རྫོང་ཆོས་གྲྭ་ཚང་གི་བརྟན་བཞུགས།
༸གོང་ས་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་གོ་སྟོན་སྲུང་བརྩི་དང་འབྲེལ། རྫོང་དཀར་ཆོས་སྡེས་བརྟན་བཞུགས་བསྟར་འབུལ་ཞུས་པ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་གོ་སྟོན་སྲུང་བརྩི་དང་འབྲེལ། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་བ་ ༤ ཚེས་ ༢༥ ཉིན། བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། རྫོང་དཀར་ཆོས་སྡེ་གྲྭ་ཚང་གིས་མདོ་ལུགས་ཀྱི་ཆོ་གའི་སྒོ་ནས་མགོན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།





