BREAKING: Tibet’s Govt-in-Exile Condemns China’s Controversial Assimilation Law
ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༢༣ ཉིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་ ༡༡ པའི་ལས་ཉིན་ ༧ པ། བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེ་ཀྱི་ལས་རིམ་ཐོག་ནས། ཉེ་བའི་ཆར་རྒྱ་ནག་གིས་གཏན་འབེབས་བྱས་པའི་ "མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་" ཟེར་བར་གདོང་ལེན་ཆེད། བཀའ་ཤག་གིས་བསྣམས་ཕེབས་པའི་གཞུང་འབྲེལ་གྲོས་ཆོད་སྤྱི་མོས་ཀྱིས་གཏན་འབེབས་བྱུང་ཡོད་ཅིང་། གྲོས་ཆོད་དེའི་ནང་གཙོ་བོ་རྒྱ་ནག་གི་ཁྲིམས་ཡིག་གསར་པ་འདི་ནི་རྒྱལ་སྤྱིའི་ཁྲིམས་དང་རྒྱ་ནག་རང་གི་རྩ་ཁྲིམས་དང་འགལ་བས་ནུས་པ་མེད་པར་ངོས་འཛིན་བྱེད་རྒྱུ་དང་། རྒྱ་གཞུང་གིས་མི་རིགས་རྩ་མེད་ཀྱི་སྲིད་ཇུས་མཚམས་འཇོག་གིས་བོད་རྒྱ་ཞི་མོལ་དགོས་པ། མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུག་དང་ལོ་རེའི་ཕྱི་ཟླ་ ༩ པར་ "བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་" གི་ལས་འགུལ་སྤེལ་རྒྱུ་སོགས་འཁོད་ཡོད། དེ་དང་ཆབས་ཅིག་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཅིག་སྤྱི་མོས་ཀྱིས་གཏན་འབེབས་གནང་སྟེ། པཎ་ཆེན་རིན་པོ་ཆེས་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ་དང་། ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལྟར་བཙན་བྱོལ་བོད་མི་ཡོངས་ཀྱིས་རང་ཁྱིམ་ནས་འགོ་བཙུགས་ཏེ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ལ་འབད་བརྩོན་གནང་དགོས་པའི་འབོད་སྐུལ་སོགས་གནང་ཡོད་འདུག །





