RFA Tibetan TV Program 02-22-25བརྙན་འཕྲིན་གསར་འགྱུར། ༢༠༢༥།༠༢།༢༢
· ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཟླ་བ་གཅིག་ཙམ་རིང་གི་མཛད་འཕྲིན་ལེགས་པར་གྲུབ་སྟེ་བཞུགས་སྒར་རྡ་རམ་ས་ལར་དད་ལྡན་པ་སྟོང་ཚོ་མང་པོས་ཕེབས་བསུའི་ཁྲོད་༧ཞབས་སོར་བདེ་བར་འཁོད་ཡོད་པ་རེད།
· རྡང་ཆུ་གཙང་པོའི་ཁོར་ཡུག་གཏོར་སྐྱོན་ཐད་ཞུ་སྐུལ་བྱེད་མཁན་མཚོ་སྔོན་ཚེ་རིང་ལགས་ཀྱི་བཙོན་འཇུག་ཁྲིམས་ཆད་ཀྱི་དུས་ཡུན་སྔར་ཡོད་ཐོག་ཟླ་བ་ ༨ སྤར་འདུག
· ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་ཊོམ་ཀོ་ཊོན་ལགས་ཀྱི་ཕྱག་དེབ་ “རྒྱ་ནག་གི་སྐོར་བཤད་མི་ཆོག་པའི་གནད་དོན་བདུན་” ཅེས་པ་དེའི་ནང་རྒྱ་ནག་ནི་ཨ་རིར་ཉེན་ཁ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་གསལ་སྟོན་བྱས་འདུག
· གླེང་མོལ་གྱི་ལས་རིམ་ནང་། ༧རྒྱལ་མཆོག་༧སྐུ་ཕྲེང་ ༡༣ ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༡༣ ཟླ ༢ ཚེས ༡༣ཉིན་བསྩལ་གནང་བའི་ཆུ་གླང་རྩ་ཚིག་གི་རྒྱབ་ལྗོངས་དང་ནང་དོན། སྐབས་དུས་བོད་རྒྱའི་དབར་གྱི་འབྲེལ་བ་དང་སྤྱི་ཚོགས་ཀྱི་གནས་བབ་སོགས་ཀྱི་ཐད་གླེང་མོལ་ཞུས་པ་བཅས་རྒྱང་བསྲིངས་ཞུ་རྒྱུ་ཡོད།
Reporter: Tashi Wangchuk
Producer: Yeshi Tashi
---------
བོད་སྐད་སྡེ་ཚན། Service web: http://www.rfa.org/tibetan/
Subscribe: http://bit.ly/29XoS4k
Youtube: https://www.youtube.com/user/RFATibetan
facebook: https://www.facebook.com/rfa.tibetan
twitter: https://twitter.com/rfatibet
soundcloud: https://soundcloud.com/rfatibetan
podcast: http://www.rfa.org/tibetan/podcasts/





