Norbulingka Institute Launches First Norling Festival to Mark 30th Anniversary

6 months ago

༧གོང་ས་༧སྐྱབས་མགོན་ཆེན་པོའི་གོ་སྟོན་དང་བསྟུན་བྱམས་བརྩེའི་ལོ་སྲུང་བརྩི་དང་ནོར་གླིང་དུས་སྟོན་ཐེངས་དང་པོ་དབུ་འཛུགས། Norbulingka Institute Launches First Norling Festival to Mark 30th Anniversary and Dalai Lama’s 90th Birthday ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དབུ་བརྙེས་ནས་མི་ལོ་ ༣༠ འཁོར་བའི་དུས་ཚིགས་དང་། དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གོ་སྟོན་དང་བསྟུན་ནས་བྱམས་བརྩེའི་ལོ་སྲུང་བརྩི་དང་སྦྲགས་ནོར་གླིང་དུས་སྟོན་ཐེངས་དང་པོའི༔་མཛད་སྒོ་དེ་བཞིན་དེ་རིང་ཕྱི་ཟླ་ ༡༠ ཚེས་ ༢༤ ཉིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཀྱིས་འཚོགས་གནང་སོང་ལ། དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་ཀྱི་དུས་སྟོན་འདིའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་། བྲིས་ཐང་དང་། གོས་ཐང་། རྟེན་བཞེངས། ཤིང་བརྐོས་དང་ཤིང་ཚོན། ལག་ཚེམ་དང་མར་བཟོས་སོགས་ཀྱི་འགྲེམས་སྟོན་གནང་བཞིན་འདུག་ལ། གོ་སྐབས་འདི་བརྒྱུད་ནོར་གླིང་གི་ཐོན་དངོས་སྤུས་འཚོང་དང་། དེ་བཞིན་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དང་། བོད་ཀྱི་སྨན་རྩིས་ཁང་དང་། བོད་ཀྱི་དཔེ་མཛོད་ཁང་སོགས་ནས་ཀྱང་འགྲེམས་སྟོན་དང་རིན་མེད་འཕྲོད་བསྟེན་བརྟག་དཔྱད་ཀྱང་གནང་བཞིན་འདུག ། The Norbulingka Institute in Dharamsala hosted its inaugural Norling Festival on 24 October to commemorate the institute’s 30th anniversary and celebrate the 90th birth anniversary of His Holiness the Dalai Lama, observed as the Year of Compassion. The festival featured a vibrant array of exhibitions, live art demonstrations, and cultural performances, showcasing the richness of Tibetan heritage while honoring the Dalai Lama’s lifelong message of peace, compassion, and cultural preservation.
Watch on YouTube