Dalai Lama Meets Nobel Peace Laureate Leymah Gbowee
༸གོང་ས་མཆོག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ ལེ་མཱ་ གྷ་བྷོ་ཝི་མཆོག་དང་མཇལ་མོལ་གནང་བ།
His Holiness the Dalai Lama Meets Nobel Peace Laureate Leymah Gbowee at Drepung Gomang Monastery in Mundgod
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༢༣ ཉིན། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་། དེ་སྔ་ཕྱི་ལོ་ ༢༠༡༡ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ ལྕམ་སྐུ་ ལི་མཱ་ གྷ་བྷོ་ཝི་ (Leymah Gbowee) མཆོག་དང་མཇལ་འཕྲད་གནང་འདུག་ཅིང་། སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལྕམ་སྐུ་ཁོང་དང་ཁོང་གི་ཕྱག་རོགས་རྣམ་གཉིས་ལ། འགྲོ་བ་སྤྱིའི་ བདེ་དོན་ཆེད་སེམས་པ་བཟང་པོ་དང་། བྱམས་བརྩེའི་དགོས་གལ། བྱེ་བྲག་ཏུ་དབུལ་ཕྱུག་དོ་མི་གཉོམ་པའི་དཀའ་ངལ་སོགས་ཀྱི་སྐོར་ལ་བཀའ་སློབ་སྩལ་གནང་འདུག་ལ། དུས་མཚུངས། ལྕམ་སྐུ་ ལི་མཱ་ གྷ་བྷོ་ཝི་ མཆོག་ནས་ཀྱང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དེ་དག་མ་འོངས་པའི་འཛམ་གླིང་འདིའི་ནང་གང་ཐུབ་ཀྱི་སྐུལ་མ་བྱེད་རྒྱུ་དང་ལག་བསྟར་ཡོང་ཐབས་ཐད་ལ་འབད་བརྩོན་བྱེད་དགོས་པ་ཁོང་མོ་རང་ཉིད་ལ་དམིགས་བསལ་གྱི་འོས་འགན་འཁྲི་བ་དང་། དེ་བཞིན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གཞོན་རབས་ཚང་མའི་ཕྲག་ཐོག་ཏུའང་དེ་མཚུངས་ཀྱི་འོས་འགན་འཁྲི་བའི་ཚོར་བ་ཤུགས་ཆེར་བྱུང་བ་སོགས་ཀྱི་བཀའ་མོལ་བྱུང་འདུག །





