The 10th Great winter debate session, known as Jamchoe and Rigtsog begins Today
The 10th Great winter debate session, known as Jamchoe and Rigtsog begins Today on December 20, 2025, at Gadhen Monastery.
བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་ཆེན་མོ་སྐབས་ ༡༠ དབུ་འཛུགས།
༄༅། །དེ་རིང་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢༠ ཉིན་གདན་ས་ཆེན་པོ་དཔལ་ལྡན་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་དགའ་ལྡན་བླ་སྤྱི་ཟུང་སྦྲེལ་གྱི་གོ་སྒྲིག་འོག་བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་ཆེན་མོ་སྐབས་ ༡༠ པ་དབུ་འཛུགས་གནང་སོང་།
འདི་ལོའི་བྱམས་ཆོས་དང་རིགས་ཚོགས་ཆོས་ཐོག་འགྲིམ་མཁན་སློབ་གཉེར་བའི་ཞལ་གྲངས་ ༨༣༨ དང་། ཆོས་ཐོག་རྒན་པ་ཞལ་གྲངས་ ༢༢ བཅས་ཁྱོན་བསྡོམས་ ༨༦༠ ཡོད་པ་དང་། ཆོས་ཐོག་དེ་བཞིན་ཕྱི་ཟླ་ ༡ ཚེས་ ༡༨ བར་ཟླ་བ་གཅིག་རིང་འཚོགས་གི་ཡོད་པ་རེད།
རྩ་བའི་བྱམས་ཆོས་དང་རིགས་ཚོགས་ཆོས་ཐོག་འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་ལམ་སྟོན་འོག་ཕྱི་ལོ་ ༢༠༡༧ ལོར་ཆེད་འཛུགས་གནང་བ་ཞིག་ཡིན་པ་དང་། གཤམ་ལ་ཆོས་ཐོག་དེའི་ནང་གཞུང་ཚན་བཀོད་སྒྲིག་དང་། ཉིན་ཞགས་གཅིག་ནང་གི་མཛད་རིམ། དེ་བཞིན་དགོན་པ་ཇི་ཙམ་མཉམ་ཞུགས་གནང་གི་ཡོད་པ། འཇང་དགུན་ཆོས་དང་ཁྱད་པར་ཇི་ཡོད་སྐོར་ལ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་དྲུང་ཆེ། ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་མཆོག་ལ་བཅར་འདྲི་ཞུས་ཡོད།
Find more from Voice Of Tibet:
Website: https://www.vot.org
网站: https://www.cn.vot.org
Facebook: https://www.facebook.com/VoiceofTibet
YouTube: https://www.youtube.com/c/VoiceofTibet
Instagram: https://www.instagram.com/voice.of.tibet
Twitter: https://twitter.com/VOT_Tibetan
#VoiceOfTibet #西藏之声





