བདུན་ཕྲག་འདིའི་བོད་དོན་གསར་འགྱུར་ཕྱོགས་བསྡུས། ༢༠༢༥།༠༤།༢༥ Tibet This Week (Tibetan)- April 25, 2025
◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ནས་ཡི་ཤུའི་བླ་ཆེན་ Pope Francis མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་མཛད་པ།
◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་ལྡན་ཁྲིམས་ཞིབ་ཆེ་བ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས་ནས་གསར་མཇལ་ཞུས་པ།
◆ ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་འཁྲུངས་སྐར་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་རྒྱ་ནག་གཞུང་ནས་པཎ་ཆེན་རིན་པོ་ཆེ་གར་ཡོད་ཀྱི་གནས་སྟངས་ཁ་གསལ་བཟོ་རྒྱུའི་དུས་ལ་བབ་ཡོད་པ་ནན་བརྗོད་གནང་བ།
◆ ཇ་མུ་དང་ཀ་ཤི་མིར་ནང་བྱུང་བའི་དོན་རྐྱེན་ཁྲོད་རྐྱེན་འདས་སུ་ཕྱིན་པ་དང་རྨས་སྐྱོན་ཕོག་པ་རྣམས་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐུགས་གསོ་དང་བོད་མིའི་སྒྲིག་འཛུགས་ནས་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་བ།
◆ དཔལ་ལྡན་སྲིད་སྐྱོང་མཆོག་བོད་དང་བོད་མིའི་མགྲིན་ཚབ་ཅེས་པའི་ཕྱག་དེབ་སྐོར་གྱི་དྲ་ཐོག་བགྲོ་གླེང་ཚོགས་འདུར་མཉམ་ཞུགས་དང་རྒྱ་གར་ AYUSH ལྷན་ཁང་གི་བློན་ཆེན་མཆོག་དང་མཇལ་འཕྲད་གནང་བ།
◆ ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ཧི་མ་ཅལ་མངའ་གཞུང་གི་མཐོ་རིམ་ལས་བྱེད་རྣམས་དང་ལྷན་དུ་ས་ཆ་བོགས་གཏོང་དང་བསྐྱར་གསོོའི་གནད་དོན་ཐོག་བཀའ་བསྡུར་གནང་བ།
◆ སིམ་ལ་སྤྱི་ཁྱབ་གསར་རྙིང་དབར་ལས་འགན་རྩིས་སྤྲོད་རྩིས་ལེན་གནང་བ།





