How Chinese Pressure Is Forcing Tibetans to Leave Nepal

4 months ago

བལ་ཡུལ་ནང་གནས་སྡོད་བོད་མི་བཙན་བྱོལ་བ་རྣམས་ལ་རྒྱ་ནག་གི་སོ་ལྟ་དང་དམ་དྲག་གི་འོག་ནས་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་གནས་ཚུལ། Tibetans Leave Nepal as Chinese Influence Reshapes Former Safe Haven བོད་ནང་རྒྱ་ནག་གི་བཙན་གནོན་དང་སྡུག་རྩུབ་འོག་གནས་བཟོད་མི་བདེ་བའི་བོད་མི་བཙན་བྱོལ་བ་རྣམས་དེ་སྔ་བལ་ཡུལ་གྱི་ས་ཁོངས་སུ་འབྱོར་མཚམས་བདེ་འཇགས་ཀྱི་སྣང་བ་ཞིག་ཡོང་གི་ཡོད་ཀྱང་། ད་ཆ་བལ་ཡུལ་གྱི་གྲོང་ཁྱེར་དང་རྫོང་ཁག མཐའ་ན་མཐའ་མཚམས་ཀྱི་ས་ཁུལ་ཡོད་ཚད་དུ་བལ་ཡུལ་གྱིས་རྒྱ་ནག་གི་བཟོ་གྲྭ་ནས་བཟོས། རྒྱ་ནག་གིས་མཁོ་སྤྲོད་བྱས་པའི་ལྟ་སྲུང་དོ་དམ་འཕྲུལ་ཆས་ (CCTV) དང་། མིའི་གདོང་རིས་ངོས་འཛིན་བྱེད་མཁན་གྱི་འཕྲུལ་ཆས་མ་ལག་གང་སར་བཙུགས་པ་མ་ཟད། དེ་ཚོའི་དོ་དམ་སྟངས་འཛིན་ཚུན་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་གནས་སྟངས་འོག་ནས་བོད་མི་བཙན་བྱོལ་བ་ཚོའི་བདེ་འཇགས་དང་རང་དབང་། སྐྱབས་བཅོལ་གྱི་གནས་བབ་གང་ཐད་ལ་ཛ་དྲག་དང་སེམས་འཚབ་སྐྱེ་གཞི་ཆགས་བཞིན་ཡོད་པ་རེད་འདུག །
Watch on YouTube