Gaden Shartse Thoesam Norling School Celebrates 55th Anniversary, Achieves CBSE Affiliation

4 months ago

དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཁོངས་སུ་དེབ་སྐྱེལ་དང་འབྲེལ་ཆེད་སྒྲིག་ལས་རིམ། ཕྱི་ལོ་ ༡༩༥༩ ལོར་བོད་ས་རྒྱ་ཡི་བཙན་བཟུང་བྱས་པའི་རྗེས་སུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་བརྒྱད་ཁྲི་ཙམ་བཙན་བྱོལ་དུ་འབྱོར་ཡོད་ཅིང་། བཙན་བྱོལ་དུ་འབྱོར་མ་ཐག་༸གོང་ས་མཆོག་ནས་བོད་ཕྲུག་རྣམས་མ་འོངས་བོད་ཀྱི་ཆོས་སྲིད་ཞི་བའི་ས་བོན་དུ་གཟིགས་ཏེ། བཙོན་བྱོལ་དུ་སློབ་གྲྭ་དང་པོ་མ་སུ་རི་བོད་གཞུང་གཏན་སློབ་གསར་འཛུགས་གནང་ཡོད་པ་མ་ཟད། གཞིས་ཆགས་དང་དགོན་སྡེ་ཁག་སོགས་ཀྱི་ནང་དུ་རིམ་པའི་སློབ་གྲྭ་གསར་རྒྱག་གནང་ཡོད་པ་རེད། དེའི་ཁོངས་སུ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་དེ་ཉིད་ཕྱི་ལོ་ ༡༩༧༠ ལོར་དབུ་བརྙེས་ནས་ད་ལྟའི་ཆར་ལོ་ངོ་ ༥༥ འཁོར་བ་དང་། སློབ་གྲྭ་དེ་ཉིད་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་ཁོངས་སུ་དེབ་སྐྱེལ་ལེགས་གྲུབ་ཟེན་པའི་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢༧ ཉིན་རྟེན་འབྲེལ་གྱི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་འབྲེལ་ནས་ཆེད་སྒྲིག་གི་ལས་རིམ་རྒྱང་སྲིང་ཞུས་ཡོད། Find more from Voice Of Tibet: Website: https://www.vot.org 网站: https://www.cn.vot.org Facebook: https://www.facebook.com/VoiceofTibet YouTube: https://www.youtube.com/c/VoiceofTibet Instagram: https://www.instagram.com/voice.of.tibet Twitter: https://twitter.com/VOT_Tibetan #VoiceOfTibet #西藏之声
Watch on YouTube