In conversation with Rep.Thinlay Chukki on Tibet’s Longstanding Human Rights Advocacy at UN
སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་དང་ལྷན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་བོད་སྐོར་གླེང་མོལ།
མཉམ་འབྲེལ་རྒྱལ་ཚོགས་ནི་ཕྱི་ལོ་ ༡༩༤༥ ལོར་བཙུགས་ཤིང་། ཐོག་མའི་ཆར་ཚོགས་ཞུགས་རྒྱལ་ཁབ་ ༥༡ ཡོད་པ་ལས་ད་ཆ་རྒྱལ་ཁབ་ ༡༩༣ གྱི་ཚོགས་མི་ཡོད་པའི་སྒྲིག་འཛུགས་ཤིག་ཡིན་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ནང་དུ་འགྲོ་བ་མིའི་ཐོབ་ཐང་དར་སྤེལ་དང་འགན་སྲུང་བྱ་རྒྱུ་ནི་རྒྱལ་ཚོགས་ཀྱི་དགོས་དམིགས་གཙོ་བོ་ཞིག་ཏུ་བརྩིས་ཡོད་ཅིང་། ཕྱི་ལོ་ ༡༩༤༨ ལོར་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གནང་བས་ཆེས་ཐོག་མར་རྒྱལ་སྤྱིའི་ཁྲིམས་ཁོངས་སུ་ཡོངས་གྲགས་ཐོག་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་ཁག་གསལ་སྣོན་གནང་ཡོད་པ་ནས་བཟུང་བཙན་བྱོལ་བོད་མི་རྣམས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་དུས་ནས་དུས་སུ་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཙོས་སྤྱི་ཡོངས་ཀྱི་ཛ་དྲག་ཆེ་བའི་གནས་སྟངས་སོགས་ཀྱི་སྐོར་སྙན་གསེང་ཞུས་ཏེ་བོད་ཀྱི་གནད་དོན་དེ་གསོན་པོར་གནས་ཐབས་གནང་བཞིན་ཡོད་པ་མ་ཟད། རྒྱ་གཞུང་གིས་བོད་མིར་དྲག་གནོན་བྱེད་བཞིན་པ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་མུས་ཡིན་པ་རེད།
འདི་གའི་གསར་འགོད་པ་དེ་སྔོན་ཡུ་རོབ་རྒྱལ་ཁབ་ཁག་གཅིག་ནང་དམིགས་བསལ་ལེ་ཚན་ཆེད་བསྐྱོད་སྐབས། སུད་སི་ཇི་ནི་ཝར་གནས་བཞུགས་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་ལྷན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་བོད་གཙོས་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུགས་གནང་ཕྱོགས་དང་དེའི་ཁྲོད་ཀྱི་གདོང་ལེན་བཅས་ཀྱི་སྐོར་གླེང་མོལ་ཞུས་པ་ཞིག་གཤམ་ལ་གསན་གཟིགས་ཡོང་བ་ཞུ།
In conversation with Rep.Thinlay Chukki on Tibet’s Longstanding Human Rights Advocacy at UN
During our recent visit to Europe, we stood with the Geneva-Tibet Bureau representative Thinlay Chukki to talk about the UN and Tibet's ongoing advocacy efforts within the world body.
The conversation looks back at the early UN resolutions on Tibet, highlights the advocacy work carried out by the Office of Tibet at the UN, and the growing challenges of sustaining international attention on Tibet amid shifting global priorities.
Find more from Voice Of Tibet:
Website: https://www.vot.org
网站: https://www.cn.vot.org
Facebook: https://www.facebook.com/VoiceofTibet
YouTube: https://www.youtube.com/c/VoiceofTibet
Instagram: https://www.instagram.com/voice.of.tibet
Twitter: https://twitter.com/VOT_Tibetan
#VoiceOfTibet #西藏之声





