སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས།

1 month ago

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༨ རེས་གཟའ་ལྷག་པའི་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ དབུས་འོས་བསྡུ་ལས་ཁང་གི་གསར་འགོད་ལྷན་ཚོགས་ཐེངས་ལྔ་པ་དེ་བསྐོང་འཚོགས་གནང་སྟེ། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དངོས་གཞིའི་འོས་མིའི་མཚན་གཞུང་ཡོངས་ཁྱབ་གསལ་བསྒྲགས་གནང་སོང་ཞིང་ ། དེ་ཡང་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤༩ པའི་ནང་གསེས་ (ཀ་) པའི་དགོངས་དོན་ལྟར། ཆོལ་ཁ་རེ་ནས། འོས་མི་ ༢༠ རེ། ཆོས་བརྒྱུད་རེ་ནས། འོས་མི་ ༤ རེ། ཡུ་རོབ་དང་ལྷོ་བྱང་ཨ་རིའི་ཁུལ་ནས། འོས་མི་ ༤ རེ། ཨེ་ཤི་ཡ་དང་ཨོ་སེ་ཀྲལ་ཨེ་ཤི་ཡའི་ཁུལ་ནས། འོས་མི་ ༢ བཅས་ཡོངས་བསྒྲགས་གནང་སོང་། །
Watch on YouTube