His Holiness the Dalai Lama Receives Grammy Award | China objects

3 months ago

༸གོང་ས་མཆོག་ལ་གྷེ་རེ་མི་གཟེངས་རྟགས་ཐོབ་པར་རྒྱ་ནག་གིས་སྐྱོན་བརྗོད། འཛམ་གླིང་ཞི་བདེའི་་དད་དཔོན་༧གོང་ས་༧སྐྱབས་མགོན་ཆེན་མཆོག་ནི་ད་ཆ་དགུང་ལོ་༩༠ ལ་ཕེབས་ཡོད་ནའང་། ཁོང་གི་མཛད་རྗེས་ནི། འཛམ་གླིང་ཡོངས་ལ་ཉི་མ་ཤར་ནང་བཞིན་འོད་སྣང་གི་་འཁེངས་ཤིང་། འགྲོ་བ་མི་ས་ཡ་་མང་པོས་རྩིས་བཀུར་བྱེད་ཡུལ་གྱི་དབུ་ཁྲིད་ཤིག་ཏུ་གྱུར་ཡོད། ༢༠༢༦ ལོའི་སྤྱི་ཟླ་༢ པའི་ཚེས་༡ ཉིན་མོ་དེ་ནི་བོད་མིའི་ལོ་རྒྱུས་ནང་དུ་ནམ་ཡང་བསུ་ཐབས་མེད་པ་ལོ་རྒྱུས་ཤིག་ཏུ་གྱུར་ཡོད་པ་དང་། རྒྱ་ནག་གཞུང་ལ་བརྡ་ལེན་དང་བློ་འཚབ་བྱེད་དགོས་པའི་གནས་ཚུལ་ཞིག་ཏུ་གྱུར་ཡོད། རྒྱུ་མཚན་ནི། སྤྱི་ཟླ་༢ པའི་ཚེས་༡ ཉིན་འཛམ་གླིང་རྒྱལ་ཁབ་༢༧ ནང་དུ་བོད་མི་ཚོས་དམངས་གཙོའི་ཐབ་ཐང་ལོངས་སུ་སྤྱད་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་ནང་དུ་ཚར་ཚར་འུར་འུར་ངང་ནས་མཉམ་བཞུགས་གནང་བ་དང་། ཡང་ཉིན་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་གྲགས་ཆེ་བའི་grammy awardགཟེངས་རྟགས་ཕུལ་ཡོད་པ་རེད། གཟེངས་རྟགས་དེ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་དང་འཇིག་རྟེན་ཀུན་ཁྱབ་འགན་ཁུར། བྱམས་བརྩེའི་བསླབ་བྱ་ལྡན་པའི་གསུང་དབྱངས་སྒྲ་དེབ་ལ་ཕུལ་འདུག གསུང་དབྱངས་སྒྲ་བདེ་འདིའི་དུ་བུ་ཞིག་་རྣམ་པ་ཚོས་གཡུ་ཀྲུབ་དྲ་ཚོགས་འདིའི་སྟེང་གཟན་གཟིགས་གནང་ཐུབ། དེ་དང་ཕྱོགས་མཚུངས་སྤྱི་ཟླ་༢ པའི་ཚེས་༢་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་ལྷོ་ཕྱོགས་ནས་གཟེངས་རྟགས་དེ་དང་འབྲེལབའི་་བཀའ་ཡིག་ཤིག་ཕེབས་པའི་ནང་། གཟེངས་རྟགས་དེ་ནི་མགོན་པོ་གང་ཉིད་མཆཽག་སྐུ་སྒེར་གྱི་མཛད་རྗེས་ལ་རྟེན་ནས་ཐོབ་པ་ཞིག་མིན་པར། ཚང་མས་འཛམ་གླིང་ཀུན་ཁྱབ་ཀྱི་འགན་འཁྲི་ལ་ངོས་འཛིན་ཐོབ་པ་ཞིག་ལ་དགོངས་བཞེས་མཛད་ཀྱི་ཡོད་ཅེས་བཀའ་གནང་འདུག ད་དུང་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། བྱམས་བརྩེ་དང་ཞི་བདེ་། ཁོར་ཡུག་སྲུང་སྐྱོབ། དེ་བཞིན་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བཅས་ནི་འཛམ་གླིང་གི་མི་ཐེར་འབུམ་ ༨ ཡོངས་རྫོགས་ལ་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་པར་རྟེན། གཟེངས་རྟགས་འདིའི་བརྒྱུད་ནས་གོང་ཞུས་་དེ་དག་ཁྱབ་སྤེལ་བྱེད་རྒྱུར་་ཕན་ཐོགས་ཡོད་པར་དགའ་པོ་ཞེ་དྲགས་བྱུང་ཞེས་བཀའ་གནང་འདུག བཙན་བྱོལ་བོད་མི་ལྟ་བུ་མཚོན་ན། སྤྱི་ཟླ་༢ པའི་ཚེས་༡ དེ་ནི་ལོ་རྒྱུས་ནང་དུ་ནམ་ཡང་བརྗེད་ཐབས་མེད་པའི་ཉིན་མོ་ཞིག་ཏུ་གྱུར་ཡོད་ལ། བོད་མི་ཚོས་དེ་ནི་གཏམ་བཟང་གི་དུས་ཚིགས་ཁྱད་པ་ཅན་ཞིག་ལ་ངོས་འཛིན་གནང་བཞིན་འདུག འཛམ་གླིང་གི་རོལ་དབྱངས་གཟེངས་རྟགས་ཁྲོད་་gramamy awardགཟེངས་རྟགས་ནི་གཟེངས་རྟགས་རྩེད་ཕུད་དང་རོལ་དབྱངས་དང་འབྲེལ་བའི་གཟེངས་རྟགས་སྙན་གྲགས་ཆེ་ཤོས་དེ་ཡིན་པ་དང་། འདས་པའི་ལོ་རྒྱུས་ནང་དུ་། འཛམ་གླིང་ནང་སྐད་གྲགས་ཆེ་བའི་གཞས་མ་taylor swift དང་lady Gaga, Beyonce, Adele དེ་བཞིན་Michael Jackson