Dalai Lama Arrives in Zanskar | Mega Symposium at Karsha Monastery
དེ་རིང་ཕྱི་ལོ་ ༢༠༢༥ ཟླ་བ་ ༧ ཚེས་ ༢༡ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟངས་དཀར་དཀར་ཆ་ཕོ་བྲང་དུ་ཞབས་སོར་བདེ་འཁོད་གནང་འཕྲལ་ཐོག་མར་མགོན་པོ་མཆོག་ནས་ཕོ་བྲང་གསར་བཞེངས་དབུ་འབྱེད་བསྐྱངས་གནང་མཛད་པ་དང་། དེ་རྗེས་དགོན་པ་གྲྭ་ཚང་ཁག་གི་མཁན་བླ་འདུས་མང་དང་ས་གནས་དཔོན་རིགས། དད་ལྡན་མི་དམངས་དང་བཅས་པར་ལོ་ངོ་སྟོང་ཕྲག་ལྷག་གི་ནང་པའི་རིག་གཞུང་གི་ངོ་བོ་དང་དེའི་ཁྱད་ཆོས་ངོ་སྤྲོད། དེ་ལྟ་བུའི་རིག་པ་དང་ལྡན་པའི་ནང་བསྟན་ལ་རྒྱ་ནག་གིས་དམ་དྲག་བྱེད་ཚུལ། དེར་བརྟེན་ནང་པ་སངས་རྒྱས་པའི་རིག་པའི་ལམ་ལ་བརྟེན་པའི་ཆོས་ཚུལ་བདག་གཅེས་དགོས་པའི་གལ་གནད་སོགས་ཀྱི་སྐོར་ལ་བཀའ་སློབ་སྩལ་གནང་མཛད་སོང་། །
the long-awaited prayers of local devotees. His arrival was met with joyous chants and a heartfelt welcome from the people of Zanskar. Shortly after landing, His Holiness inaugurated a newly built Phodrang (residence) at the Karsha Monastery and addressed a large gathering. In his address, he emphasized the importance of preserving Buddhist traditions through study and debate, acknowledging the destruction of Tibetan Buddhism in Tibet by China, and praising the efforts of Tibetan exiles and the people of Zanskar in continuing the lineage. His Holiness also observed the ongoing Yarchos Chenmo (Great Summer Dharma Symposium). According to organizers, His Holiness will continue with his planned schedule. Tomorrow, he is set to grant a private audience to over 70 elderly Zanskar residents, followed by a Long-Life Prayer Offering and Ghoton day after.





