Thiksay Khenpo Rinpoche Donates Land to CTA for Tibetan Nomads in Chumur
བོད་མིའི་སྒྲིག་འཛུགས་ཀྱིས་ཁྲིག་སེ་རིན་པོ་ཆེར་ཐུགས་རྗེ་ཆེ་ཞུའི་མཛད་སྒོ།
Thiksay Khenpo Rinpoche Donates 60 Acres of Land to CTA for Tibetan Nomads in Chumur
ལ་དྭགས་ཁྲིག་སེ་རིན་པོ་ཆེ་མཆོག་ནས་བོད་མིའི་ངལ་སེལ་སྡོད་ཁང་གསར་རྒྱག་སླད་ས་ཆ་ཨེ་ཀ་ ༦༠ ལྷག་གནང་བར་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་དེ་རིང་ཕྱི་ཟླ་ ༧ ཚེས་ ༢༦ ཉིན་རིན་པོ་ཆེ་མཆོག་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་ ལ་དྭགས་བསོད་ནམས་གླིང་མི་མང་ཚོགས་ཁང་དུ་འཚོགས་གནང་སོང་ལ། སྐབས་དེའི་མཛད་སྒོའི་ཐོག་ཁྲིག་སེ་རིན་པོ་ཆེས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག དེ་བཞིན་ཕྱི་ནང་གི་གནད་ཡོད་མི་སྣ་མང་པོ་ཞིག་ལྷན་བཞུགས་གནང་འདུག་ལ། བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་རིན་པོ་ཆེ་མཆོག་ལ་ཐུགས་རྗེ་ཆེ་ཞུའི་ལེགས་གསོལ་ཕྱག་འཁྱེར་ཞིག་ཀྱང་ཕུལ་གནང་སོང་ལ། ཁྲེག་སེ་རིན་པོ་ཆེ་མཆོག་ནས་ཀྱང་གཅིག་ནས་དེ་སྔ་བོད་རང་དབང་རང་བཙན་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་དེ་བཞིན་ལ་དྭགས་གཙོས་ཧི་མ་ལ་ཡའི་ཁུལ་གྱི་སློབ་གཉེར་བ་རྣམས་ལ་བཀའ་དྲིན་ཆེ་བ་ཡིན་པར་བཀའ་དྲིན་རྗེས་དྲན་དང་། བྱེ་བྲག་འདི་ལོར་༸སྐུའི་གོ་སྟོན་གྱི་དུས་སྐབས་འདིར་བོད་མི་ཚོ་ལ་ཕན་ཐོགས་བསྒྲུབས་ཐུབ་པ་སྐལ་པ་བཟང་པོ་ཡིན་པར་ངོས་འཛིན་གནང་གི་ཡོད་པ་གསུངས་གནང་སོང་། །





