RFA Tibetan TV Program 01-16-25 བརྙན་འཕྲིན་གསར་འགྱུར། ༢༠༢༥།༠༡།༡༦ཐེངས་འདིའི་བརྙན་འཕྲིན་གསར་འགྱུར་ནང་།

1 year ago

RFA Tibetan TV Program 01-16-25 བརྙན་འཕྲིན་གསར་འགྱུར། ༢༠༢༥།༠༡།༡༦ ཐེངས་འདིའི་བརྙན་འཕྲིན་གསར་འགྱུར་ནང་། · སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྦེལ་ཀོབ་ཏུ་གདན་སའི་དགེ་འདུན་པ་དང་མང་ཚོགས་བགྲེས་སོང་སོགས་ ༤༠༠ ཙམ་ལ་མཇལ་ཁ་སྩལ་པ། · བོད་ནང་གི་དིང་རི་གཙོས་ཉེ་འཁོར་ས་ཁུལ་ཁག་ནང་ས་ཡོམ་གྱི་འབྱུང་བའི་གནོད་སྐྱོན་ཁྲོད་དགོན་པ་དང་སྒྲུབ་གནས་ཁག་ལ་གཏོར་སྐྱོན་ཤུགས་ཆེ་ཐེབས་ཡོད་ཅིང་། ས་ཡོམ་དང་འབྲེལ་བའི་གནས་ཚུལ་སྤེལ་མཁན་མི་གྲངས་ ༢༡ ལ་རྒྱ་ནག་གཞུང་གིས་ཞིབ་དཔྱོད་དང་ཉེས་ཆད་བཀལ་ཡོད་པ་བསྒྲགས་འདུག · བོད་དོན་རྒྱབ་སྐྱོར་གནང་མཁན་ Hung Sun-han ལགས་ཐེ་ཝན་གཞུང་གསར་པའི་ངལ་རྩོལ་བློན་ཆེན་དུ་བསྐོ་གཞག་བྱུང་པར་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་གིས་འཚམས་འདྲིའི་མཇལ་འཕྲད་ཞུས་འདུག · དིང་རི་རྫོང་དུ་ས་ཡོམ་འགུལ་ཚད་ཤུགས་ཆེན་བྱུང་ནས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པའི་གནས་ཚུལ་དང་འབྲེལ་ནས། བོད་མཐོ་སྒང་གི་ས་བབ་ཆགས་ཚུལ་དང་། ས་ཡོམ་གྱི་གནོད་འཚེའི་ཉེན་ཁ་ཇི་ཡོད་སོགས་ཀྱི་ཐད་གླེང་མོལ་ཞུས་པ་བཅས་རྒྱང་བསྲིངས་ཞུ་རྒྱུ་ཡོད། Reporter: Tashi Wangchuk Producer: Yeshi Tashi བོད་སྐད་སྡེ་ཚན། Service web: http://www.rfa.org/tibetan/ Subscribe: http://bit.ly/29XoS4k Youtube: https://www.youtube.com/user/RFATibetan facebook: https://www.facebook.com/rfa.tibetan twitter: https://twitter.com/rfatibet soundcloud: https://soundcloud.com/rfatibetan podcast: http://www.rfa.org/tibetan/podcasts/
Watch on YouTube