Heavy Rain Damages Roads to McLeod Ganj, Home of Dalai Lama
ཆར་ཞོད་ཀྱི་རྐྱེན་པས་རྡ་རམ་ས་ལའི་ཁུལ་དུ་གཞུང་ལམ་ཁག་ཅིག་འཕྲོ་བརླག་ཕྱིན་འདུག
Heavy Rain Damages Roads to McLeod Ganj, Home of Dalai Lama
ཆར་དུས་ཀྱི་ཆར་ཞོད་རྐྱེན་པས་བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་ས་རུད་དང་། ཤིང་སྡོང་འགྱེལ་བ། ཆར་ཆུ་རྒྱས་པ་སོགས་ཀྱིས་གཞུང་ལམ་ཆད་དེ་མི་མང་ལ་འགྲུལ་བཞུད་སྟབས་བདེ་མེད་པའི་གནས་སྟངས་ད་དུང་ཡང་དེ་མུར་གནས་ཡོད། དེ་རིང་ཕྱི་ཟླ་ ༨ ཚེས་ ༡༨ ཉིན་འདི་གའི་གསར་འགོད་པས་རྡ་སྟེང་མེག་མོར་ནས་གངས་སྐྱིད་བར་གྱི་གཞུང་ལམ་གྱིས་གཙོས། རྡ་ཤོད་ནས་བོད་ཁྱིམ་ཕྱོགས་ཀྱི་གཞུང་ལམ་དང་། ཟློས་གར་ལམ། བྷག་སུ་ལམ་སོགས་ཁྱོན་ཡོངས་ལ་རྟོགས་ཞིག་ཞུས་ཡོད་ལ། མི་མང་གི་དཀའ་ངལ་སེལ་ཐབས་སམ། གཞུང་ལམ་བསྐྱར་བཟོ་ནམ་ཙམ་གནང་ཐབས་འོང་མིན་སོགས་དང་འབྲེལ་བའི་གནས་སྟངས་ཇི་ཆགས་སྐོར་ལའང་རྒྱུས་ལོན་ཞུས་ཡོད། །
Dharamsala, August 19, 2025 — Continuous heavy rainfall has severely damaged both main roads leading to McLeod Ganj, the hill town known as the residence of Tibetan spiritual leader His Holiness the Dalai Lama. The damage has disrupted transport and raised concerns for local businesses, as McLeod Ganj is heavily dependent on tourism. Authorities are working to restore road connectivity amid fears of further landslides if rains persist.





