Dharamsala Prayer Marks 37 Years Since 1989 Tibet Martial Law Crackdown

2 months ago

བཞུགས་སྒར་དུ་གཞུང་འབྲེལ་གསུམ་བརྒྱད་མཆོད་འབུལ་སྨོན་ལམ། Prayer Service in Dharamsala Marks 37th Anniversary of 1989 Martial Law Crackdown in Tibet ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༨ ཉིན་མོ་འདི་ནི་ད་ནས་བརྩིས་པའི་མི་ལོ་ ༣༧ གོང་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གཞུང་གིས་དྲག་པོའི་དམག་ཁྲིམས་བསྡམས་ཏེ། གཞིས་བཞུགས་བོད་མི་གྲངས་ལས་འདས་པ་དུས་མིན་རྐྱེན་ལམ་དུ་བཏང་བ་དང་། ཉེས་མེད་མང་པོར་བཙོན་འཇུག་མནར་གཅོད། དེ་བཞིན་གར་སོང་ཆ་མེད་བཟོས་པ་སོགས་ཀྱིས་བོད་མི་ཚོར་བཟོད་པར་དཀའ་བའི་དཀའ་སྡུག་ཚད་མེད་མྱངས་དགོས་བྱུང་ཡོད། དེ་རིང་ཉིན་མོ་འདིར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་མདུན་སར། བོད་ཀྱི་ཆབ་སྲིད་བཙོན་ཟུར་ཀེའུ་ཚང་རིན་པོ་ཆེ་མཆོག་ཚོགས་མགོན་དུ་ཆེད་ཕེབས་ཐོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲིད་ཞུའི་ལས་བྱེད། སེར་སྐྱ་མི་མང་ལྷན་འཛོམས་ཀྱིས་བོད་ནང་གི་རྒྱལ་གཅེས་པ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་། ཁོང་རྣམ་པའི་རྗེས་ཤུལ་ནང་མི་སྤུན་ཉེ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་སླད་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་འཚོགས་གནང་སོང་། མཛད་སྒོ་འདི་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བ་ཞིག་རེད་འདུག Dharamsala, March 8, 2026 – A commemorative prayer service was held today at Tsuglagkhang, organized by the Central Tibetan Administration’s Department of Religion and Culture of the Central Tibetan Administration. The event honored Tibetans who suffered after China imposed martial law in Lhasa on March 8, 1989. The crackdown, ordered by then Communist Party Secretary Hu Jintao, resulted in numerous deaths, injuries, and arrests of Tibetan civilians who had peacefully demonstrated. This year marks the 37th anniversary of the tragic events.
Watch on YouTube