བོད་རྒྱའི་དཀའ་རྙོག་སེལ་ཐབས་ཐད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུངས་སོང་། State Department Losar
ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་ཤིང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཐད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུངས་ཤིང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྤྱི་མང་བདེ་འཇགས་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་དྲུང་ཆེ་ལས་རོགས་ལས་ཚབ་ཨེལ་སྦརཊི་གྷོམ་བྷིསི་མཆོག་གིས་ལོ་གསར་གྱི་འཚམས་འདྲི་གནང་སྐབས། ཨ་རིའི་བོད་དོན་ཐད་རྒྱབ་སྐྱོར་གནང་རྒྱུ་དེས་ཨ་རིའི་རང་ཉིད་ཀྱི་ནུས་པ་དང་། འཕེལ་རྒྱས། བརྟན་ལྷིང་ལ་ཕན་ནུས་སྐྲུན་གྱི་ཡོད་རེད་ཅེས་གསུངས་སོང་།
U.S. State Department celebrates the Tibetan New Year 'Losar' for the 11th straight year. At the Losar reception, US Acting Under Secretary for Civilian Security, Democracy and Human Rights Albert Gombis said, "US advocacy for Tibet contributes to America's own strength, prosperity and stability".
Reporter: Tashi Wangchuk / Tenzin Pema
Producer: Passang Dhonden





