Democracy Roundtable | Bylakuppe | Episode 3
མང་གཙོའི་མདུན་ཅོག (སྦེལ་ཀོབ།)
Democracy Roundtable | Bylakuppe | Episode 3
མང་གཙོ་དང་འཛིན་སྐྱོང་། ཆབ་སྲིད་དང་མཐུན་ལམ། མ་འོངས་འགན་ཁུར་སོགས་གལ་ཆེའི་གནད་དོན་དུ་མ་ཞིག་ཐོག་བགྲོ་གླེང་ཞུས་པའི་མང་གཙོའི་མདུན་ཅོག་ལེའུ་གསུམ་པ་འདི་ནི་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཁུལ་དུ་གནས་བཞུགས་རང་རེའི་གཞོན་སྐྱེས་བསམ་བློ་བ་ཁག་ཅིག་དང་ལྷན་དུ་གཉེར་ཡོད་ཅིང་། ལེ་ཚན་འདིའི་ནང་དེ་རིང་སང་གི་བོད་པའི་སྤྱི་ཚོགས་ཀྱི་གནས་བབ་ལ་གཞིགས་ཏེ་གོང་ཞུས་ཀྱི་གནད་དོན་རེ་རེའི་ཐོག་ལ་ཞིབ་ཕྲའི་བགྲོ་གླེང་ཞུས་ཡོད།
ལས་རིམ་འདིའང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་དང་། བོད་ཀྱི་རླུང་འཕྲིན་ཐུན་མོང་དུ་གཉེར་བའི་ལས་རིམ་ཞིག་ཡིན།
In Episode 3 of the Democracy Roundtable, Tibetans from diverse backgrounds come together in the Bylakuppe Tibetan settlement for a thought-provoking discussion on Tibetan democracy, politics, and ways to strengthen democratic values within the community.
The Democracy Roundtable is a joint initiative by Tibet Radio and the Tibetan Centre for Human Rights and Democracy (TCHRD).





