བོད་ནང་རྒྱ་ནག་གི་ཉི་གློག་ལས་གཞི་རྣམས་དམག་དོན་སྒྲིག་བཀོད་ལྟར་མངོན་རྒྱུ་ཡོད་པ་གསུངས་འདུག

2 months ago

བོད་ནང་རྒྱ་ནག་གིས་ Renewable Energy འམ་བསྐྱར་གསོ་ཐུབ་པའི་ནུས་ཤུགས་ལས་གཞིའི་ཁྲོད་ཉི་གློག་གི་ལས་གཞི་སྤེལ་ཕྱོགས་དེ་དག་རྒྱ་ནག་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་ཡུལ་ལས་བརྒལ་ཏེ་དངོས་གསལ་མིན་པའི་དམག་དོན་སྒྲིག་བཀོད་ལྟ་བུར་མངོན་རྒྱུ་ཡོད་པར་རྒྱ་གར་གྱི་ཐུགས་སྣང་ཆེ་ཙམ་གནང་དགོས་པ་གསུངས་འདུག དེ་ཡང་ཁ་ཉིན་ moneycontrol.com ཞེས་པའི་རྒྱ་གར་བརྒྱུད་ལམ་གྱི་དྲ་གནས་ཐོག རྒྱ་གར་གྱི་བྷེང་ལོར་གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ Takshashila ལྟེ་གནས་ཁང་གི་ Geospatial Research Program ཞེས་ས་གཞི་ཞིབ་འཇུག་ལས་འཆར་གྱི་སློབ་དཔོན་ཆེན་མོ་དང་འགོ་འགན་འཛིན་སྐུ་ཞབས་ Nithiyanandam Yogeswaran ལགས་ཀྱིས་སྤེལ་བའི་དཔྱད་རྩོམ་ཞིག་འདོན་སྤེལ་གནང་བའི་ནང་དུ། ཉེ་ཆར་བསྟི་གནས་ཁང་གིས་ཞིབ་འཇུག་ཁྲོད་བོད་ནང་དེང་སྐབས་རྒྱ་ནག་གིས་ཉི་འོད་གློག་འདོན་ས་ཚིགས་ཆེ་ཆུང་མི་འདྲ་བ་ ༢༠༠ ཙམ་གསར་འཛུགས་བྱས་ཡོད་པ་དང་། དེ་དག་གིས་ཁྱོན་གློག་ཤུགས་མེ་གྷ་ཝཊ་ ༩༣༠༠ ཙམ་བཟོ་བསྐྲུན་བྱེད་ཐུབ་ཀྱི་ཡོད་པའི་ཁོངས་ནས་ད་ལྟའི་ཆར་ཉི་འོད་གློག་འདོན་ས་ཚིགས་ ༧༤ ཡི་ལས་དོན་དངོས་སུ་དབུ་འཛུགས་བྱས་ཟིན་པ་དང་ ༢༠ མགྱོགས་མྱུར་འགོ་འཛུགས་ལ་རན་པ་ཡིན། ལྷག་པར་དུ་སྔ་ལོ་ ༢༠༢༥ གཅིག་པོའི་ནང་དུ་ལས་གཞི་གསར་པ་གཉིས་འགོ་འཛུགས་པ་གཅིག་པོ་ནས་གློག་ཤུགས་མེ་གྷ་ཝཊ་ ༢༦༠༠ བཟོ་བསྐྲུན་བྱེད་ཀྱི་ཡོད་པ། ལྷག་པར་དུ་ཉི་མ་ལྷ་ས་ཞེས་པའི་བོད་ཀྱི་རྒྱལ་ས་ལྷ་ས་གཅིག་པོའི་ནང་དུ་ཉི་འོད་གློག་འདོན་ལས་གཞི་ ༡༠༠ ལྷག་ཡོད་པ་དང་འབྲེལ་ནས་ལས་གཞི་དེའི་བསྟི་གནས་ལྟ་བུ་ཆགས་ཀྱི་ཡོད་པ་སོགས་མངོན་གསལ་གནང་ཡོད་པ་ལུང་འདྲེན་གནང་འདུག ཡིན་ནའང་གཟུངས་སྐར་འདྲ་པར་དང་ས་གཞི་ཞིབ་འཇུག་ལ་གཞིགས་ན། རྒྱ་ནག་གི་བོད་ནང་གི་ཉི་འོད་གློག་འདོན་གྱི་ལས་གཞི་མང་པོ་ཞིག་དམག་དོན་གནམ་གྲུ་འབབ་ཚུག་དང་ས་མཚམས་བལྟ་སྲུང་གར་སྟེགས། རླུང་འཕྲིན་རྡ་འཕྲིན་ལས་ཁུངས། རྒྱ་ལམ་དང་མེ་འཁོར་ལྕགས་ལམ་བཅས་ཀྱི་ཉེ་འགྲམ་དུ་བཙུགས་ཡོད་པ། ལྷག་པར་དུ་ཕྱི་ལོ་ ༡༩༧༣ ལོར་དམག་སྒར་ཡིན་པའི་ད་ལྟའི་གཞིས་ཀ་རྩེའི་གནམ་ཐང་ཉེ་འགྲམ་དུ་ཕྱི་ལོ་ ༢༠༢༠ ནས་བཟུང་ད་བར་སྤྱི་ལེ་གྲུ་བཞི་མ་ ༣ ཙམ་གྱི་རྒྱ་ཁྱོན་དུ་ཁྱབ་པའི་ཉི་འོད་གློག་འདོན་ལས་གཞིས་གསུམ་སྤེལ་བཞིན་ཡོད་པ་དང་། རྒྱ་གར་གྱི་ས་མཚམས་ཉེ་འགྲམ་གྱི་དམག་གི་བལྟ་སྲུང་གར་སྟེགས་ཀྱི་སྤྱི་ལེ་གསུམ་གྱི་རྒྱང་ཐག་དུ་ཆགས་པའི་སྒར་རྫོང་ཁུལ་དུ་ཟླ་བ་ ༣ གྱི་ནང་ཚུད་མེ་གྷ་ཝཊ་ ༣༠ ལྡན་པའི་གློག་འདོན་ལས་གཞི་གསར་འཛུགས་བྱས་ཏེ་ལས་དོན་འགོ་བཙུགས་ཟིན་ཡོད་པ་བཅས་ལ་གཞིགས་ན། དངངས་འཚབ་སྐྱེད་དགོས་པའི་གནད་དོན་དེ་ཉི་འོད་གློག་འདོན་ལས་གཞིའི་གྲངས་ཚད་དེ་མ་ཡིན་པར། ལས་གཞི་སྤེལ་ཡུལ་གྱི་ས་ཚིགས་དེ་ཆགས་ཀྱི་ཡོད་པ་གསུངས་འདུག སྐུ་ཞབས་ Yogeswaran […]

The post བོད་ནང་རྒྱ་ནག་གི་ཉི་གློག་ལས་གཞི་རྣམས་དམག་དོན་སྒྲིག་བཀོད་ལྟར་མངོན་རྒྱུ་ཡོད་པ་གསུངས་འདུག appeared first on vot.

Original Article