Tibetan Parliament-in-Exile Passes Historic Law & ₹3.4 Billion Budget | 2026–27
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་མཇུག་སྒྲིལ།
Tibetan Parliament-in-Exile Passes Historic Law & ₹3.4 Billion Budget | 2026–27
ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༣༠ ཉིན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༦་༢༧ ལོའི་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་ཙམ་གཏན་འབེབས་གནང་བའི་ཐོག་ནས་མཇུག་བསྒྲིལ་གནང་སོང་ལ། ཐེངས་འདིའི་གྲོས་ཚོགས་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱ་ནག་གི་མི་རིགས་བཙན་བསྒྱུར་གྱི་ཁྲིམས་ཡིག་ལ་ངོ་རྒོལ། བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ་བཅས་གཅིག་གྱུར་གཏན་འབེབས་སོགས་གལ་ཆེའི་གྲོས་ཆོད་ཁག་ཅིག་གཏན་འབེབས་གནང་ཡོད་ཀྱང་། མཛད་གཙོ་རྣམ་པ་འཕོ་འགྱུར་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་དེ་ཉིད་ད་རེས་ཀྱང་གཏན་འབེབས་གནང་ཐུབ་མེད། །





