Tibetan Arts Council launched in Dharamsala

3 weeks ago

རྒྱལ་སྤྱིའི་སྒྱུ་རྩལ་ཉིན་མོར་བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་དུ་དབུ་འབྱེད་གནང་བ། Tibetan Arts Council launched in Dharamsala དེ་རིང་ཕྱི་ལོ་ ༢༠༢༦ ཟླ་བ་ ༤ ཚེས་ ༡༥ ཉིན་གྱི་རྒྱལ་སྤྱིའི་སྒྱུ་རྩལ་ཉིན་མོ་དང་བསྟུན། བོད་ཀྱི་ཐེབས་རྩའི་ (The Tibet Fund) རྒྱབ་སྐྱོར་འོག་བོད་དང་བོད་རིགས་སྒྱུ་རྩལ་བའི་ནུས་ཤུགས་གོང་སྤེལ་དང་། ཁོང་རྣམ་པའི་འབོད་སྒྲ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཆེས་ཆེར་རྩལ་འདོན་ཡོང་ཐབས་སུ་དམིགས་ཏེ། བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་ (Tibetan Arts Council) ཞེས་པ་གསར་དུ་དབུ་འབྱེད་གནང་སོང་། དེ་དང་འབྲེལ་བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་ཀྱི་དགོས་གལ་དང་དམིགས་ཡུལ། དེའི་ལས་དོན་བྱེད་ཕྱོགས། དེ་བཞིན་སྒྱུ་རྩལ་གྱི་ཐོག་ནས་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ལ་ནུས་པ་ཇི་ལྟར་འདོན་ཐུབ་ཐབས་སོགས་ཀྱི་སྐོར་ལ་རྒྱུས་ལོན་ཆེད་འདི་ག་བོད་ཀྱི་རླུང་འཕྲིན་ལྷན་ཚོགས་དེའི་ཚོགས་གཙོ་བོད་ཀྱི་རྩོམ་པ་པོ་ལྡུམ་ར་བུ་ཆུང་བསོད་ནམས་ལགས་སར་ཆེད་བཅར་གྱིས་བཅར་འདྲི་ཞུས་ཡོད། ། A new international body has been established to champion Tibetan artists and amplify their creative work on the global stage. Launched today to coincide with World Art Day, the Tibetan Arts Council (TAC) will serve as a professional network for Tibetan and Tibetan-origin creatives. The initiative aims to support artistic excellence and help artists tell their stories both within the exile community and to wider international audiences. The council, which builds on The Tibet Fund’s Contemporary Arts Program, is led by a steering committee of prominent artists and an international advisory board. Bhuchung D Sonam, chair of the steering committee, described the launch as a new chapter for Tibetan culture. He has called on artists worldwide to join the network to ensure Tibetan creative expression remains a central force for global dialogue and cultural resurgence.
Watch on YouTube