Rooted in Exile: A Search for Self | Tibet Radio Documentary Trailer

9 months ago

🎬 Trailer Launch – Tibet Radio Upcoming Documentary Film Rooted in Exile: A Search for Self བོད་ཀྱི་རླུང་འཕྲིན་གྱིས་༼བུ་མོ་བསྟན་འཛིན་སྒྲོལ་མ་༽ཞེས་པའི་དངོས་བྱུང་གློག་བརྙན་ཞིག་རྒྱང་སྲིང་ཞུ་རྒྱུ་ཡིན། དངོས་བྱུང་གློག་བརྙན་འདི་ནི་བུ་མོ་བསྟན་འཛིན་སྒྲོལ་མའི་མི་ཚེའི་འགྲུལ་བཞུད་ཡིན་ཅིང་། ཁོ་མོ་བོད་ནས་འོང་སྟེ་བལ་ཡུལ་དུ་ཡེ་ཤུའི་གཏན་སློབ་ཤིག་ཏུ་འཚར་ལོངས་བྱུང་། ཁོ་མོས་མི་ལོ་དུ་མའི་རིང་བསྐྱར་དུ་ཁོང་རང་ཉིད་ཀྱི་འབྱུང་ཁུངས་ལ་འཚོལ་ཞིབ་ཀྱིས་སླར་ཁོ་མོའི་ངོ་བོ་བོད་མི་ཡིན་པ་དངོས་ར་འཕྲོད་ཐབས་བྱེད་པའི་དངོས་བྱུང་གི་གཏམ་བརྒྱུད་ཅིག་ཡིན། གློག་བརྙན་འདི་ནི་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་ཚོས་རྒྱང་རིང་གི་ས་མཐའ་ནས་རང་གི་ཕ་ཤུལ་འཛིན་པའི་སྙིང་སྟོབས་ཀྱི་བདེན་དཔང་ཞིག་ཀྱང་ཆགས་ཀྱི་ཡོད། ད་ཆ་དངོས་བྱུང་གློག་བརྙན་འདི་བཞིན་སྤྱི་ཡོངས་ནས་གྲུབ་ལ་ཉེ་བས་མི་རིང་བར་བོད་ཀྱི་རླུང་འཕྲིན་བརྒྱུད་རྒྱ་ཆེའི་སྤུན་ཟླ་ལྷན་རྒྱས་ཀྱི་སྤྱན་ལམ་དུ་བསྟར་རྒྱུ་ཡིན། ། Tibet Radio is proud to present the upcoming documentary Rooted in Exile: A Search for Self, which tells the inspiring story of Tenzin Dolma, a young Tibetan girl who came from Tibet, grew up in a Christian boarding school in Nepal, and later embarked on a heartfelt journey to rediscover her Tibetan identity. This film stands as a powerful testament to the resilience and determination of Tibetans in preserving their culture and identity while living far from their homeland. It will be broadcast soon on Tibet Radio.
Watch on YouTube