Gao Zhisheng གྱི་འབུར་བཟོ་དབུ་འབྱེད་དང་འབྲེལ་ཁོང་འཕྲལ་དུ་གློད་བཀྲོལ་དགོས་པའི་ཞུ་སྐུལ།

1 month ago

ཨ་རིའི་ཀེ་ལི་ཧྥོར་ནི་ཡའི་མངའ་སྡེའི་སྤྱི་གླིང་ཞིག་ཏུ་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་དང་མང་གཙོ་དོན་གཉེར་བ་བརྒྱ་སྐོར་འདུ་འཛོམས་ཐོག ཕྱི་ལོ་ ༢༠༡༧ ལོ་ནས་བཟུང་གར་སོང་ཆ་མེད་དུ་གྱུར་བའི འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་གྲགས་ཅན་ Gao Zhisheng ལགས་ཀྱི་འབུར་བཟོ་ཞིག་དབུ་འབྱེད་གནང་བ་དང་འབྲེལ། ཁོང་འཕྲལ་དུ་གློད་བཀྲོལ་དགོས་པའི་ཞུ་སྐུལ་གནང་འདུག དེ་ཡང་ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཨ་རིའི་མངའ་སྡེའི་ཀེ་ལི་ཧྥོར་ནི་ཡའི་ཡེར་མོ་ཞེས་པའི་ས་གནས་སུ་རྟེན་གཞི་བྱས་པའི་ Liberty Sculpture Park ཞེས་པའི་རང་དབང་བརྐོས་བརྙན་གྱི་སྤྱི་གླིང་དུ་སྐུ་ཞབས་ Gao Zhisheng ལགས་སུ་རྒྱབ་སྐྱོར་དང་ཁོང་གི་དྲན་རྟེན་མཚོན་ཆེད་ Gazing at the Stars—Gao Zhisheng འམ་སྐར་མ་ལྟ་བཞིན་པ་གའོ་ཌི་ཤེང་ཞེས་སྐུ་ཞབས་ཁོང་གི་ངོ་མདོང་མཚོན་པའི་འབུར་བཟོ་ཅིག་དབུ་འབྱེད་གནང་འདུག དབུ་འབྱེད་ཀྱི་འདུ་མཛོམས་ཐོག་སྐུ་ཞབས་ Gao Zhisheng ལགས་ཀྱི་འབུར་སྐུ་བཞེངས་མཁན་ Chen Weiming ལགས་ཀྱིས་དེ་རིང་གི་ཉིན་མོ་འདིའི་བརྒྱུད་ང་ཚོ་ཚང་མས་དཔའ་བོ་ཞིག་ལ་རྗེས་དྲན་ཞུ་ཡི་ཡོད་སྐོར་གསུངས་བ་མ་ཟད། ཁོང་གིས་བཟོ་བཀོད་དེའི་མིང་ལ་ Gazing at the Stars འམ་སྐར་མ་ལ་ལྟ་བ་ཞེས་བཞག་དགོས་པའི་རྒྱུ་མཚན་ནི་རྒྱ་ནག་དམར་ཤོག་ཚོགས་པའི་འོག་ལ་མྱོང་བཞིན་པའི་སྐུ་ཞབས་ Gao ལགས་ཀྱི་གནས་སྟངས་མཚོན་གྱི་ཡོད་པ་དང་། དེ་བཞིན་སྐར་མ་དེའི་བརྒྱུད་ནས་ཁོང་དང་ཁོང་ལ་རྒྱབ་སྐྱོར་གནང་མཁན་དང་འཚོལ་ཞིབ་གནང་མཁན་རྣམས་མཐུད་སྦྱོར་བྱེད་ཀྱི་ཡོད་པའི་མཚོན་རྟགས་ཤིག་ཡིན་པ་འགྲེལ་བརྗོད་དང་སྦྲགས། དེ་རིང་ང་ཚོས་རང་དབང་ལྡན་པའི་ Mojave བྱེ་ཐང་དུ་རྒྱ་རིགས་མི་དམངས་ཀྱི་སྒལ་ཚིགས་ལྟ་བུར་གྱུར་བའི་དཔའ་བོ་དེ་གཏན་དུ་བརྐོས་ཡོད་ཅེས་དང་། བཟོ་བཀོད་དེ་ནི་སྐུ་ཞབས་ Gao ཙམ་མ་ཡིན་པར་ཁོང་ནང་བཞིན་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སོགས་ལ་འཐབ་རྩོད་གནང་མཁན་ཡོངས་ཀྱི་ཆེད་དུ་རེད་ཅེས་གསུངས་འདུག རྩ་བའི་སྐུ་ཞབས་ Gao Zhisheng ལགས་ནི་རྒྱ་ནག་མང་གཙོ་དོན་གཉེར་བ་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཞིག་ཡིན་པ་མ་ཟད། རྒྱ་ནག་ནང་དུ་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་མང་གཙོ་སོགས་ཀྱི་ཐོག་ལ་འཐབ་རྩོད་གནང་མཁན་ཞིག་ཡིན་པ་རེད། ཕྱི་ལོ་ ༢༠༠༡ ལོར་རྒྱ་ནག་ཁྲིམས་ཞིབ་ལང་ཁུངས་ངོས་ནས་ཁོང་ལ་སྨན་བཅོས་ནོར་འཁྲུལ་དབང་གིས་གནོད་འཚེ་ཕོག་མཁན་རྣམས་དང་ས་ཞིང་བཙན་འཕྲོག་བྱས་པའི་ས་གནས་མི་མང་གི་ཁེ་དབང་སྲུང་སྐྱོབ་བྱས་པར་གཟེངས་བསྟོད་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་རྩོད་པ་གཙོ་བོ་བཅུའི་གྲས་སུ་ངོས་འཛིན་བྱས་ཡོད་ཀྱང་། […]

The post Gao Zhisheng གྱི་འབུར་བཟོ་དབུ་འབྱེད་དང་འབྲེལ་ཁོང་འཕྲལ་དུ་གློད་བཀྲོལ་དགོས་པའི་ཞུ་སྐུལ། appeared first on vot.

Original Article