Tibet Radio – My Vote, Our Chithue.

6 months ago

༼ངའི་འོས། ང་ཚོའི་སྤྱི་འཐུས་༽ Tibet Radio – My Vote, Our Chithue. Empowering voices. Strengthening democracy. ཉེ་ལམ་ཟླ་བ་ ༡༠ ཚེས་ ༧ ཉིན་དབུས་འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྤེལ་གནང་ཡོད་པ་རེད་ལ། གསར་འགྱུར་བརྒྱུད་ལམ་ཁག་ནི་མང་གཙོའི་ཀ་བ་བཞི་པ་དེའང་ཡིན་པས། འདི་ག་བོད་ཀྱི་རླུང་འཕྲིན་གྱིས་རྒྱ་ཆེའི་མང་ཚོགས་ཀྱིས་བོད་མི་མང་སྤྱི་འཐུས་སུ་བཞེང་མཁན་རྣམ་པའི་ལོ་རྒྱུས་སོགས་མཁྱེན་རྟོགས་སླད་དུ་ ༼ངའི་འོས། ང་ཚོའི་སྤྱི་འཐུས་༽ ཞེས་པའི་ལས་རིམ་འདི་དབུ་འཛུགས་ཞུས་ཡོད་པ་བཞིན། ང་ཚོའི་ལས་རིམ་འདི་བརྒྱུད་རྒྱ་བལ་འབྲུག་གསུམ་གྱིས་གཙོས། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་མིའི་ཁོངས་སུ་བཞུགས་བློ་ཡོད་རིགས་ཀུན་གྱི་སྙན་ལམ་དུ་ཞུ་རྒྱུར། ལྷན་རྒྱས་སྒེར་སོ་སོའི་ལོ་རྒྱུས་དང་། འཆར་སྣང་། འོས་མིའི་ཁོངས་སུ་བཞུགས་གནང་རྒྱུའི་རྒྱུ་མཚན་སོགས་གསལ་བའི་གནས་ཚུལ་བརྙན་པར་ཐོག་སྐར་མ་ ༥ ལས་མི་བརྒལ་བ་རེ་འདི་ག་བོད་ཀྱི་རླུང་འཕྲིན་དུ་བསྐུར་གནང་ཚེ། འོས་མི་རྣམ་པའི་གནས་ཚུལ་འདི་གར་འབྱོར་སྔ་ཕྱིའི་གོ་རིམ་བཞིན་རེས་གཟའ་པ་སངས་འཆར་ཅན་དེ་ཉིན་གྱི་ཕྱི་དྲོར་བོད་ཀྱི་རླུང་འཕྲིན་གྱི་བརྒྱུད་ལམ་ཁག་ནས་རྒྱང་སྲིང་ཞུ་རྒྱུ་ཡིན་པས། ལྷན་རྒྱས་ནས་དེ་དོན་ཐུགས་སྣང་ཡོང་བ་ཞུ་རྒྱུ་དང་། ལྷན་རྒྱས་ཀྱི་བརྙན་པར་དེ་བཞིན་ང་ཚོའི་གློག་འཕྲིན་ཁ་བྱང་འདི་བརྒྱུད་(tibetradio2025@gmail.com)བསྐུར་གནང་ཡོང་བ་ཞུ་རྒྱུ་དང་། ཡང་ན་ང་ཚོའི་ལས་ཁུངས་ཀྱི་ཁ་པར་ཨང་གྲངས་འདིའི་ཐོག་ནས་(+91 86288 03988 )འབྲེལ་བ་གནང་ན་ཡང་འགྲིག་གི་ཡོད། ། The Central Election Commission of the Central Tibetan Administration (CTA) has announced the upcoming 2025–2026 elections for Sikyong and the 18th Tibetan Parliament-in-Exile. Recognizing the vital role of media as the fourth pillar of democracy, Tibet Radio is pleased to announce the launch of a new program titled “My Vote, Our Chithue.” This initiative aims to enhance public awareness and provide voters with a clearer understanding of their representatives and the democratic process. Invitation to Prospective Candidates: If you intend to contest for a seat in the upcoming Chithue election, Tibet Radio invites you to submit a short video presentation introducing yourself to the public. Your video may include: *A brief personal introduction *Your vision and objectives *The reasons for seeking election Video Guidelines: Duration: Not more than 5 minutes Format: Clear audio and visual quality preferred All submitted videos will be broadcast every Friday evening across Tibet Radio’s official platforms. Submission Details: Please send your video to tibetradio2025@gmail.com For any queries, you may contact us at +91 86288 03988.
Watch on YouTube