The 4th year Pali & Sanskrit International Bhikkhu Exchange Program
༧གོང་ས་མཆོག་གི་ལྷོ་ཤར་ཨེ་ཤ་ཡའི་ལས་ཁུངས་ཀྱིས་གཙོ་འགན་བཞེས་པའི་ཐོག་ནས་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་བར་དགེ་འདུན་པའི་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་(Pali & Sanskrit International Bhikkhu Exchange Program)ཐེངས་བཞི་པ་དེ་འདས་ལོའི་ཕྱི་ཟླ་ ༡༢ ནང་གནས་མཆོག་རྡོ་རྗེ་གདན་ནས་དབུ་འཛུགས་གནང་སྟེ། འདས་པའི་ཟླ་གསུམ་མ་ཟིན་ཙམ་རིང་ཝར་ཎ་དང་ལྷོ་ཕྱོགས་ཀྱི་གདན་ས་ཁག དེ་བཞིན་ཐའེ་ལན་ཌི་བཅས་སུ་གོ་སྒྲིག་གནང་ནས་ལེགས་པར་གྲུབ་འདུག





