བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༠༥།༡༣ Tibet TV Daily News – May.13, 2025

11 months ago

◆ དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བོད་དོན་ཞུ་སྐུལ་གྱི་ལས་དོན་རེ་ཞིག་ལེགས་པར་གྲུབ་སྟེ་ཨེམ་ཧར་སི་དང་ཨི་ཐ་ཁ་གྲོང་ཁྱེར་དུ་གནས་སྡོད་བོད་མི་རྣམས་དང་ཐུག་འཕྲད་གནང་བ། ◆ མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་ཡུམ་ཀ་བཟའ་གདུགས་དཀར་སྒྲོལ་མ་ལགས་སེམས་ངལ་རྐྱེན་གྱིས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་པ། ◆ དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གཏན་ཉིན་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམ་པའི་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོར་ཕེབས་ཞུགས་གནང་བ། ◆ བལ་ཡུལ་དུ་གནས་འཁོད་ཡུ་རོབ་མཐུན་ཚོགས་ཀྱི་གཞུང་ཚབ་ཁང་ནས་གོ་སྒྲིག་ཞུས་པའི་ཡུ་རོབ་ཉིན་མོ་སྲུང་བརྩིའི་མཛད་སྒོར་བལ་ཡུལ་སྐུ་ཚབ་དོན་ཁང་གི་དྲུང་ཆེ་མཉམ་ཞུགས་གནང་བ།
Watch on YouTube