Tibet & World News – September 03
Tibet & World News – September 03
ཕྱི་ཟླ་ ༩ ཚེས་ ༠༣ ཉིན་གྱི་བོད་དང་རྒྱལ་སྤྱིའི་གསར་འགྱུར།
༡། བཙན་བྱོལ་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༥ པ་དེ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་གྱིས་ཐོག་ནས་སྲུང་བརྩི་ཞུས་གནང་སོང་།
༢། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་བཅས་བསྟི་གནས་ཁང་བཞིས་ཐུན་མོང་དུ་གོ་སྒྲིག་གནང་བའི་བོད་དང་ཧི་མ་ལ་ཡའི་འབྲེལ་ལམ་གྱི་ཚོགས་ཆེན་ཞིག་དབུ་འཛུགས་གནང་སོང་།
༣། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལ་དྭགས་ཁུལ་ཀྱི་མཛད་འཆར་ཁག་དང་། ལྡི་ལིར་ཉིན་གསུམ་གྱི་བཞུགས་ཤག་དང་བཅས་པ་ལེགས་པར་གྲུབ་ཏེ། ཕྱི་ཟླ་༩ ཚེས་ ༣ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་ཁོད་གནང་སོང་།





