Indian Tibet Support Groups Hold First Long Life Prayer for the Dalai Lama

2 months ago

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་བརྟན་བཞུགས་བསྟར་འབུལ་ཞུས་པ། Indian Tibet Support Groups Hold First Long Life Prayer for the Dalai Lama རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༡༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་གནང་སོང་། ཐེངས་འདིའི་བརྟན་བཞུགས་ཐོག་རྒྱ་གར་གྱི་མངའ་སྡེ་ཁག་ནས་ཕེབས་པའི་གྲོས་ཚོགས་འཐུས་མི་དང་འཐུས་མི་ཟུར་པ། ལས་འགུལ་བ་སོགས་བོད་དོན་རྒྱབ་སྐྱོར་བ་ལྔ་བརྒྱ་ཙམ་མཉམ་བཞུགས་གནང་འདུག་ཅིང་། བརྟན་བཞུགས་འདིའི་ཐོག་ནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་དམ་བཅའ་གཙོ་བོ་གསུམ་ཁས་ལེན་ཞུས་ཡོད་པ་ནི། གཅིག བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་ལ་འབད་བརྩོན་ཞུ་རྒྱུ་དང་། གཉིས། ༧སྐུའི་ཡང་སྲིད་དང་འབྲེལ་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡོངས་ཁྱབ་གནང་བའི་ལམ་སྟོན་གཞིར་བཟུང་ཕྱིའི་ཐེ་གཏོགས་ལ་ངོས་ལེན་མི་ཞུ་བ། གསུམ། བོད་མིའི་མངོན་འདོད་དང་བོད་ཀྱི་བདེན་པའི་འཐབ་རྩོད་དེ་རྒྱལ་སྤྱི་དང་རྒྱལ་ནང་དུ་གསོན་པོར་གནས་ཐབས་ལ་འབད་བརྩོན་ཞུ་རྒྱུ་བཅས་ཡིན་པ་འཁོད་འདུག་ལ། དུས་མཚུངས་སུ་༧གོང་ས་མཆོག་གི་རླབས་ཆེན་གྱི་མཛད་རྗེས་དང་། ལྷག་པར་དཔལ་ནཱ་ལེནྡྲའི་རིག་གཞུང་རྒྱུན་འཛིན་གནང་བར་ཆེ་བསྟོད་ཀྱིས་ (Karuna Ratna) འམ་ "སྙིང་རྗེའི་ནོར་བུ་" ཞེས་པའི་གཟེངས་རྟགས་ཤིག་ཀྱང་འབུལ་ལམ་ཞུས་སོང་།།
Watch on YouTube