Kathmandu Signals Policy Stability on China, Foreign Minister Says

1 month ago

བལ་ཡུལ་གྱི་སྲིད་གཞུང་གསར་པས་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་མེད་ཅེས་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་གྱིས་ནན་བཤད་བྱས་ཡོད་འདུག ཉེ་ཆར་བལ་ཡུལ་དུ་སྲིད་གཞུང་གསར་པ་བཙུགས་པའི་རྗེས། རྒྱ་ནག་གཞུང་གིས་སེམས་འཚབ་བྱེད་བཞིན་པའི་མུར། བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་གྱིས་སྲིད་གཞུང་གསར་པའི་ངོས་ནས་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་མེད་པའི་ཁས་ལེན་ནན་པོ་བྱས་འདུག དེ་བཞིན་གནད་དོན་གཞན་ཞིག་ནི། བལ་ཡུལ་གཞུང་གིས་མུ་མཐུད་དུ་ རྒྱ་ནག་གཅིག་གི་རྩ་དོན་ ལ་རྒྱབ་སྐྱོར་དང་། བལ་ཡུལ་གྱི་ས་ཐོག་ཏུ་རྒྱ་ནག་ལ་ངོ་རྒོལ་དང་ཁ་གཏད་དུ་ལངས་པའི་ལས་འགུལ་གང་ཡང་སྤེལ་དུ་མི་འཇུག་པའི་བསྐྱར་ནན་བྱས་ཡོད་འདུག དེ་བཞིན་རྒྱ་ནག་གིས་རང་གི་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཁེ་ཕན་ཆེད་དུ་བལ་ཡུལ་ལ་ རྒྱུད་གཅིག་ལམ་གཅིག་ སོགས་ཀྱི་ལས་གཞི་མགྱོགས་མྱུར་ལག་བསྟར་དགོས་པའི་སྐུལ་མ་བྱེད་བཞིན་པ་འདིས། བལ་ཡུལ་གྱི་ཆབ་སྲིད་ནང་རྒྱ་ནག་གི་ཤུགས་རྐྱེན་མུ་མཐུད་གནས་སྲིད་པ་ཆགས་ཡོད་པ་རེད།
Watch on YouTube