Running for the parliament. | Tibetan Prospective | ང་སྤྱི་འཐུས་ཀྱི་འོས་བསྡུར་ཞུགས་ཀྱི་ཡོད།
Lhamo Tashi was born in Tibet and came to India as a refugee at a young age. Initially, she attended primary school at the Tibetan Children's Village in Mussoorie, and later pursued higher education in India, graduating with a master's degree in business administration.
She firmly believes that being honest, transparent, and recognizing and addressing the challenges faced by organizations and society, while proposing various solutions, are the essential qualities of a public representative.
Currently, she is a candidate for the 18th Tibetan Parliament-in-Exile. Over the years, she has provided social leadership services in various non-governmental organizations, including serving as the President of the Amdo Central Council, for over 17 years. This experience has provided her with valuable leadership and community service skills.
ལྷ་མོ་བཀྲ་ཤིས་ནི་བོད་ནང་སྐྱེས་ཤིང་། ཆུང་དུས་ནས་རྒྱ་གར་ལ་བཙན་བྱོལ་དུ་སླེབས་ཏེ། ཐོག་མར་མ་སུ་རི་བོད་ཁྱིམ་ནས་གཞི་རིམ་སློབ་གྲྭ་དང་། རིམ་པས་རྒྱ་གར་མཐོ་སློབ་ནས་ཚོང་འབྲེལ་རིག་པའི་ཐོག་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན།
དྲང་པོ་དྲང་གཞག་དང་། ཕྱི་གསལ་ནང་གསལ། སྒྲིག་འཛུགས་དང་སྤྱི་ཚོགས་ཀྱི་དཀའ་ངལ་ཇི་ཡོད་ངོས་བཟུང་བའི་ཐོག་ནས་ཐབས་ལམ་འདྲ་མིན་འདོན་ཐུབ་དགོས་རྒྱུ་ནི་སྤྱི་པའི་འཐུས་མི་ཤིག་གི་དགོས་ངེས་ཀྱི་ཆ་རྐྱེན་གཙོ་བོ་ཡིན་པར་ཁོང་གིས་ཡིད་ཆེས་བརྟན་པོ་གནང་གི་འདུག
ད་ལན་ཁོང་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འོས་མིར་ཞུགས་བཞིན་ཡོད་པ་དང་། འདས་པའི་དུས་ཡུན་རིང་ཁོང་གིས་མདོ་སྨད་དབུས་རྒྱུན་གྱི་ཚོགས་གཙོ་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་འདྲ་མིན་ནང་སྤྱི་ཚོགས་སྣེ་ཁྲིད་ཀྱི་ཞབས་ཞུ་ལོ་ངོ་ ༡༧ ལྷག་ཙམ་གནང་བ་དེས། ཁོང་ལ་འགོ་ཁྲིད་དང་སྤྱི་ཚོགས་ཞབས་ཞུའི་ཉམས་མྱོང་གང་ལེགས་ཐོབ་ཡོད།





