བལ་ཡུལ་དང་རྒྱ་ནག་གཉིས་ཀྱི་ཚོང་འབྲེལ་དྲུང་ཆེའི་གནས་རིམ་ལྡན་པའི་འགོ་ཁྲིད་བར་བོད་ཀྱི་རྒྱལ་ས་ལྷ་སར་ཐུག་འཕྲད་བྱ་རྒྱུའི་གནས་ཚུལ་ཐོན་པ་ལྟར། ཉེ་ལམ་འགོ་ཁྲིད་ཕན་ཚུན་ཐུག་འཕྲད་བྱས་པའི་བརྒྱུད། བལ་ཡུལ་གྱི་རྒྱལ་ས་ Kathmandu ཀ་ཐ་མན་གྲུ་དང་བོད་ཀྱི་རྒྱལ་ས་ལྷ་སའི་བར་གྱི་ཐད་གཏོང་སྤྱི་སྤྱོད་རླངས་འཁོར་བསྐྱར་གསོ་བྱ་རྒྱུ་ཡིན་པ་དང་། དེ་ནི་ལོ་ངོ་ ༢༠ ཙམ་གྱི་རྗེས་སུ་བསྐྱར་དུ་འགོ་འཛུགས་བྱ་རྒྱུར་ཕྱོགས་གཉིས་ཀྱིས་གྲོས་མཐུན་བྱུང་བ་ཞིག་རེད་འདུག དེ་ཡང་བལ་ཡུལ་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༢༠ ནས་ ༢༡ བར་བོད་ཀྱི་རྒྱལ་ས་ལྷ་སར་བལ་འབྲེལ་ས་མཚམས་ཚོང་དོན་དང་མཉམ་ལས་འབྲེལ་མཐུད་ལྷན་ཚོགས་ཐེངས་གསུམ་ཚོགས་པ་དང་འབྲེལ། ཐེངས་འདིའི་གྲོས་མོལ་ནང་བལ་ཡུལ་གྱི་ཚོང་འབྲེལ་དྲུང་ཆེ་ Ram Prasad Ghimire རཱམ་པྲ་སཱད་གྷི་མི་རེ་ཡིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་མཉམ་ཞུགས་གནང་ཡོད་པ་རེད་འདུག སྤྱིར་སྤྱི་སྤྱོད་རླངས་འཁོར་བརྒྱུད་སའི་ལམ་ཁ་འདི་ནི་འགྲམ་ས་མཚམས་ནས་སྤྱི་ལེ་ ༡༠༠༠ ཙམ་གྱི་ས་ཐག་ཡིན་ཞིང་། དུས་ཡུན་ཆུ་ཚོད་ ༢༠ ནས་ ༢༢ ཙམ་གྱི་ནང་བསྐྱོད་ཐུབ་ཀྱི་ཡོད་པ་རེད། འདིས་ཡུལ་སྐོར་བ་དང་། ལྷག་པར་དུ་ནང་པའི་གནས་སྐོར་བ་ཚོར་སྟབས་བདེ་བཟོ་རྒྱུ་མ་ཟད། གནམ་གྲུའི་འགྲོ་གྲོན་ཆེན་པོ་དེ་ཉུང་དུ་བཏང་སྟེ། མི་མང་བར་གྱི་འབྲེལ་ལམ་བརྟན་ལྷིང་དང་ཟབ་ཏུ་གཏོང་རྒྱུའི་དམིགས་ཡུལ་བཟུང་ཡོད་བཤད་འདུག ཐེངས་འདིའི་གྲོས་མོལ་གྱི་གནད་དོན་གཙོ་བོ་ནི། སྐྱིད་གྲོང་དང་འགྲམ་ས་མཚམས་བརྒྱུད་ཅ་ལག་འོར་འདྲེན་བྱེད་སྐབས་འཕྲད་བཞིན་པའི་དཀའ་ངལ་སེལ་རྒྱུ་དང་། ལྷག་པར་དུ་དངོས་ཟོག་གཏོང་ཐེངས་ཀྱི་གྲངས་ཚད་ལ་དམ་བསྒྲགས་ཡོད་པ་དེ་དག་ལྷོད་ཡང་གཏོང་ཐབས། མ་ཟད་རྒྱལ་ཁབ་གཉིས་ཀྱི་བར་གལ་འགངས་ཆེ་བའི་བཟོ་སྐྲུན་ལས་གཞི་ཁག་ཅིག་གི་སྐོར་ལ་ཡང་ནན་བཤད་བྱས་འདུག རྩ་བའི་བལ་ཡུལ་གཞུང་གིས་རྒྱ་ནག་ལ་ས་མཚམས་ཀྱི་ལག་འཁྱེར་ལ་དམ་བསྒྲགས་ལྷོད་ཡང་གཏོང་དགོས་པའི་རེ་སྐུལ་ཞུས་ཡོད་པ་ལྟར། ད་ལྟའི་ཆར་ལག་འཁྱེར་དེ་དག་ Rasuwa རཱ་སུ་ཝ་རྫོང་གི་མི་མང་ཁོ་ནར་སྤྲོད་ཀྱི་ཡོད་པ་ལ་བརྟེན་ནས། བལ་ཡུལ་ས་གནས་གཞན་གྱི་ཚོང་པ་ཚོར་ཚོང་ལས་ནང་མཉམ་ཞུགས་བྱེད་པར་དཀའ་ངལ་བཟོ་བཞིན་ཡོད་པ་རེད། གནད་དོན་དབྱེ་ཞིབ་པ་ཚོས་ད་ཐེངས་སྤྱི་སྤྱོད་རླངས་འཁོར་འགྲུལ་བསྐྱོད་བསྐྱར་གསོ་བྱ་རྒྱུ་དེ་ནི། རྒྱལ་ཁབ་གཉིས་ཀྱི་ཚོང་དོན་དང་འཛུགས་སྐྲུན་གྱི་དཀའ་ངལ་སེལ་ཐབས་བྱེད་བཞིན་པའི་གནད་འགག་གི་དུས་ཤིག་ལ་འཁེལ་ཡོད་པ་དང་། འདས་པའི་ལོ་གཅིག་ནང་བལ་ཡུལ་ནས་རྒྱ་ནག་ལ་ཚོང་འབྲེལ་བྱས་པའི་ནང་ཧིན་སྒོར་ཐེར་འབུམ་ ༣༣༨ ལྷག་གི་གྱོང་གུན་ཕོག་ཡོད་པ་མ་ཟད། འགྲིམ་འགྲུལ་དང་གཞུང་ལམ་ཡར་རྒྱས་བཏང་བའི་བརྒྱུད་གློག་རླངས་དང་། གོས། བོད་སྨན། ས་གདན་སོགས་དངོས་ཟོག་བརྗེ་རེས་ཀྱི་འགྲོ་གྲོན་དམའ་རུ་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་བརྗོད་འདུག གཞི་རྩའི་ཕྱི་ལོ་ ༢༠༠༥ […]
The post བལ་བོད་གཉིས་ཀྱི་བར་ལོ་ངོ་ ༢༠ ཙམ་རྗེས་སུ་ཐད་གཏོང་སྤྱི་སྤྱོད་རླངས་འཁོར་བསྐྱར་གསོ་བྱ་རྒྱུ། appeared first on vot.





