In Conversation with Khangser Rinpoche | Life & Teachingszsa
ཐེངས་འདི་གངས་ཅན་པའི་ལེ་ཚན་ནང་། ་དཔལ་ལྡན་རྒྱུད་སྟོད་གྲ་ཚང་གི་བླ་མ་དབུ་མཛད་སྐྱབས་རྗེ་ཁང་སེར་རིན་པོ་ཆེ་མཆོག་དང་ལྷན་དུ་གླེང་མོལ་ཞུས་ཡོད། རིན་པོ་ཆེས་ད་བར་ནང་པའི་གཞུང་ལུགས་ལ་སློབ་གཉེར་མཛད་པའི་རྒྱུད་རིམ་ལ་གཞིགས་པ་ཡིན་ན། དེ་སྔོན་གཞུང་ཆེན་བཀའ་པོད་ལྔའི་ཐོས་བསམ་སློབ་གཉེར་མཐར་ཕྱིན་མཛད་དེ་དགེ་བཤེས་ལྷ་རམས་པའི་ཨང་དང་པོའི་དང་པོ་མཚན་གནས་བཞེས་་འདུག་པ་དང་དེ་ནས་དཔལ་ལྡན་རྒྱུད་སྟོད་གྲ་ཚང་ནས་སྔགས་ཀྱི་རྩོད་རྒྱུགས་ཨང་དང་པོའི་དང་པོ་མཚན་གནས་བཞེས་པ་སོགས་ནང་པའི་གཞུང་ལུགས་ལ་སློབ་གཉེར་རྒྱ་ཆེར་མཛད་འདུག་པ་མ་ཟས། ད་ལྟའི་ཆར་མུ་མཐུད་ནས་བོད་པ་ཙམ་མིན་པར་རྒྱ་གར་བ་ཚུད་པའི་ཕྱིན་རྒྱལ་བ་ཚོར་ནང་ཆོས་སློབ་ཁྲིན་གནང་གི་ཡོད་འདུག་





