདུག 1. In an open Letter, overseas Chinese democratic activists calls for President Trump to restore funding for RFA & VOA 2. Chinese students slam GOP bill that would ban them from U.S. schools, say it's ‘new Chinese Exclusion Act’ 3. China forces Uyghurs to work during Ramadan in bid to prevent fasting Hosted on Acast. See acast.com/privacy (https://acast.com/privacy) for more information. Episode link: https://play.headliner.app/episode/26256992?utm_source=youtube
Watch on YouTube