Tibet’s National Symbols: New Laws Explained

1 month ago

བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་གཅིག་གྱུར་གཏན་འབེབས། བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུའི་གདངས་དབྱངས་བཅས་གཅིག་གྱུར་གཏན་འབེབས་བྱུང་བའི་གནས་ཚུལ་སྙིང་བསྡུས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཐོག བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་ཀྱི་བཟོ་དབྱིབས་དང་མཚོན་མདོག རྒྱལ་གླུའི་གདངས་དབྱངས་བཅས་གཅིག་གྱུར་དང་། དེ་དག་བེད་སྤྱོད་བྱེད་ཕྱོགས་ཀྱི་འགྲོ་ལུགས་བཅས་མང་མོས་ཀྱིས་གཏན་འབེབས་གནང་ཡོད། འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་རྒྱལ་གཞིས་ཀྱི་མཚོན་རྟགས་ཁག་ལ་ཁྲིམས་མཐུན་གྱི་གཅིག་གྱུར་རང་བཞིན་བཟོས་པ་ཐོག་མ་ཡིན་ཞིང་། དེ་དག་གི་ཆེ་མཐོང་སྲུང་སྐྱོབ་ཆེད་བེད་སྤྱོད་ལམ་སྟོན་དང་ལག་བསྟར་བྱ་དུས་བཅས་ཀྱང་ལྷན་དུ་གཏན་འབེབས་གནང་ཡོད། སྒྲིག་གཞི་འདི་ཉིད་ཕྱི་ལོ་ ༢༠༢༦ ཟླ་བ་ ༥ ཚེས་ ༢༥ ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། །
Watch on YouTube