Revisiting the 1959 Uprising : Eyewitness Recounts the 1959 Tibetan Uprising in Tibet
This year marks the 67th anniversary of the March 10 Tibetan Uprising. In 1959, Tibetans from all three regions rose in a spontaneous and unified peaceful protest against the Chinese Communist invasion in Lhasa. Many Tibetans were arrested, imprisoned, and even killed during the crackdown, and most firsthand witnesses of those events have now passed away. Among the few remaining is Ven. Jamten, a former senior official of the Gaden Phodrang government who now resides in Dharamsala and endured 22 years in Chinese government prisons. We recently sat down with him to remember the massive uprising.
བརྗེད་ཐབས་མེད་པའི་གསུམ་བཅུའི་སྒེར་ལངས་ཀྱི་སྔ་རྗེས་གནས་ཚུལ་དྲན་སྐུལ།
ཕྱི་ཟླ་ ༣ ཚེས་ ༡༠ ཉིན་མོ་འདི་ནི་བོད་མི་ཚོ་བཙན་འབྱོལ་ལ་གྱར་ནས་མི་ལོ་ ༦༧ འཁོར་བ་དང་དེ་བཞིན་དེ་སྔ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་རྣམས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་ཐོག་ནས་རྒྱ་དམར་གྱི་བཙན་འཛུལ་ལ་ཞི་བའི་སྒེར་ལངས་གནང་སྟེ་མི་ལོ་ ༦༧ འཁོར་བའི་བོད་མིའི་ལོ་རྒྱུས་ཁྲོད་ཀྱི་དུས་ཚིགས་གལ་ཆེ་ཞིག་ཡིན་པ་རེད། དེ་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ངོ་རྒོལ་གྱི་ལས་འགུལ་དང་འབྲེལ་བའི་ཐོག་ནས་བོད་མི་མང་དག་འཛིན་བཟུང་བཙོན་འཇུག་དང་མཐའ་ན་དམར་བསད་བཏང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་དངོས་སུ་མཐོང་ཐོས་མྱོང་གསུམ་ཡོད་མཁན་གྱི་མི་རབས་རྒན་པ་མང་དག་ཞིག་འདས་གྲོངས་སུ་གྱུར་ནས་ད་ཆ་བོད་མི་ཉུང་ལས་ལྷག་མེད་པའི་ཁྲོད་གཅིག་ནི་བཞུགས་སྒར་དུ་གནས་བཞུགས་མི་ལོ་ ༢༢ རིང་རྒྱ་ནག་གཞུང་གི་བཙོན་ཁང་ནང་དཀའ་སྡུག་ཚད་མེད་མྱོང་དགོས་བྱུང་བའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་རྩེ་དྲུང་སྐུ་ངོ་བྱམས་པ་བསྟན་འཛིན་ལགས་ཡིན་པ་རེད།
རླུང་འཕྲིན་ཁང་གིས་དེ་སྔ་རྩེ་དྲུང་བྱམས་པ་བསྟན་འཛིན་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་སྐོར་དང་འབྲེལ་དམིགས་བསལ་བཅར་འདྲི་ཞུས་པའི་ཁྲོད་ཁོང་གིས་དངོས་སུ་མཐོང་ཐོས་མྱོང་གསུམ་ལས་བྱུང་བའི་བརྗེད་ཐབས་མེད་པའི་གསུམ་བཅུའི་སྒེར་ལངས་ཀྱི་སྔ་རྗེས་གནས་ཚུལ་ངོ་སྤྲོད་གནང་བ་ཞིག་བརྒྱང་སྲིང་ཞུ་རྒྱུ་ཡིན།
Find more from Voice Of Tibet:
Website: https://www.vot.org
网站: https://www.cn.vot.org
Facebook: https://www.facebook.com/VoiceofTibet
YouTube: https://www.youtube.com/c/VoiceofTibet
Instagram: https://www.instagram.com/voice.of.tibet
Twitter: https://twitter.com/VOT_Tibetan
#VoiceOfTibet #西藏之声





