བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༢།༡༣ Tibet TV Daily News – February. 13, 2025

1 year ago

◆དཔལ་ལྡན་སྲིད་སྐྱོང་མཆོག་གིས་སེ་ར་བྱེས་སྨད་གཉིས་སུ་གནས་གཟིགས་དང་འབྲེལ་དགེ་འདུན་འདུས་མང་ཡོངས་ལ་གསུང་བཤད་གནང་བ། ◆ ཨིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་བར་དཔལ་ལྡན་ཚོགས་ཚོགས་གཙོ་མཆོག་གིས་དགའ་བསུའི་འཚམས་འདྲི་ཞུས་པ། ◆སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་དང་སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས་རྣམ་གཉིས་ནས་རྒྱ་གར་བྱང་ཤར་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་དབུ་འཛུགས་གནང་བ། ◆མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༨ པའི་སྔ་རོལ་དུ་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གནང་བཞིན་པ། ◆བོད་མི་དང་ཉི་འོང་བ་རྣམས་ཀྱིས་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་བོད་རང་བཙན་གྱི་གསལ་བསྒྲགས་བསྐྱར་ནན་གནང་སྟེ་ལོ་ངོ་ ༡༡༢ འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་པ།
Watch on YouTube