Building Back Compact Communities
བཙན་བྱོལ་བོད་མིའི་རུབ་སྡོད་གཞིས་ཁང་གསར་རྒྱག
བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་བཙན་བྱོལ་བོད་མི་སྡོད་ཁང་དཀའ་ངལ་ཅན་རྣམས་ཀྱི་དཀའ་ངལ་སེལ་སླད། ཕྱི་ལོ་ ༢༠༢༢ ནས་རུབ་སྡོད་གཞིས་སྒར་བསྐྱར་གསོའི་གཙོ་གནད་ལས་གཞི་མགོ་ཚུགས་ཡོད་ཅིང་། ༢༠༢༤ ལོ་ནས་བཟུང་ས་བགོས་ལས་གཞི་དངོས་སུ་མགོ་བཙུགས་ནས་གཞིས་ཆགས་ཁག་ཅིག་ནང་ས་ཆ་བགོ་འགྲེམས་གནང་ཟིན་པའི་གནས་སྟངས་ཆགས་ཡོད་པར་བརྟེན། ལས་གཞི་འདིའི་སྤྱི་ཡོངས་ཀྱི་གནས་སྟངས་རྒྱུས་ལོན་ཆེད། འདི་ག་བོདཀྱི་དུས་བབ་གསར་ཁང་གི་ངོས་ནས་ནང་སྲིད་ལས་ཁུངས་ཀྱི་གཞིས་སྤོས་ལས་གཞིའི་འགན་འཛིན་དངོས་གྲུབ་འོད་ཟེར་ལགས་དང་ལྷན་དུ་དེ་འབྲེལ་བཅར་འདྲི་ཞུས།





