The Dalai Lama calls for stronger efforts to protect Tibetan language
བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་བོད་མི་ཡོངས་ཀྱིས་འགན་འཁུར་དགོས་པའི་བཀའ་སློབ་སྤྱི་ཕེབས།
The Dalai Lama calls for stronger efforts to protect Tibetan language
ཉེ་ལམ་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་། སུད་སི་ལྷ་ས་བུའི་མཐུན་ཚོགས་གཉིས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་འབྲེལ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སྐོར་ལ་བླང་དོར་ལམ་སྟོན་གསོལ་འདེབས་ཞུས་པ་བཞིན། ༸གོང་ས་མཆོག་ནས་བོད་མི་ཡོངས་ཀྱིས་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་བཅས་ལ་རང་དོན་རང་གཅེས་ཀྱིས་དོ་སྣང་ཆེ་བསྐྱེད་གནང་དགོས་པའི་བཀའ་ཡིག་སྤྱི་ཕེབས་གནང་ཡོད་པ་རེད། །





