Smart Vote Tibet: 100 Chitue Candidates Confirmed for the 2026 Election
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེ་མོའི་ནང་ད་བར་སྤྱི་འཐུས་འོས་མིར་བཞེངས་མཁན་ ༡༠༠ བྱུང་འདུག
Smart Vote Tibet Says 100 Candidates Are in the Race for the 2026 Chitue Election
སུད་སིར་རྟེན་གཞི་བྱས་པའི་དམངས་གཙོའི་ལས་གཞི་ཞེས་པའི་ཐུགས་འགན་ཁུར་འོག་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱིའི་འོས་བསྡུ་ཆེན་མོའི་ཐོག་ལ་སྲིད་སྤྱིའི་འོས་གཞིའི་ནང་མཉམ་བཞུགས་གནང་མཁན་དང་། དེ་བཞིན་མི་མང་ལ་ཡང་སོ་སོའི་དགོས་འདུན་དང་མཐུན་པའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་འཚོལ་ཐུབ་པའི་དྲ་ཐོག་མ་ལག་ (SmartVote Tibet) རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ ཞེས་པ་ཞིག་བོད་མི་འོས་བསྡུའི་ཆ་ཤས་ལེན་མཁན་ཚང་མས་བེད་སྤྱོད་གཏོང་རྒྱུ་ཡོད་པའི་ལས་གཞི་ཞིག་དབུ་འབྱེད་ཀྱི་གསར་འགོད་ལྷན་ཚོགས་ཤིག་དེ་རིང་ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༥ ཉིན་རྡ་ས་གནས་འགོ་འཛིན་ཚོགས་ཁང་དུ་འཚོགས་གནང་སོང་ལ། རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ཀྱིས་རྒྱུས་ལོན་ཞིབ་འཇུག་བྱས་པ་ལྟར་ན་ད་ལྟ་བར་དུ་དངོས་སུ་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་གཞིའི་ནང་ བཞེང་གྱི་ཡིན་གསུང་མཁན་ ༡༠༠ ཐམ་པ་བྱུང་ཡོད་པ་གསུངས་གནང་སོང་། །