སོགས་ལ་གཟེངས་རྟགས་དེ་ཐོབ་འདུག དེ་སྔ་་gramamy awardགཟེངས་རྟགས་ཐོབ་མྱོང་ནཁན་གཞས་མ་lady Gaga ཡིས། ༢༠༡༦་ལོར་གོང་ས་མཆོག་དང་མཇལ་མོལ་ཞུས་པའི་རྐྱེན་གྱིས། རྒྱ་ནག་གཞུང་གིས། ཁོང་མོའི་རོལ་དབྱངས་ཆ་ཚང་རྒྱ་ནག་ནང་དུ་བཀག་བསྡོམས་བྱས་ཡོད་པ་རེད། འོན་ཀྱང་། རྒྱ་ནག་གི་བྱ་སྤྱོད་དང་ངོ་རྒོལ་བྱས་མོས་ལ་མ་བལྟོས་པར། ཞི་བདེ་དང་རང་དབང་། བྱམས་བརྩེ་སོགས་ལ་དགའ་བའི་འཛམ་གླིང་གི་སྙན་གྲགས་ཅན་གྱི་མི་སྣ་ཚོས་མུ་མཐུད་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་དང་གནང་མུས་ཡིན་པ་རེད། ད་རེས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་gramamy award གཟེངས་་རྟགས་ཕུལ་བ་དེས་འཛམ་གླིང་་ཡོངས་ཀྱི་དོ་སྣང་བྱེད་ཡུལ་ཞིག་་ཏུ་གྱུར་བཞིན་འདུག་ཅིང་། རྒྱ་ནག་གི་དེ་ལ་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་ཏེ། གོང་ས་མཆོག་ལ་གཟེངས་རྟགས་ཕུལ་དེ་ནི་ཆབ་སྲིད་ཀྱི་གཡོ་བྱུས་དང་རྒྱ་ནག་ལ་ངོ་རྒོལ་གྱི་ལག་ཆར་བེད་སྤྱོད་བྱེད་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་བཤད་འདུག ད་དུང་བཙན་བྱོལ་བོད་མི་ཚོ་ཚར་ཚར་འུར་འུར་ངང་ནས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ནང་ཆ་ཤས་ལེན་པར། རྒྱ་ནག་གཞུང་གིས་ངོ་རྒོལ་གྱིས། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འགལ་གྱི་སྒྲིག་འཛུགས་ཤིག་ཡིན་ལུགས་བཤད་འདུག འོན་ཀྱང། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོན་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་grammy award གཟེངས་རྟགས་ཐོབ་པར་དགའ་སྤོབས་ཀྱི་འཚམས་འདྲི་དང་སྦྲགས། གཟེངས་དེ་ནི་མགོན་པོ་གང་ཉིད་མཆོག་གིས། ཞི་བདེ་དང་་། འགྲོ་བ་མིའི་གཅིག་འགྱུར་འདུ་ཤེས་གོང་མཐོར་དང་། བྱམས་བརྩེ་བསླབ་སོགས་ཀྱི་མཛད་རྗེས་ལ་རྟེན་བྱུང་བ་ཞིག་ཡིན་པ་དང་། དེས་ང་ཚོ་ཚང་མས་འགན་འཁུར་མཉམ་དུ་བླངས་ཏེ། འཛམ་གླིང་ཞི་བདེ་ལ་ཞབས་འདེགས་ཞུ་དགོས་པའི་དྲན་སྐུལ་ཞིག་ཀྱང་ཡིན་ཞེས་གསུངས་འདུག ཐེངས་འདིའི་grammy award གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེ་བཞིན་ཨ་རིའི་ California ་མངའ་སྡེའི་ Los Angeles གྲོང་ཁྱེར་ནང་དུ་ཚོགས་འདུག་ཅིང་། མཛད་སྒོའི་ཐོག་འཛམ་གླིང་ནང་རོལ་དབྱངས་རྩེད་ཕུད་ཀྱི་གཟེངས་རྟགས་སྡེ་ཚན་མང་པོ་ཡོད་པའི་ནང་ནས་སྒྲ་དེབ་རྩེ་ཕུད་ཀྱི་གཟེངས་རྟགས་Best Audiobook Narration དེ་གོང་ས་མཆོག་གི་རོལ་མོལ་བརྩམས་ཆོས་ལ་ཐོབ་འདུག སྒྲ་དེབ་ཀྱི་བརྗོད་བྱ་དེ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དགོངས་བཞེད། སྒོམ་སྒྲུབ་ཅེས་བཀོད་འདུག ཨ་མི་རི་ཀ་དང་ཁ་ན་ཌའི་གཞས་པ་གྲགས་ཅན་ Rufus Wainwright ་ལགས་ཀྱིས། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚབ་ཞུས་ཏེ། གཟེངས་རྟགས་དེ་བཞེས་ཐུབ་པར་་དགའ་སྤོབས་བྱུང་ཞེས་གསུངས་འདུག་པ་མ་ཟད། ༸གོང་ས་ཏ་ལའི་བླ་མ་མཆོག་གིས ་སེམས་བཟང་པོ་དང་གཞན་ཕན་སྒྲུབ་བྱ་རྒྱུ་ནི་འགྲོ་བ་མིའི་རིན་ཐང་ཆེ་ཤོས་དེ་ཡིན་པ་གསུང་གི་ཡོད་ཅེས་གསུངས་འདུག
Watch on YouTube