Sword Dance (Dri-gar) Performed at Official Tibetan New Year Ceremony

2 months ago

གཞུང་འབྲེལ་ལོ་གསར་མཛད་སྒོའི་ཐོག་གར་གླུ་གྲི་གར་གཟིགས་འབུལ། Sword Dance (Dri-gar) Performed at Official Tibetan New Year Ceremony བོད་རྒྱལ་ལོ་ ༢༡༥༣ མེ་རྟ་ལོའི་བོད་ཟླ་ ༡ ཚེས་ ༡ དང་། ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡༨ ཉིན་གྱི་གནམ་ལོ་གསར་བཞད་ཀྱི་ཚེས་གཅིག་གི་མཛད་སྒོ་དེ་བཞིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྲུང་བརྩི་གནང་ཡོད་པ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཙོས་པའི་སྲི་ཞུའི་ལས་བྱེད་རྣམས་ལྷན་ཞུགས་གནང་ཡོད་ཅིང་། སྐབས་དེར་བོད་ཀྱི་ཟློས་གར་ཚོགས་པས་གར་གླུ་གྲི་གར་གཟིགས་འབུལ་གནང་སོང་། རྩ་བའི་གར་གླུའི་དབྱེ་བ་མང་པོ་ཡོད་པའི་ཁྲོད་ནས་གྲི་གར་འདི་ནི་བོད་ཀྱི་རིག་གནས་ནང་གི་གར་ཆེན་ཞིག་ཡིན་ལ། དེ་ནི་གཙོ་བོ་གྲི་རྩལ་དང་འབྲེལ་བའི་གར་འཁྲབ་སྟོན་ཞིག་ཡིན་པ་མ་ཟད། དེ་སྔ་རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་མ་བྱས་གོང་དུ་ལོ་གསར་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་ཏུ་འཁྲབ་སྲོལ་ཡོད་པ་ཞིག་རེད་འདུག །
Watch on YouTube