ཨ་རའི་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་ CSIS ཞེས་རྒྱལ་སྤྱིའི་ཐབས་བྱུས་འབྲེལ་ལམ་བསྟི་གནས་ཁང་གི་ཉམས་ཞིབ་པ་བགྲེས་པ་ Henrietta Levin ལགས་དང་སྔོན་ཆད་ཨ་རིའི་རྒྱལ་སྲུང་དྲུང་ཆེའི་མང་གཙོ་དང་བདེ་འཇགས། འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་སློབ་སྟོན་པ་ Alison Bartel ལགས་རྣམ་གཉིས་ཀྱིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ནི་བོད་མིར་མཚོན་ན་གལ་གནད་ཆེ་ཤོས་དང་མ་འོངས་པའི་ཁ་ཕྱོགས་ཀྱི་ཐོག་ནས་ཀྱང་བསམ་བློ་གཏོང་དགོས་ངེས་ཤིག་ཏུ་གྱུར་ཡོད་ཀྱང་། ད་ལྟའི་ཆར་གནད་དོན་དེ་ནི་ཆོས་ཕྱོགས་ཀྱི་གནད་དོན་ཙམ་ཞིག་མིན་པར་དེར་རྒྱ་ཆེ་བའི་ས་ཁམས་ཆབ་སྲིད་ཀྱི་ཤུགས་རྐྱེན་ཡོད་པ་གསལ་སྟོན་གྱིས། རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་བོད་ཐོག་དང་ལྷག་པར་༸སྐུའི་ཡང་སྲིད་ཐོག་འཛིན་པའི་སྲིད་བྱུས་ཀྱི་སྒྲོམ་གཞིར་བསྐྱར་ཞིབ་གནང་དགོས་གལ་ཆེ་བ་ཡིན་པ་གསུངས་འདུག དེ་ཡང་འདི་ཚེས་ ༩ ཉིན་འདོན་སྤེལ་གནང་བའི་ When Faith and Geopolitics Collide; The Dalai Lama Succession Crisis and the Global Struggle for Tibet’s Future འམ་དད་པ་དང་ས་ཁམས་ཆབ་སྲིད་ཀྱི་འགལ་ཟླ། རྒྱལ་སྤྱིའི་ཆབ་སྲིད་ཁྲོད་༸སྐུའི་ཡང་སྲིད་ཀྱི་གལ་གནད་ཞེས་ཤོག་གྲངས་ ༣༩ ཅན་གྱི་སྙན་ཐོ་དེའི་ནང་། ཉེ་སྔོན་བོད་མའི་ཆོས་ཚོགས་ཐེངས་ ༡༥ པའི་དབུ་འབྱེད་མཛད་སྒོ་དང་བསྟུན། ༸གོང་ས་མཆོག་ནས་༸རྒྱལ་བའི་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པ་དང་། ལྷག་པར་ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པའི་གསལ་བསྒྲགས་བསྐྱངས་མ་ཐག རྒྱ་ནག་གཞུང་ཕྱོགས་ནས་ཡོངས་ཁྱབ་གསལ་བསྒྲགས་དེར་སྐྱོན་བརྗོད་ནན་པོ་དང་འབྲེལ། ༸རྒྱལ་བའི་ཡང་སྲིད་དེ་བཞིན་རྒྱ་གཞུང་གི་ཁྲིམས་ལུགས་དང་སྲོལ་རྒྱུན་གྱི་གསེར་འབུམ་དཀྲུག་རྒྱུའི་ལམ་སྲོལ་དང་མཐུན་དགོས་པ་སོགས་བཤད་ཡོད་པར་བློ་འཚབ་དང་འབྲེལ། བོད་དོན་འཐབ་རྩོད་ཀྱི་གནས་བབ་ཐོག་༸སྐུའི་ཡང་སྲིད་ཀྱི་གནད་དོན་ནི། གལ་གནད་ཆེ་ཤོས་གྲས་དང་མ་འོངས་པའི་ཁ་ཕྱོགས་ཀྱི་ཐོག་ནས་ཀྱང་བསམ་བློ་གཏོང་དགོས་ངེས་ཤིག་ཏུ་གྱུར་ཡོད་ཀྱང་། ད་ལྟའི་ཆར་གནད་དོན་དེ་ནི་ཆོས་ཕྱོགས་ཀྱི་གནད་དོན་ཙམ་ཞིག་མིན་པར་རྒྱ་ཆེ་བའི་ས་ཁམས་ཆབ་སྲིད་ཀྱི་ཤུགས་རྐྱེན་ཡོད་པ་གསལ་སྟོན་གནང་ཐོག རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་བོད་ཐོག་དང་ལྷག་པར་༸སྐུའི་ཡང་སྲིད་ཐོག་འཛིན་པའི་སྲིད་བྱུས་ཀྱི་སྒྲོམ་གཞིར་བསྐྱར་ཞིབ་གནང་དགོས་གལ་ཆེ་བ་ཡིན་པ་གསུངས་འདུག མ་ཟད། རྒྱལ་སྤྱིའི་སྲིད་གཞུང་མང་ཆེ་བས་རྒྱ་གཞུང་གིས་༸སྐུའི་ཡང་སྲིད་ཐོག་ཐེ་བྱུས་བྱེད་བཞིན་པའི་མཇུག་འབྲས་སྔོན་དཔག་མི་ཐུབ་པའི་སྒོ་ནས་བོད་ཀྱི་འཐབ་རྩོད་དང་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཁོ་ནར་ངོས་འཛིན་གནང་བཞིན་པས་དེའི་གལ་གནད་ཉམས་དམས་སུ་གཏོང་གི་ཡོད་པ་དང་། ལྷག་པར་རྒྱལ་ཁབ་ཁག་གཅིག་གིས་རང་གི་ཁེ་ཕན་སླད་རྒྱ་གཞུང་གིས་བོད་ས་ཡོངས་སུ་དྲག་གནོན་སྤེལ་བཞིན་པའི་བྱ་སྤྱོད་དེར་སྣང་མེད་དུ་འཇོག་བཞིན་པ་མ་ཟད། ཁག་གཅིག་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་བོད་མི་ཙམ་གྱི་གནད་དོན་ཁོ་ནར་ཡིན་པ་ལྟ་བུའི་སྣང་བ་ཡོད་པ་དེ་ནི་ཆེས་ནོར་འཁྲུལ་ཡིན་པ་མངོན་གསལ་གནང་ཐོག རྒྱ་གཞུང་གིས་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དེ་ཆབ་སྲིད་ཀྱི་ཁེ་ཕན་སླད་བེད་སྤྱོད་བྱེད་པ་དེར་རྒྱ་ཆེ་བའི་ས་ཁམས་ཆབ་སྲིད་ཀྱི་ཤུགས་རྐྱེན་ཡོད་པ་དང་། […]
The post ༸སྐུའི་ཡང་སྲིད་ཀྱི་གནད་དོན་དེར་རྒྱ་ཆེ་བའི་ས་ཁམས་ཆབ་སྲིད་ཀྱི་ཤུགས་རྐྱེན་ཡོད་པ་གསལ་སྟོན། appeared first on vot.





