His Holiness the Dalai Lama Attends Medicine Buddha Prayer at Tsuglagkhang
༧རྒྱལ་བའི་གོ་སྟོན་ཆེན་མོའི་དམིགས་བསལ་ཞབས་རིམ་སེར་སྨད་སྨན་བླའི་སྒྲུབ་མཆོད་ཆེན་མོ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་གོ་སྟོན་དང་བསྟུན་ནས་སེར་སྨད་གྲྭ་ཚང་གིས་དེ་རིང་ཕྱི་ཟླ་ ༦ ཚེས་ ༡༥ ས་ག་ཟླ་བའི་ཚེས་ ༡༩ ནས་འགོ་འཛུགས་ཀྱིས་ཉིན་གསུམ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་ཆེད་དུ་དམིགས་ནས་སྨན་བླའི་སྒྲུབ་མཆོད་ཆེན་མོ་འཚོགས་བཞིན་ཡོད་ཅིང་། དེ་རིང་ཉིན་ཐོག་མའི་སྒྲུབ་མཆོད་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་དབུ་བཞུགས་མཛད་གནང་སོང་། །





