Prayer Service Marks 49th Day Since Passing of Ngari Rinpoche

1 month ago

དེ་རིང་ཕྱི་ཟླ་ ༤ ཚེས་ ༦ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་མཆོག་གི་སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་མཆོག་དགོངས་པ་རྫོགས་ནས་ཞག་ཞེ་དགུ་འཁོར་བའི་མཆོད་འབུལ་སྨོན་ལམ་ཚོགས་གནང་ཡོད་པ་དང་། མཆོད་འབུལ་གྱི་ཚོགས་མགོན་དུ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ཡབ་གཞིས་སྐུ་འཁོར་ལྷན་རྒྱས་དང་། འབྲས་སྤུངས་སྒོ་མང་མངའ་རི་ཁང་ཚན་གྱི་སྐུ་ཚབ། ལ་དྭགས་མངའ་རིས་དགོན་ཁག་བརྒྱད་ཀྱི་སྐུ་ཚབ། དེ་བཞིན་བཞུགས་སྒར་ཁུལ་གྱི་ཆོལ་ཁ་གསུམ་གྱི་སྐུ་ཚབ། བུད་མེད་ལྷན་ཚོགས་སོགས། སེར་སྐྱ་མི་མང་བཅས་ལྷན་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་ཚོགས་གནང་སོང་།།
Watch on YouTube