བོད་དོན་དང་འབྲེལ་བའི་ཨ་རིའི་ཕྲི་སྲིད་ལྷན་ཁང་གི་སྙན་ཐོ་འདོན་སྤེལ་གནང་བ།

12 hours ago

ཟླ་འདིའི་ཚེས་ ༨ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བཏོན་པའི་གནས་ཚུལ་ལྟར། ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་བཏོན་པའི་བོད་དོན་སྙན་ཐོ་གཉིས་ཀྱི་ནང་རྒྱ་ནག་གིས་བོད་ནང་མུ་མཐུད་དྲག་གནོན་ཚབས་ཆེན་བྱེད་བཞིན་པར་སྐྱོན་བརྗོད་དང་སྦྲགས། བོད་རྒྱའི་དཀའ་རྙོག་ཞི་བའི་སྒོ་ནས་སེལ་ཐབས་ལ་འབད་བརྩོན་ཆེ་རུ་གཏོང་དགོས་པའི་ནན་བརྗོད་བྱས་འདུག སྙན་ཐོའི་ནང་བོད་རང་སྐྱོང་ལྗོངས་ཟེར་བ་ནི་ཕྱི་རྒྱལ་མིས་དམིགས་བསལ་ལག་འཁྱེར་མེད་པར་འགྲོ་མི་ཆོག་པའི་ས་ཁུལ་གཅིག་པོ་དེ་མུ་མཐུད་གནས་ཡོད་པ་དང་། ཕྱི་ལོ་ ༢༠༢༥ ཟླ་ ༩ པར་ཨ་རིའི་སྐུ་ཚབ་ཅིག་ཕྱི་ལོ་ ༢༠༡༩ རྗེས་སུ་ཐེངས་དང་པོར་ལྗོངས་དེར་ཕེབས་ཐུབ་ཡོད་ཀྱང་། བོད་ཀྱི་ས་ཁུལ་གཞན་དུ་ཨ་རིའི་དཔོན་རིགས་དང་གསར་འགོད་པར་སོ་ལྟ་དང་བཀག་འགོག་བྱེད་པ། དེ་བཞིན་ཨ་རིའི་མི་སེར་ཡིན་པའི་བོད་མི་ཚོས་བོད་ནང་འགྲོ་བསྐྱོད་ལག་འཁྱེར་ཞུ་སྐབས་ཞིབ་བཤེར་དམ་དྲག་གིས་འཇིགས་སྣང་སྐུལ་གྱི་ཡོད་པ་སོགས་ཐེར་འདོན་བྱས་ཡོད་འདུག །
Watch on YouTube