Reincarnation of Trulshik Rinpoche Offers Tenshug to His Holiness the Dalai Lama
དེ་རིང་ཕྱི་ཟླ་ ༥ ཚེས་ ༡༢ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་དང་སྦྲགས། འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་བསྟན་འཛིན་ཆོས་ཀྱི་བློ་གྲོས་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་ཀྱང་ཚོགས་གནང་ཡོད་པ་རེད། །





